logo

མཚོ་ཤར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་མཚོ་ལྷོ་ཁུལ་ནས་བསྡུས།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-21 ཀློག་གྲངས།:

     
མཚོ་ཤར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་མཚོ་ལྷོ་ཁུལ་ནས་བསྡུས།

     ཟླ9བའི19ཉིན་མཚོ་ཤར་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་སུ་བསྡུས། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་གཙོ་བོ75ནས་ཡོང་བའི་བླ་སྤྲུལ་དང་དགེ་བཤེས། དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་དང་ཁོངས་མི་བཅས་བསྡོམས་པའི་མི་གྲངས110གསོ་སྦྱོང་ལ་ཞུགས།

 

  
གསོ་སྦྱོང་འཛིན་གྲྭའི་ཡུལ་དངོས།

      ཐེངས་འདིའི་གསོ་སྦྱོང་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་དགོངས་དོན་དང《2016ལོ་ནས2020ལོའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཆར་འགོད》ལག་བསྟར་ནན་མོ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་།

     གསོ་སྦྱོང་སྐབས་སུ་མཚོ་ལྷོ་ཁུལ་གྱི་མི་རིགས་ཆོས་ལུགས་སྐོར་གྱི་ཆེད་མཁས་པ་དང་དགེ་བཤེས་གདན་ཞུ་བྱས་ནས་གཅིག་བསྡུས་སློབ་ཁྲིད་དང་མང་རྫོང་ཀླུ་ཚང་དགོན་དང་གསེར་ཆེན་རྫོང་གི་འཁྱམས་རུ་དགོན་ལ་ལྟ་སྐོར་ཟུང་འབྲེལ་སྒོས་ས་ཁུལ་གཉིས་ཀྱི་མཉམ་འབྲེལ་ལ་ཧུར་ཐག་དང་མཛའ་བརྩེ་དམ་ཟབ། དོ་དམ་ཆུ་ཚད་བཅས་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་ལྡན།



འབྲེལ་ཡོད་འོས་སྦྱོར།