མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-08-03
ཀློག་གྲངས།:
སྤྱིར་མི་དགེ་བ་མང་ན་ཡང་དེ་ལས་ཕྱོགས་ཆེ་བ་བསྡུས་ནས་མི་དགེ་བ་བཅུ་སྟེ། དེ་དག་སྤོང་བའི་ཚུལ་ཁྲིམས་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས ་ཟེར། མི་དགེ་བ་བཅུ་ནི་སྲོག་གཅོད་པ་དང་། མ་བྱིན་ལེན། ལོག་གཡེམ་སྟེ་ལུས་ཀྱི་ལས་ལམ་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་སྟེ་ངག་གི་ལས་ལམ་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་ལམ་གསུམ། དེ་དག་ལས་ཡིད་ཀྱི་ལས་ལམ་གསུམ་ལས་མིན་ཡང་ལས་གསག་པའི་གཞི་ཡིན་པས་ལས་ལམ་ཟེར་ཏེ་བསྡོམས་པས་བཅུ་ཡོད།
སྲོག་གཅོད་ནི་སྲོག་དང་ལྡན་པའི་སེམས་ཅན་གཞན་གསོད་པ་སྟེ། སྲོག་གཅོད་ནི་ཡན་ལག་ལྔ་དང་ལྡན། གཞི་རང་དང་ཐ་དད་པའི་སེམས་ཅན། རང་སྲོག་གཅོད་པ་ལ་སྦྱོར་བའི་སྡིག་པ་ཡོད་ཀྱང་མཐར་ཐུག་གི་སྡིག་པ་མི་འབྱུང་། བསམ་པ་དེ་ཡིན་པར་འདུ་ཤེས་ཤིང་མ་འཁྲུལ་བ། སྦྱོར་བ་ནི་དུག་དང་སྨན་རིག་སྔགས་གཡོ་སྒྱུ་དེ་དག་གི་གྲོས་སུ་ཚུད་པ་སོགས་ཀྱིས་རང་གིས་གསོད་པའམ་གཞན་ལ་གསད་དུ་འཇུག་པའོ། །ཉོན་མོངས་ནི་དུག་གསུམ་ཡོད་དེ་དཔེར་ན་ཤ་ཟ་འདོད་ཀྱིས་སྲོག་གཅོད་པ་འདོད་ཆགས་དང་། འཁོན་ཞུགས་ནས་སྲོག་གཅོད་པ་ཞེ་སྡང་། ཕྱུགས་བསད་ནས་མཆོད་ན་དགེ་བ་འབྱུང་སྙམ་ནས་བསད་ན་གཏི་མུག་གི་སྒོ་ནས་སྲོག་གཅོད་པ་ཡིན་ནོ། །མཐར་ཐུག་ནི་གསད་བྱ་དེ་རང་ཉིད་མ་ཤི་བའི་སྔོན་དུ་ཤི་བ་སྟེ་རང་དང་མཉམ་དུ་ཤི་བའམ་རང་སྔོན་དུ་ཤི་བ་ལ་དངོས་གཞི་མི་འབྱུང་། སྲོག་གཅོད་ཀྱི་ནང་ནས་དགྲ་བཅོམ་པ་དང་རང་གི་བླ་མ། ཕ་མ། རབ་བྱུང་བ་སོགས་བསད་ན་སྡིག་པ་ལྕི་ལ་མི་བརྒྱས་མི་གཅིག་བསད་ནའང་མི་རེ་རེ་ལ་སྡིག་པ་རེ་འབྱུང་ངོ་། །
