logo

སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་རིག་གནས་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་ཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2015-12-11 ཀློག་གྲངས།:

སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་རིག་གནས་བགྲོ་གླེང་ཚོགས་འདུ་བསྡུས།
སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་རིག་གནས་བགྲོ་གླེང་ཚོགས་འདུ་བསྡུས།


དཔེ་ཚོགས་འགྲེམ་སྟོན།

     སྤྱི་ཟླ12པའི་ཚེས10ཉིན། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་མཛད་པའི་སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་རིག་གནས་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་ཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་སི་ཁྲོན་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ནས་ཕེབས་པའི་ཆེད་རམས་པ་དང་དགོན་པ་སོ་སོ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་བཅས་ཁྱོན་བསྡོམས་མི་སྣ100ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས།
     སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། གཙང་པ་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཀྱིས་བགྲོ་གླེང་ཚོགས་འདུ་ལ་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡོན་ཧྲིག་གིས་གཏམ་བཤད་སྤེལ་བ་དང་། སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྤྲུལ་སྐུ་ཐུབ་བསྟན་ཉི་མས་ཤིས་ཚིག་ཕུལ། བགྲོ་གླེང་ཚོགས་འདུའི་སྟེང་ཆེད་རམས་པ་སོ་སོས་རང་ཉིད་ཀྱི་ཞིབ་འཇུག་ཁ་ཕྱོགས་དང་འབྲེལ་ཏེ་དུས་ཡུན་སྐར་མ་ཉི་ཤུ་ལྷག་གི་གཏམ་བཤད་སྤེལ་ཞིང་དད་པ་དང་ཚན་རིག་བརྗོད་སྙིང་དུ་བཟུང་སྟེ་བསམ་བློ་བརྗེ་རེས་མཛད། དེ་མིན་ཆེད་མཁས་པ་དག་གིས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རིག་དངོས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།


འབྲེལ་ཡོད་འོས་སྦྱོར།