༄༅།།ཨ་མདོའི་མཆོད་རྟེན་དྲིལ་གསིལ་མའི་མཚམས་སྦྱོར་མདོར་བསྡུས།
རྩོམ་པ་པོ།:ཚེ་ལོ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-05-21
ཀློག་གྲངས།:
ཨ་མདོའི་ཆེས་སྔ་གྲས་ཀྱི་རྟེན་རྙིང་བྱིན་རླབས་ཅན་མཆོད་རྟེན་དྲིལ་གསིལ་མ་ནི། མདོ་སྨད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་ལྔ་ཡོད་པའི་ནང་ཚན། ཁྲི་ཀ་གསེར་སྨུག་ལྗོངས་ཞེས་ཡོངས་སུ་གྲགས་པའི་གནས། རྨ་ཀླུང་སྔོན་མོ་གཡས་སུ་འབབ་པའི་ཁུགས་པ་ནོར་བུ་དགའ་འཁྱིལ་ལྟ་བུའི་ས་དབྱིབས་མཛེས་ཤིང་ས་དཔྱད་ལེགས་པ། ཁྲི་ཀའི་རྫ་རྒྱུད་མཐོན་པོ་སྲིན་པོ་རི་བྱ་རྒྱལ་ཁྱུང་གི་དབྱིབས་ཅན་ལ། ཁྱུང་གི་གཤོག་སྟེང་དུ་གྲགས་པའི་མཆོད་རྟེན་སྐེ་ཞེས་བྱ་བ། འཕྲང་དམར་གྲོང་རྡལ་གྱི་མངའ་ཁོངས་རྫོང་མཁར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉེར་བརྒྱད་ཙམ་ཡོད་པའི་སར་བཞུགས་ཡོད།
མདོ་སྨད་ཆོས་འབྱུང་ལས། ཆོས་རྒྱལ་མྱ་ངན་མེད་ཀྱི་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པར་གྲགས་པའི་ནང་ཚན་ཡིན་ལ། འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་གཅིག་ཡོད་ཅེས་ཐར་ཤུལ་དཔོན་སློབ་འདི་བས་གསུངས་ཞེས་ཐོས། ཞེས་མཆོད་རྟེན་འདིའི་ལོ་རྒྱུས་ཐད་དུ་གསུངས་པ་འདི་ལ་གཞིགས་ན། མཆོད་རྟེན་འདི་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་ཡིན་དགོས་པས་དེ་ལྟ་ན། གནས་བསྟན་སྡེ་བའི་ལུགས་ལ། རྒྱལ་བོ་མྱ་ངན་མེད་སངས་རྒྱས་འདས་ནས་ལོ་ཉིས་བརྒྱ་བཅོ་བརྒྱད་པར་རྒྱལ་ཁྲིར་མངའ་གསོལ་ཞེས་སྤྱི་ལོ་སྔོན་གྱི་ལོ༣༢༦ཡས་མས་སུ་སྲིད་ལུགས་བསྐྱངས་པར་འདོད་པས། ཆོས་འབྱུང་མང་བོར་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས། རྒྱལ་བོ་མྱ་ངན་མེད་བྱོན་ལ། དེ་ནི་ཧ་ཅང་གཏུམ་ཞིང་གསོད་གཏུབ་ལ་དགའ་བ་ཞིག་ཡིན་པས། ཉེས་མེད་སེམས་ཅན་མང་བོ་གཡུལ་དུ་དམར་གསོད་བཏང་། ཤར་ལྷོ་ནུབ་གསུམ་གྱི་རྒྱ་མཚོ་ལ་ཐུག་གི་བར་གྱི་འཛམ་གླིང་གི་ས་གཞི་ཐམས་ཅད་དབང་དུ་བསྒྱུར། དུས་ཅིག་ན་དགྲ་བཅོམ་པ་གྲགས་པས་བཏུལ་ནས་སྡིག་བཤགས་སུ། དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་བོ་ཅན་