མ་བྱིན་ལེན་ནི། གཞན་གྱིས་བདག་ཏུ་བཟུང་བའི་རྫས་མ་བྱིན་པར་འཕྲོག་པའམ་གཡོ་ཐབས་ཀྱིས་འཕྲོག་སྟེ་ལེན་པ་འདི་ལ་ཡན་ལག་གམ་ཆ་རྐྱེན་གསུམ་ཚང་སྟེ། གཞི་ནི་གཞན་གྱིས་བདག་ཏུ་བཟུང་བའི་རྫས་དང་། སྦྱོར་བ་ནི་རང་གི་བྱེད་པའམ་ཡང་ན་གཞན་ལ་བྱེད་དུ་འཇུག་པ། ཉོན་མོངས་དུག་གསུམ་སྤྱི་དང་ཁྱད་པར་དུ་འདོད་ཆགས་གཙོ་ཆེ། མཐར་ཐུག་ནི་རྫས་དེ་དག་སྦྱོར་བ་དེའི་སྒོ་ནས་རང་ལ་འཐོབ་པའི་བློ་སྐྱེས་པའོ། །མ་བྱིན་ལེན་ལས་དཀོན་མཆོག་གི་རྫས་རྐུ་བར་ཉེས་པ་ཤིན་ཏུ་ཆེ་བ་ལ། རང་གིས་གཞན་ལ་རྐུ་བར་བཅུག་པ་ལ་རྐུ་མཁན་དེ་ལ་ཐོབ་བློ་སྐྱེས་པས་མ་བྱིན་པར་ལེན་པའོ། །
ལོག་གཡེམ་ནི་ཚུལ་དང་མི་མཐུན་པར་ལོག་པར་འདོད་པ་སྤྱད་པ་སྟེ། དཔེར་ན་རང་གི་ཆུང་མ་ལ་སྤྱོད་པ་ལོག་གཡེམ་དུ་མི་འགྲོ འདི་ལ་ཡན་ལག་ལྔ་ཡོད་དེ། དང་བོ། གཞི་ནི་བགྲོད་བྱ་མིན་པའི་བུད་མེད་དང་སྐྱེས་པ་ལ་སོགས་པའོ། །བགྲོད་བྱ་མིན་པའི་བུད་མེད་ནི། རིགས་ཀྱིས་སྲུང་བའི་མ་དང་སྲིང་མོ། བདུན་བརྒྱུད་ཚུན་གྱི་ཉེ་དུ། བག་མར་མ་སོང་བའི་བུ་མོ། བདག་པོས་སྲུང་བ་གཞན་གྱི་ཆུང་མ། ཆོས་ཀྱིས་སྲུང་བ་སྡོམ་པ་སྲུང་བའི་བུད་མེད་དང་དགེ་བསྙེན་དང་རབ་བྱུང་མ། དགེ་ཚུལ་མ་ལྟ་བུའོ། །གཉིས་པ་ཡན་ལག་ནི་མངལ་སྒོ་མ་གཏོགས་ཁ་དང་བཤང་ལམ། བྱིན་པ། བརླ་དང་། རང་གི་ལག་པ། གསུམ་པ་གནས་མིན་པ་ནི་རྟེན་དྲུང་དང་མཁན་པོ་དང་སློབ་དཔོན་གྱི་ཉེ་འཁོར། སྐྱེ་བོ་མང་བོའི་མངོན་སུམ་སོགས་སོ། །བཞི་བ་དུས་མིན་པ་ནི་རང་གི་ཆུང་མ་ཡིན་རུང་། ཟླ་མཚན་འཛག་པ་དང་ཟླ་བ་ཚང་བའི་སྦྲུམ་མ། ནུ་ཞོ་འཐུང་བའི་བུ་ཆུང་དང་བཅས་པ། བསྙེན་གནས་ཀྱི་སྡོམ་པར་གནས་པའམ། འཁྲིག་པ་སྤྱོད་དུ་མི་རུང་བའི་ནད་དང་ལྡན་པ། ཚོད་ལས་ལྷག་པ། ཕ་རོལ་པོ་མི་མོས་པ། སྡུག་བསྔལ་བའི་སྐབས། ཉིན་མོ་སོགས་སོ། །ལྔ་བ་ཉོན་མོངས་དུག་གསུམ། ཀུན་སློང་བསམ་པ་ལ་གསུམ་ལས། འདུ་ཤེས་མ་འཁྲུལ་བ་དང་མི་ཚངས་སྤྱོད་འདོད་བཅས་དགོས་ཤིང་མཐར་ཐུག་ནི་དབང་བོ་གཉིས་སྦྱར་ཏེ་བདེ་བ་མྱངས་པ་ན་ཡིན་ལ། འདི་དག་ནི་སྐྱེས་པ་གཙོ་བོར་བཤད་པ་ཡིན་ལ་བུད་མེད་ལའང་དེ་བཞིན་སྦྱོར་བར་བྱའོ། །གཞན་གྱིས་གླ་བྱིན་པའི་སྨད་འཚོང་ལ་སྤྱད་ན་ལོག་གཡེམ་དུ་འགྱུར་ལ་རང་གིས་གླ་བྱིན་པར་སྤྱད་ན་ལོག་གཡེམ་དུ་མི་འགྱུར།
རྫུན་དུ་སྨྲ་བའི་གཞི་ནི་སྨྲ་བའི་ཡུལ་ཕ་རོལ་པོ་སྨྲ་ཤེས་ཤིང་ཤེས་པ་རང་བཞིན་དུ་གནས་པ་ལ་མ་མཐོང་བར་སྨྲ་འདོད་ཀྱི་ཀུན་སློང་དུག་གསུམ་གང་རུང་གིས་སྨྲ་བའམ། ཅང་མི་སྨྲ་བས་དང་དུ་ལེན་པ། ལུས་ཀྱི་རྣམ་འགྱུར་གྱིས་བརྡ་སྟོན་པ་སོགས་ཀྱང་རྫུན་དུ་འགྲོ་ལ་དགོས་པ་རང་གཞན་སུའི་དོན་དུ་བྱས་ཀྱང་འདྲའོ། །མཐར་ཐུག་ནི་ཕ་རོལ་པས་དོན་གོ་བ་ན་འབྱུང་ངོ་། །འདི་ལ་དབྱེ་ན། རང་ལ་ཡོན་ཏན་གོང་མ་མ་ཐོབ་པ་ལ་ཐོབ་པར་སྨྲ་བ་ལྟ་བུ་མི་ཆོས་བླ་མའི་རྫུན་དང་། རང་གཞན་ལ་གནོད་པ་ཆེན་པོ་སྐྱེལ་བའི་རྫུན་ཆེན་པོ། ཕན་གནོད་མེད་པའི་རྫུན་ཕྲ་མོ་གསུམ་ཡོད། རྫུན་གྱི་ནང་ནས་སངས་རྒྱས་ལ་སྐུར་བ་བཏབ་པ་དང་སློབ་དཔོན་དང་ཕ་མ་ལ་དབུ་གཡོག་པ་སྡིག་པ་ཤིན་ཏུ་ཆེ།
ཕྲ་མ་ནི་གཞི་ཕ་རོལ་པོ་མཐུན་པ། བསམ་པ་དེ་གཉིས་མི་མཐུན་པའམ་དབྱེ་བར་འདོད་པའམ། མི་མཐུན་པ་ལ་འདུམ་པར་རྩོམ་པ་སླར་མི་བསྡུམ་པའི་བསམ་སྦྱོར་བྱེད་པ། དེ་ལ་དབྱེ་ན། མཛའ་བ་དངོས་སུ་འབྱེད་པ་ལྟ་བུ་བཙན་ཕྲ། གཞོགས་སློང་བྱེད་དེ་དབྱེ་བ་ལྟ་བུ་གཞོགས་ཕྲ། ལྐོག་ཏུ་དབྱེན་བྱེད་པ་ལྟ་བུ་ལྐོག་ཕྲ་སྟེ་གསུམ། ཕྲ་མའི་ནང་ནས་བླ་སློབ་དང་དགེ་འདུན་ལ་ཕྲ་མ་བྱེད་པ་སྡིག་པ་ཤིན་ཏུ་ཆེ།
ཚིག་རྩུབ་ནི་ཀུན་ནས་མནར་སེམས་སྐྱེ་བའི་གཞིར་གྱུར་པའི་སེམས་ཅན་ཡིན་ལ། སྦྱོར་བ་བདེན་མི་བདེན་གང་ཡིན་གྱི་རིགས་སམ་ལུས་དང་ཀུན་སྤྱོད་ཀྱི་སྐྱོན་ལས་བརྩམས་ཏེ་ཀུན་སློང་ཉོན་མོངས་དུག་གསུམ་དང་ཁྱད་པར་དུ་ཞེ་སྡང་གི་དབང་གིས་སྨྲས་པའོ། །དེ་ལ་དབྱེ་ན། གཞན་ལ་དངོས་སུ་ངན་མཚང་སྨྲ་བ་ལྟ་བུ་ངོར་རྩུབ་པ། ཀྱལ་ཀ་དང་བསྲེས་ནས་གཞན་ལ་ཚིག་རྩུབ་སྨྲ་བ་ལྟ་བུ་གཞོགས་ཏེ་རྩུབ་པ། གཞན་གྱི་དེའི་མཛའ་བོ་སོགས་ལ་ངན་མཚང་སྨྲ་བ་ལྟ་བུ་བརྒྱུད་ནས་རྩུབ་པ་དང་གསུམ། ཚིག་རྩུབ་ཀྱི་ནང་ནས་ཕ་མ་དང་འཕགས་པ་ལ་ཚིག་རྩུབ་སྨྲ་བ་སྡིག་པ་ཆེ།
ངག་བཀྱལ་ནི་ངག་འཁྱལ་བ་སྟེ་དོན་མེད་པའི་ངག་གོ ། ཉོན་མོངས་དུག་གསུམ་དང་ཁྱད་པར་གཏི་མུག་གི་དབང་གིས་མ་འབྲེལ་བའི་བྱུང་རྒྱལ་སྨྲར་འདོད་ནས་སྨྲས་པ་སྟེ་མཐར་ཐུག་གི་ངག་བཀྱལ་སྨྲས་པ་ན་འབྱུང་ངོ་། །དེ་ཡང་གཡུལ་དང་རྩོད་པ། རྩེ་དགའ། རྒྱལ་བོ་དང་ཆོམ་རྐུན་གྱི་གཏམ་སོགས་དང་ཕྱི་རོལ་པའི་བསྟན་བཅོས་ཀློག་པ་སོགས་སོ། །དེ་ལ་དབྱེ་ན། མུ་སྟེགས་ཀྱི་གཏམ་བརྗོད་སོགས་ལོག་པའི་ངག་བཀྱལ། བྲེ་མོའི་གཏམ་ལྟ་བུ་འཇིག་པའི་ངག་བཀྱལ། སྣོད་མིན་ལ་ཆོས་འཆད་པ་ལྟ་བུ་བདེན་པའི་ངག་བཀྱལ། ངག་བཀྱལ་གྱི་ནང་ནས་ཆོས་ཁོ་ན་དོན་དུ་གཉེར་བ་རྣམས་གཡེང་བར་བྱེད་པ་སྡིག་པ་ཆེ།
བརྣབ་སེམས་ནི་ཆགས་སེམས་དང་ལྡན་པ་སྟེ་གཞན་གྱི་ནོར་དང་ཡོ་བྱད་སོགས་སེམས་པ་གཞན་གྱི་དེར་ཤེས་བཞིན་དུ་ཉོན་མོངས་དུག་གསུམ་གང་རུང་དང་ཁྱད་པར་འདོད་ཆགས་ཀྱིས་ཀུན་སློང་བདག་ཏུ་བྱ་བར་འདོད་པའོ། །སྦྱོར་བ་ནི་དེ་ཡང་ཡང་སེམས་པ། མཐར་ཐུག་ནི་ལས་དེ་ཡང་དང་ཡང་དུ་བྱེད་ཅིང་ཁྲེལ་དང་ངོ་ཚ་དོར་ནས་གཉེན་པོ་མ་བསྟེན་པའོ། །བརྣབ་སེམས་ཡོངས་སུ་རྫོགས་པ་ལ་ཁྱད་པར་ལྔ་ཚང་དགོས་ཏེ། རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་པ་དང་། ལོངས་སྤྱོད་གསག་པར་འདོད་པའི་བརྐམ་ཆགས། གཞན་ནོར་ལ་བཟང་བོར་འཛིན་ཅིང་དེར་རོ་མྱང་བར་འདོད་པའི་ཆགས་པ། བརྣབ་སེམས་དེས་ངོ་ཚ་མེད་ཅིང་ཉེས་དམིགས་ལས་མི་ལྡོག་པ་སྟེ་དེ་ལྔ་བོ་གང་རུང་ཞིག་མ་ཚང་ན་བརྣབ་སེམས་མཚན་ཉིད་མ་རྫོགས་སོ། ། དེ་ལ་དབྱེ་ན། རང་གི་ཆོ་འབྲང་དང་རིགས་རུས་ལ་ཞེན་པ་ལྟ་བུ་བདག་གི་བ་སྟེ་བདག་གི་དངོས་པོ་ལ་བརྣབ་སེམས་པ། ཕ་རོལ་པོའི་ཕུན་ཚོགས་ལ་ཆགས་པ་ལྟ་བུ་གཞན་གྱི་བ་ལ་བརྣབ་སེམས་པ། ས་འོག་གིས་གཏེར་ཁ་ལ་སྨོན་པ་ལྟ་བུ་གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་པ་སྟེ་གསུམ་ཡོད། བརྣབ་སེམས་ཀྱི་ནང་ནས་སྤོང་བ་བོའི་རྙེད་པ་ལ་བརྣབ་སེམས་པ་ལ་སྡིག་པ་ཆེ།
གནོད་སེམས་ནི། ཀུན་ནས་མནར་སེམས་པའི་གཞིའི་སེམས་ཅན་ལ་དམིགས་ནས་སྦྱོར་བ་བདེན་མི་བདེན་གང་ཡིན་གྱི་རིགས་སམ་ལུས་དང་ཀུན་སྤྱོད་ལས་ བརྩམས་ཏེ་ཉོན་མོངས་དུག་གསུམ་དང་ཁྱད་པར་ཞེ་སྡང་གི་དབང་གིས་འབྱུང་ལ། ཀུན་སློང་ནི་རྡེག་པ་དང་། གསད་པ། བཅིངས་པ། ལོངས་སྤྱོད་རྒུད་ན་ཅི་མ་རུང་སྙམ་པའོ། །མཐར་ཐུག་ནི་རྡེག་པ་སོགས་བྱ་བར་ངེས་པའམ་ཐག་བཅད་པ། འདི་རྫོགས་པ་ལའང་ལྔ་ཚང་དགོས། གནོད་སེམས་ཀྱི་རྒྱུ་ལ་ཞེ་སྡང་དང་། གནོད་བྱེད་ལ་མི་བཟོད་པ། ཡང་ཡང་དུ་ཁོང་ཁྲོའི་རྒྱུ་ཡིད་ལ་དྲན་པའི་འཁོན་འཛིན། རྡེག་པ་དང་གསད་ན་ཅི་མ་རུང་སྙམ་པའི་འཁུ་བའི་སེམས། གནོད་སེམས་བསྐྱེད་པ་ངོ་ཚ་མེད་ཅིང་ཉེས་དམིགས་ལས་འབྱུང་བ་མི་ཤེས་པས་ཟིལ་གྱིས་གནོན་པའི་སེམས་ཏེ་ལྔའོ། ། དབྱེ་ན། གཡུལ་ངོ་སོགས་གཞན་གསོད་སེམས་ལྟ་བུ་ཞེ་སྡང་གི་ཆ་ལས་བྱུང་བའི་གནོད་སེམས། འགྲན་ཟླ་སོགས་ལ་གནོད་སེམས་ལྟ་བུ་ཕྲག་དོག་གི་ཆ་ལས་བྱུང་བའི་གནོད་སེམས། གནོད་བྱེད་སླར་འདུད་ཀྱང་མནར་སེམས་པ་ལྟ་བུ་འཁོན་འཛིན་གྱི་ཆ་ལས་བྱུང་བའི་གནོད་སེམས་ཏེ་གསུམ་ཡོད། གནོད་སེམས་ཀྱི་ནང་ནས་མཚམས་མེད་པའི་ཀུན་སློང་ལྟ་བུའི་གནོད་སེམས་ལྟ་བུ་སྡིག་པ་ཆེ།
