བོད་ལྗོངས་ཀྱི་སུམ་འཛོམས་དགོན་དུ་བྱམས་སྐུ་ཞུ་བའི་བྱེད་སྒོ་སྤེལ་བ།
བོད་ལྗོངས་ཀྱི་སུམ་འཛོམས་དགོན་དུ་བྱམས་སྐུ་ཞུ་བའི་བྱེད་སྒོ་སྤེལ་བ།(པར་རིས་ཡོང་ཁུངས། ཤིན་ཧྭ་དྲ་བ།)
བོད་ལྗོངས་ཀྱི་སུམ་འཛོམས་དགོན་དུ་བྱམས་སྐུ་ཞུ་བའི་བྱེད་སྒོ་སྤེལ་བ།(པར་རིས་ཡོང་ཁུངས། ཤིན་ཧྭ་དྲ་བ།)
སྤྱི་ཟླ4བའི་ཚེས5ཉིན། བོད་ལྗོངས་སུམ་འཛོམས་གྲོང་རྡལ་གྱི་སུམ་འཛོམས་དགོན་པ་རུ་བྱམས་སྐུ་ཞུ་བའི་བྱེད་སྒོ་སྤེལ།
སུམ་འཛོམས་དགོན་པ་ནི་སུམ་འཛོམས་གྲོང་རྡལ་གྱི་ཧོར་རྒྱལ་རི་བོའི་འདབས་ཀྱི་ས་ཁོད་སྙོམས་པའི་བདེ་ཐང་ཞིག་ཏུ་ཆགས་ཡོད། སུམ་འཛོམས་ཞེས་པའི་མིང་འདི་སུམ་འཛོམས་དགོན་པ་དེ་དགོན་པ་ཆུང་ཆུང་གསུམ་སྡེབ་སྒྲིལ་བྱས་པ་ལས་ཆགས་པ་དང་། ལམ་མདོ་ཁ་གསུམ་ཡོད་པ་ལས་བྱུང་བ་ཡིན་ཞེས་བཤད་སྲོལ་ཡང་ཡོད། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐར་གཏོགས་ཤིང་གཙོ་རྟེན་ནི་རྗེ་བཙུན་བྱམས་པ་ཡིན། ལོ་རེའི་ཟླ་བ3པའི་ཟླ་མཇུག་ནས་ཟླ་བ4བའི་ཟླ་སྟོད་བར་ས་གནས་དེས་དགོན་པའི་རྟེན་གཙོ་བྱམས་སྐུ་གདན་ཞུས་ཏེ་དགོན་པར་ཐེངས་རེ་བསྐོར་བ་དང་མཚུངས་སུ་དད་ལྡན་མང་ཚོགས་ཀྱིས་བྱམས་སྐུ་ལ་ཕྱག་དབང་ཞུ་སྟེ། ཆར་ཆུ་དུས་སུ་འབབ་ཅིང་དམངས་རྣམས་བདེ་སྐྱིད་ཡོང་བར་སྨོན་ལམ་འདེབས་པ་ཡིན།