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་ཏེ་འཛམ་གླིང་གི་ས་གཞི་ཐམས་ཅད་བརྒྱན་པར་བྱས། ཞེས་དང་། སྟོན་པའི་སྐུ་གདུང་ཁལ་དྲུག་ཏུ་ཡོད་པ་གནོད་སྦྱིན་གྱི་གྲོགས་ལ་བརྟེན་ནས། ཞག་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་སྙིང་བོ་ཅན་གྱི་མཆོད་རྟེན་བརྒྱད་རྩ་བརྒྱད་བཞེངས་ནས་གྲུབ། ཅེས་གསུངས་པ་དེ་ལྟར་བརྩིས་ན་ད་ལྟའི་བར་ལོ་ཉིས་སྟོང་བཞི་བརྒྱ་ཡས་མས་སོང་ཡོད་ཅིང་། དེ་དུས་མཆོད་རྟེན་འདིའི་མཚན་ལ་མཆོད་རྟེན་དཀར་བོ་ཞེས་འབོད་པར་ངེས་ཏེ། མདོ་སྨད་ཆོས་འབྱུང་ལས། གོང་སྨོས་མཆོད་རྟེན་དཀར་བོ་ཞེས་པ་འདི་ལ་ངོས་འཛིན་དགོས་པས་སོ།། ཡང་མདོ་སྨད་ཆོས་འབྱུང་ལས། མཆོད་རྟེན་དྲིལ་གསིལ་མ་ནི། རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། ཁོ་དད་དེ་བསྙེན་བཀུར་ཞུས་པས། རྣལ་འབྱོར་བའི་དབྱུག་པ་རྟེན་སྐལ་དུ་བཞག དེ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་འདི་བཞེངས། རྣལ་འབྱོར་བ་ཆོས་གཡུང་དྲུང་༼མཉམ་མེད་སྒམ་པོ་བའི་སློབ་མ་༽བྱ་བས་རབ་གནས་མཛད། ཕྱིས་སུ་གུང་རི་མཁའ་འགྲོ་མས་༼གུང་རི་མཁའ་འགྲོ་མ་སྐུ་ཕྲེང་དང་བོ་བློ་བཟང་སྒྲོལ་མ་འདི་བ། རབ་བྱུང་བཅུ་དྲུག་པའི་ནང་འཁྲུངས། རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པའི་གྲུབ་ཐོབ་ཚད་ལྡན་དུ་ཤར་སྐལ་ལྡན་རྒྱ་མཚོས་གསུངས༽ཞིག་གསོ་བགྱིས་ཏེ་སྐུ་དཀར་གསོལ། མཆོད་འབུལ་དང་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་ཞེས་ལི་ཀྱཱ་དབོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་འབྱུང་། ལི་ཀྱཱ་ཞེས་པ་སུམ་པའི་ཆོས་འབྱུང་ལས། ཀྱི་ཀྱཱ་ལི་ཀྱཱ་འབའ་དཔའ་རིས་ཀྱི་ཕྱོགས་སུ་ཧོར་གོ་དན་རྒྱལ་བོའི་བློན་རྒྱུད་ཀྱི་ཀྱཱ་ལི་ཀྱཱ་ཞེས་པའི་དཔོན་ཕྲན་ལུའུ་ཀྱ་ཡང་ཀྱ་ཡིན་པར་གསུངས། ནམ་མཁའ་ནས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པའི་ལོ་རྒྱུས་དང་། དུས་བཟང་རྣམས་སུ་མཆོད་རྟེན་ནང་ནས་དྲིལ་བུའི་སྒྲ་ཡང་ཡང་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས་ཞེས་འབྱུང་བས། དེ་ནས་བཟུང་མཆོད་རྟེན་དྲིལ་གསིལ་མ་ཞེས་མཚན་ཆགས་པར་ངེས་སོ།། ཤར་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ། ཞེས་པ་ལས། མཆོད་རྟེན་དྲིལ་གསིལ་མས་དུས་བཟང་འགའ་རེར་དྲིལ་བུ་བསིལ་བའི་སྒྲ་སྒྲོགས། ཞེས་དང་། སུམ་པའི་ཆོས་འབྱུང་དུ་ཡང་མཆོད་རྟེན་དྲིལ་གསིལ་མར་འབོད་པའི་རྒྱུ་མཚན་འདི་དང་འདྲ་བར་གསུངས་སོ།།