ལོག་ལྟ་ནི་ལོག་པར་ལྟ་བའི་གཞི་ནི་ཡོད་པའི་དོན་ཡིན་ལ་འདུ་ཤེས་ནི་སྐུར་བ་འདེབས་པའི་དོན་ལ་བདེན་པར་འདུ་ཤེས་པ། ཉོན་མོངས་དུག་གསུམ་གང་རུང་དང་ཁྱད་པར་གཏི་མུག་དང་ཀུན་སློང་ནི་སྐུར་བ་འདེབས་འདོད་པའི་བསམ་པའོ། །སྦྱོར་བ་ནི་བསམ་པ་དེ་ལ་སྦྱོར་བ་བརྩམས་པ་སྟེ་མཐར་ཐུག་དེར་ཐག་བཅད་ཅིང་གཉེན་པོ་མེད་པ། དབྱེ་ན། དགེ་སྡིག་བདེ་སྡུག་གི་རྒྱུར་མི་འདོད་པ་ལྟ་བུ་ལས་འབྲས་ལ་ལོག་ལྟ། ལམ་བདེན་ཉམས་སུ་བླངས་ཀྱང་འགོག་བདེན་ཐོབ་པར་མི་འདོད་པ་ལྟ་བུ་བདེན་པ་ལ་ལོག་ལྟ། དཀོན་མཆོག་ལ་སྐུར་བ་འདེབས་པ་ལྟ་བུ་དཀོན་མཆོག་ལ་ལོག་ལྟ་སྟེ་གསུམ་ཡོད། ལོག་ལྟ་ནི་མི་དགེ་བའི་ལས་ཀྱི་ནང་གི་ལྕི་ཤོས་ཡིན། འདི་ཡང་ཡན་ལག་ལྔས་རྫོགས་ཏེ། ཤེས་བྱ་ཇི་བཞིན་མི་ཤེས་པས་རྨོངས་པའི་སེམས་དང་། སྡིག་པ་ལ་དགའ་བས་དྲག་ཤུལ་གྱི་སེམས། ཚུལ་བཞིན་མིན་པའི་ཆོས་ལ་ངེས་པར་རྟོག་པ་སྟེ་ངེས་པར་བཟུང་བས་ལོག་པར་རྒྱུན་དུ་ཞུགས་པའི་སེམས། ལེགས་སྤྱད་སོགས་མེད་ཅེས་སྐུར་བ་འདེབས་པས་རབ་ཏུ་ཉམས་པའི་སེམས། ལོག་ལྟ་དེས་ངོ་ཚ་བ་མེད་ཅིང་ཉེས་དམིགས་ལས་ངེས་པར་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་ཏེ་ལྔ་བོ་དེ་དག་དང་ལྡན་པའོ། །
དེ་ལས་སྲོག་གཅོད་པ་དང་ཚིག་རྩུབ། གནོད་སེམས་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་ཞེ་སྡང་གིས་མཐར་འབྱིན་པར་བྱེད་ཅིང་། མ་བྱིན་ལེན་དང་ལོག་གཡེམ། བརྣབ་སེམས་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་འདོད་ཆགས་ཁོ་ནས་མཐར་ཕྱིན་པར་བྱེད་ཅིང་། བརྫུན་དང་ཕྲ་མ། ངག་བཀྱལ་བ་ནི་དུག་གསུམ་གས་རྩོམ་པ་དང་མཐར་ཕྱིན་པར་བྱེད། ལོག་ལྟ་ནི་དུག་གསུམ་གྱིས་རྩོམ་པར་བྱེད་ལ་གཏི་མུག་ཁོ་ནས་མཐར་ཐུག་པར་བྱེད་དོ། །དེ་དག་ལས་སེམས་པ་ནི་ལས་ཡིན་ལ་ལས་ཀྱི་ལམ་མིན་ལ། ལུས་ངག་གི་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་འཇུག་པའི་གཞི་ཡིན་པས་ལས་ལམ་སྟེ་ལས་ཀྱི་ལམ་ཡིན་ལ་བརྣབ་སེམས་སོགས་གསུམ་ནི་ལས་ཀྱི་ལམ་ཡིན་གྱི་ལས་ནི་མིན་ནོ། །

འབྲེལ་ཡོད་འོས་སྦྱོར།