མདུན་ལེགས་མའི་ས་བཅད་བསྡུས་དོན་བཞུགས་སོ། །
རྩོམ་པ་པོ།:དྷརྨ་བྷ་དྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-12-26
ཀློག་གྲངས།:
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དེ་ཡང་རྗེ་རིན་པོ་ཆེའི་རྟོགས་བརྗོད་འདུན་ལེགས་མ་འཆད་པ་ལ་གསུམ། རྟོགས་བརྗོད་རྩོམ་པ་ལ་འཇུག་པའི་ཡན་ལག་མཆོད་བརྗོད་བཤད་པ། རྟོགས་བརྗོད་ཀྱི་ལུས་དངོས་བཤད་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་བཤད་པའོ། ། དང་པོ་ལ་གཉིས། ༡ ཤིས་པ་བརྗོད་པ་དང༌། བསྟོད་ཕྱག་མཛད་པའོ། ། གཉིས་པ་རྟོགས་བརྗོད་ཀྱི་ལུས་དངོས་བཤད་པ་ལ་གཉིས། ཉིད་ཀྱི་ཐུགས་ལ་གྲོས་འདེབས་པའི་ཚུལ་གྱིས་དགོས་པ་འཆད་པ་དང༌། རྟོགས་བརྗོད་དངོས་འཆད་པའོ། ། གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། ། གཉིས་པ་ལ་གསུམ། མདོ་སྔགས་སོ་སོ་ལ་ཐོས་པ་བཙལ་ཚུལ། གཞུང་ལུགས་གདམས་པར་ཤར་ཚུལ། གདམས་པར་ཤར་ནས་ཉམས་སུ་བླངས་ཚུལ་ལོ། ། དང་པོ་ལ་གཉིས། ཐོས་པའི་སྐབས་དངོས་དང༌། སྐབས་དེ་བཤད་ཟིན་པར་བསྟན་པའོ། ། དང་པོ་ལ་གཉིས། ཐོས་པ་འཚོལ་དགོས་པའི་རྒྱུ་མཚན་དང༌། མང་དུ་ཐོས་པ་བཙལ་ཚུལ་དངོས་སོ། ། གཉིས་པ་ལ་གཉིས། རྒྱུ་ཕར་ཕྱིན་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་མང་དུ་ཐོས་ཚུལ་ལོ། ། དང་པོ་ལ་གཉིས། བྱམས་ཆོས་དང༌། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་སྤྱི་ལ་སྦྱངས་ཚུལ་དང༌། བྱེ་བྲག་ཏུ་ཚད་མ་དང་དབུ་མ་ལ་སྦྱངས་ཚུལ་ལོ། ། གཉིས་པ་ལ་གཉིས། ཚད་མ་ལ་སྦྱངས་ཚུལ་དང༌། དབུ་མ་ལ་སྦྱངས་ཚུལ་ལོ། ། གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པ་མང་དུ་ཐོས་ཚུལ་ལ་གཉིས། རྡོ་རྗེ་ཐེག་པ་ལ་དོན་གཉེར་མེད་པ་བླུན་པར་བསྟན་པ་དང༌། རང་ཉིད་ཀྱིས་ཇི་ལྟར་དོན་གཉེར་ཆེན་པོས་ཐོས་པ་བཙལ་ཚུལ་ལོ། ། གཉིས་པ་ལ་གཉིས། སྤྱིར་བཙལ་ཚུལ་དང༌། སོ་སོར་བཙལ་ཚུལ་ལོ། ། གཉིས་པ་ལ་བཞི། བྱ་བའི་རྒྱུད་མང་དུ་ཐོས་ཚུལ། སྤྱོད་རྒྱུད་ལ་སྦྱངས་ཚུལ། རྣལ་འབྱོར་རྒྱུད་ལ་སྦྱངས་ཚུལ། རྣལ་འབྱོར་བླ་མེད་ལ་སྦྱངས་ཚུལ་ལོ། ། གཉིས་པ་གཞུང་ལུགས་གདམས་པར་ཤར་ཚུལ་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། ༡་སྐབས་དེ་བཤད་ཟིན་པར་བསྟན་པའོ། ། གཉིས་པ་ལ་གཉིས། མདོ་ཕྱོགས་ཀྱི་གཞུང་གདམས་པར་ཤར་ཚུལ་དང༌། སྔགས་ཕྱོགས་ཀྱི་གཞུང་གདམས་པར་ཤར་ཚུལ་ལོ། ། དང་པོ་ལ་བཞི། ། ཕར་ཕྱིན། ཚད་མ། བྱམས་ཆོས་གཞན། དབུ་མ་གདམས་པར་ཤར་ཚུལ་ལོ། ། གཉིས་པ་སྔགས་ཕྱོགས་ཀྱི་གཞུང་གདམས་པར་ཤར་ཚུལ་ལ་གསུམ། བྱ་སྤྱོད་དང༌། རྣལ་འབྱོར་རྒྱུད་དང༌། བླ་མེད་གདམས་པར་ཤར་ཚུལ་ལོ། ། གསུམ་པ་ལ་གསུམ། གསང་འདུས་གདམས་པར་ཤར་ཚུལ། དེ་ལ་བརྟེན་ནས་བླ་མེད་གཞན་གདམས་པར་ཤར་ཚུལ། ། དེ༤་དག་འདིར་རྒྱས་བར་མ་བཤད་པའི་ཚུལ་ལོ། ། དང་པོ་ལ་གསུམ། རྒྱུད་དེའི་ཆེ་བ་བརྗོད་པ། རྒྱུད་དོན་ཤིན་ཏུ་ཟབ་པ་རྟོགས་པའི་མན་ངག་ངོས་བཟུང་བ། དེ་ལ་བརྟེན་ནས་རྒྱུད་གདམས་པར་ཤར་ཚུལ་དངོས་སོ། ། གསུམ་པ་གདམས་པར་ཤར་ནས་ཉམས་སུ་བླང་ཚུལ་ལ་གསུམ། ཉམས་སུ་བླངས་ཚུལ་དངོས། དགེ་རྩ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་བསྔོས་ཚུལ། སྐབས་དེ་བཤད་ཟིན་པར་བསྟན་པའོ། ། གསུམ་བརྩོམ་པ་མཐར་ཕྱིན་པའི་བྱ་བ་བཤད་པ་ལ་བཞི། རྟོགས་བརྗོད་བརྩམས་པའི་དགོས་པ་བསྟན་པའི་སྒོ་ནས་དོན་བསྡུ་བ། རྟོགས་བརྗོད་བརྩམས་པའི་དགེ་བ་བསྔོ་བ། གང་ཟག་གང་གིས་གནས་གང་དུ་བརྩམས་པ། རྟོགས་བརྗོད་འདིས་ཀྱང་བསྟན་པའི་བྱ་བ་རྒྱ་ཆེན་པོ་བྱེད་པར་བསྔོ་བའོ། ། ཞེས་པ་འདི་ནི༧་རྗེ་བཙུན་ངག་དབང་བྱམས་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་དགེ་སློང་དྷརྨ་བྷ་དྲས་བྲིས།
འབྲེལ་ཡོད་འོས་སྦྱོར།