རྒྱ་གར་ཕ་དམ་པས་རྣལ་འབྱོར་དབྱུག་པ་སོགས་རྟེན་སྐལ་མང་དུ་གནང་། ནང་རྟེན་གཙོ་བོ་རྒྱ་གར་ཕ་དམ་པའི་སྦ་དབྱུག་འདི། ལོ་རྒྱུས་རྣམས་སུ། ཕ་དམ་པ་ཁོང་ལ་ཐུགས་རྗེ་ཆེན་པོ་དང་ཨཱརྱ་དེ་བས་ལུང་བསྟན་པ། གྲུབ་ཆེན་བིར་ཝ་བས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་འདུལ་ཆེད་ཕྱག་མཁར་དབྱུག་པ་རེམ་པ་གནང་ཞེས་པའི་རྟེན་ཁྱད་པར་ཅན་དེ་ཡིན་ལ། དེ་ལས་གཞན་སངས་རྒྱས་འོད་སྲུང་གི་འཕེལ་གདུང་། སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་འཕེལ་གདུང་། ཆོས་སྐུའི་རིང་བསྲེལ། གཞན་ཡང་། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་ན་བཟའ་དང་རིང་བསྲེལ། སྐུ་གསུང་ཐུགས་རྟེན་རང་བྱོན་དང་གསུང་བྱོན་མང་བོ་སྟེ། སྲིད་ན་རྙེད་དཀའ་བའི་རྟེན་བྱིན་ཅན་མང་བོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མཆོད་རྟེན་ཁང་བའི་རྣམ་པ་ཅན་དུ་ཞིག་གསོ་ལེགས་པར་མཛད་པ་ནས་ད་ལྟའི་བར་ལོ་ཆིག་སྟོང་ལྷག་སོང་ཡོད། མཆོད་རྟེན་གྱི་མདུན་དུ་རྟེན་རྡོ་ཞིག་བཞུགས་ཡོད་པའི་སྟེང་དུ་གོང་སྨྲས་ལོ་རྒྱུས་གསལ་བོར་བརྐོས་ཡོད། རྟེན་རྡོ་ལེབ་མོ་འདིའི་དཔངས་ལ་ལིའི་རྨིད་༧༡། སྲིད་དུ་ལིའི་རྨིད་༣༥འདུག ངོས་སུ་ཡིག་ཕྲེང་ཉེར་དྲུག་ཡོད་དེ། ད་ལྟའང་བཞུགས་ཡོད། དེ་ཡང་ལྷ་དཀར་བོ། མཆོད་རྟེན་དཀར་བོའམ་མཆོད་རྟེན་དྲིལ་གསིལ་མ། ཇོ་ཇོ་ལྷ་ཁང་། ཐུགས་རྗེ་ཆེན་པོ་རང་བྱོན་བཞི་ལ་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིར་གྲགས་ཞེས་མདོ་སྨད་ཆོས་འབྱུང་ན་གསལ།
ཕྱིས་སུ་དགྲའི་གནོད་པས་མ་ཐར་ཏེ་ཀླུ་ལ་གཏད་ནས་ཀླུས་བདག་གིར་བྱས་ཡོད་པས་དབྱར་དུས། སྐབས་སྐབས་སུ་མཆོད་རྟེན་གྱི་སྟེང་དུ་སྦྲུལ་གྱིས་ཁེབས་ནས་ཡོད་ཟེར། ཕྱིས་སུ་སྐུ་ཕྱོགས་སྒོ་མང་སྐུ་ཕྲེང་བཞི་བ་དགེ་འདུན་བསྟན་པ་དར་རྒྱས་ཚང་གིས་སྦྲུལ་རྣམས་མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་གནས་སྤར་ཏེ། རྡེའུ་འབུམ་བཞེངས་པ་ད་ལྟའང་ཡོད། གློ་བུར་གྱི་གཟེར་དང་གདོན་ནད། རིམས་སོགས་ལ་མཆོད་རྟེན་ཉེ་འདབ་ཀྱི་ས་བླངས་ཏེ་བྱུགས་པ་དང་འཐུང་ན་མྱུར་དུ་ཕན་པ། ཡུལ་མི་ཀུན་ལ་མངོན་སུམ་མྱོང་བས་གྲུབ། སྨན་པས་བོར་བའི་ནད་པ་མང་བོས་མཆོད་རྟེན་ལ་ཕྱག་སྐོར་བྱས་ནས་ནད་སངས་དྲག་ཏུ་སོང་བ་དང་འགྲོ་བཞིན་པ་ཤིན་ཏུ་མང་། རྟ་དྲེལ་ལ་ཨོལ་འཆམ་བྱུང་ན་བསྐོར་བར་འཁྲིད་པ་ཙམ་གྱིས་དྭངས་འགྲོ་བ་ཡོངས་སུ་གྲགས། ད་ལྟའང་མཆོད་རྟེན་གྱི་འདབས་ནས་སའི་རྟེན་སྐལ་ལེན་མཁན་དང་བསྐོར་བ་བྱེད་མཁན་རྒྱུན་ཆད་མེད། ༡༩༥༡ལོར། སྐུ་ཕྱོགས་སྒོ་མང་སྐུ་ཕྲེང་ལྔ་བ་འཇིགས་མེད་མཁས་མཆོག་རྒྱ་མཚོ་དང་རེབ་གོང་སྐུ་ཕྱོགས་ཆེན་མོ་ཨ་རོལ་ལུང་རིགས་རྒྱ་མཚོ་གཉིས་ཀྱིས་ཞིག་གསོ་བྱེད་རྩིས་བྱས་ཀྱང་རྐྱེན་དུ་མའི་དབང་གིས་འགྲུབ་མ་ཐུབ། སྤྱི་ལོ1980ཚུན་ཆད་ནས་ལྷ་སྡེ་ཨ་ཁུ་ཀུན་བཟང་ཚང་དང་། ཨ་ལགས་སྔགས་རམས་པ་ངག་དབང་འཇམ་དབྱངས་རྒྱ་མཚོ་ཚང་། ཨ་ལགས་བིས་ཀྱཱ་བློ་བཟང་དགེ་འདུན་རྒྱ་མཚོ་ཚང་སོགས་ཁྲི་ཀའི་ཕྱོགས་ཀྱི་བླ་སྤྲུལ་དང་དགེ་བཤེས་མང་བོས་མཆོད་རྟེན་འདི་ཉིད་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་མཆོད་རྟེན་མཆོག་ཅིག་ཡིན་པས། ད་ལྟ་བསྐྱར་བཞེངས་བྱེད་མ་ནུས་པ་ནི་ཤིན་ཏུ་ནས་ཕངས་སོ་ཞེས་ཡང་ཡང་གསུངས་པ་དང་། ལྷག་པར་དུ་ཉེ་བའི་ཆར་རོང་བོ་ཤར་སྐལ་ལྡན་བསྟན་འཛིན་འཇིགས་མེད་ཚང་ནས་ཀྱང་མཆོད་རྟེན་འདི་མདོ་སྨད་ཡུལ་ཁམས་ཀྱི་རྟེན་ཁྱད་པར་ཅན་ཡིན་ཞིང་། འདི་བཞེངས་ཐུབ་ན་ཧ་ཅང་ལེགས། ངེད་ནས་ཀྱང་རོགས་གང་ཐུབ་བྱེད་བཅས་གསུངས་པར་མ་ཟད། ཞལ་འདེབས་ཀྱང་གནང་། ས་ཕྱོགས་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱིས་ཤུགས་ཆེན་པོའི་རེ་བ་དང་དགོས་མཁོ་ཆེ་བའི་འབོད་སྐུལ་རྒྱུན་མི་ཆད་པ་དང་། གཏེར་ཁ་སློག་པའི་ལག་རྩལ་མཐོ་བའི་རྐུན་མ་ལོ་སྔ་ཕྱིར་ཐེངས་གསུམ་ལ་བྱུང་ཡང་། ཡུལ་མི་ཚོས་ཤེས་ནས་གནོད་སྐྱོན་མ་ཤོར་བ་སོགས་ཀྱི་རྐྱེན་ལ་བརྟེན་ནས། མདོ་སྨད་ཡུལ་གྱི་རྟེན་གྱི་ཐོག་མ་རིན་ཐང་བྲལ་བའི་རྟེན་རྙིང་ཁྱད་པར་ཅན་འདི་སྲུང་སྐྱོབ་བྱས་ཏེ། རྒྱལ་བསྟན་དར་བ་དང་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་ཡུན་རིང་བཞུགས་པ་བཅས་དགོས་པ་དུ་མའི་ཆེད་དུ།༢༠༡༤ལོའི་ཧོར་ཟླ་༡དང་བོའི་ཚེས་བཅུ་གསུམ་སྟེ། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན། སྐུ་ཕྱོགས་སྒོ་མང་སྐུ་ཕྲེང་དྲུག་པ་བློ་བཟང་འོད་ཟེར་རྒྱ་མཚོ་དང་། གཤོང་སྨོན་ཆེ་སྐུ་ཕྲེང་བཞི་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་མཆོད་རྟེན་མདུན་དུ་ཞལ་འཛོམས་ཏེ། ཁོང་རྣམ་པ་གཉིས་ཀྱིས་དབུ་ཁྲིད་དེ་མཆོད་རྟེན་ཞིག་གསོ་བདག་སྐྱོང་གི་གྲ་སྒྲིག་ཞལ་བཀོད་གནང་ཞིང་། དགོན་གསར་དགོན་པའི་ཀྲུའུ་རིན་དགེ་སློང་བསོད་ནམས་རྒྱ་མཚོ་འགན་འཁུར་བར་བསྐོས། ༢༠༡༧ཧོར་ཟླ ༥ ཚེས ༡༣ ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་ཀྱི་སྲས་མཆོག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་མཆོད་རྟེན་དྲིལ་གསིལ་མ་འདིའི་མདུན་སར་ཞབས་ཀྱིས་བཅགས་ཏེ། བྱིན་རླབས་ཀྱི་མེ་ཏོག་འཐོར་བར་མ་ཟད། རྟེན་རྙིང་ཁྱད་པར་ཅན་འདི་འདྲ་ཡ་མཚན་ཆེ། འདི་ཞིག་གསོ་བྱས་ན་སེམས་ཅན་རྣམས་ལ་ཕན་ཆེན་པོ་ཐོགས་རྒྱུ་རེད།ཅེ ས་དྲང་སྲོང་བདེན་པའི་བཀའ་གསུང་བསྩལ་ཏོ།། ༢༠༡༧ལོ་ནས་ཞིག་གསོའི་ལས་ཀ་དངོས་སུ་འགོ་ཚུགས་ཡོད།ད་ལྟའི་མཆོད་རྟེན་གྱི་ཁྲི་ནས་གཞལ་བའི་སྐོར་ལམ་ལ་མུས་༡༣༦ཡོད། མཐའ་སྐོར་གྱི་ལྕགས་རིའི་རིང་ཚད་ལ་མུས་༤༦༨ཡོད། དེ་ལྟར་ཨ་མདོ་མཆོད་རྟེན་དྲིལ་གསིལ་མར་གྲགས་པའི་རྟེན་རྙིང་བྱིན་རླབས་ཅན་འདིའི། གོང་སྨྲོས་ནང་རྟེན་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་སྲིད་ན་དཀོན་པ་རྣམས་ལ། ད་ལྟའི་བར་གནོད་སྐྱོན་ཅི་ཡང་མ་ཐེབས་པར་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞུགས་བཞིན་པ་ལགས་སོ།།
ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ། ཞེས་པ་འདི་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་(༡༦༠༧—༡༦༧༧)གསུང་འབུམ་པོད་དང་བོ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ། p341—355﹚ལས་ཁོལ་ཏུ་ཕྱུང་བའོ། །ཞེས་པར་གསལ།
བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་སྤྱི་ལོ་༡༨༦༥ལོར་བརྩམས་པའི་མདོ་སྨད་ཆོས་འབྱུང་།
བླ་བྲང་ཤིང་པར་གཞིར་བཟུང་སྟེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོར་པར་དུ་བསྐྲུན།P303
དུང་དཀར་ཚིག་མཛོད།
སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་པོད་གསུམ་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་ཤོག་ངོས P102
ཆོས་ཀྱི་སེང་གེ་དང་གང་པ་གཉིས་ཀྱིས་བརྩམས་པའི་ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར།
རྟ་ཚག་ཚེ་རིང་རྒྱལ་གྱི་ལྷོ་རོང་ཆོས་འབྱུང་༡༩༩༤ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གིས་བསྐྲུན། P༢༢༢
གུང་རི་མཁའ་འགྲོ་མའི་རྣམ་ཐར།
མཆོད་རྟེན་དྲིལ་གསིལ་མའི་རྟེན་རྡོའི་ཡི་གེ

ཞེས་ཨ་མདོ་མཆོད་རྟེན་དྲིལ་གསིལ་མ་ཞིག་གསོ་སྲུང་སྐྱོབ་ཚོ་ཆུང་ནས་སྤྱི་ལོ་༢༠༡༧ལོའི་ཧོར་ཟླ༡༠ཡར་ཚེས་ལ་བྲིས།
དཔྱད་གཞིའི་ཡིག་ཆ།ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་པ། ཞེས་པ་འདི་ནི་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་(༡༦༠༧—༡༦༧༧)གསུང་འབུམ་པོད་དང་བོ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999ལོ། p341—355﹚ལས་ཁོལ་ཏུ་ཕྱུང་བའོ། །ཞེས་པར་གསལ།
བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་སྤྱི་ལོ་༡༨༦༥ལོར་བརྩམས་པའི་མདོ་སྨད་ཆོས་འབྱུང་།
བླ་བྲང་ཤིང་པར་གཞིར་བཟུང་སྟེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོར་པར་དུ་བསྐྲུན།P303
དུང་དཀར་ཚིག་མཛོད།
སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་པོད་གསུམ་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་ཤོག་ངོས P102
ཆོས་ཀྱི་སེང་གེ་དང་གང་པ་གཉིས་ཀྱིས་བརྩམས་པའི་ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར།
རྟ་ཚག་ཚེ་རིང་རྒྱལ་གྱི་ལྷོ་རོང་ཆོས་འབྱུང་༡༩༩༤ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་བསྐྲུན་ཁང་གིས་བསྐྲུན། P༢༢༢
གུང་རི་མཁའ་འགྲོ་མའི་རྣམ་ཐར།
མཆོད་རྟེན་དྲིལ་གསིལ་མའི་རྟེན་རྡོའི་ཡི་གེ
འབྲེལ་ཡོད་འོས་སྦྱོར།