logo

མཚོ་ཤར་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་བགྲོ་ཚོགས་སྐབས་ལྔ་པ་དེ་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-30 ཀློག་གྲངས།:

མཚོ་ཤར་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་བགྲོ་ཚོགས་སྐབས་ལྔ་པ་དེ་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་བསྡུས་པ།
རྟགས་གསལ་གཏོང་བཞིན་པ།


བྱ་དགའ་གནང་བ།


ཡུལ་དངོས་ཀྱི་རྣམ་པ།

     སྤྱི་ཟླ7པའི་ཚེས25ཉིན། མཚོ་ཤར་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་བགྲོ་གླེང་གྲོས་ཚོགས་སྐབས་ལྔ་པ་དེ་མདོ་སྨད་དྷཱིཿཚ་དགོན་ཆེན་དུ་བསྡུས་ཤིང་། གྲོང་ཁྱེར་ཡོངས་ཀྱི་དགོན་པ་གཙོ་ཤོས་ཀྱི་དགོན་དམངས་འཐུས་ཚབ་དོ་དམ་ཚོགས་པའི་འགོ་གཙོ་དང་། བླ་ཆེན་ཁ་ཤས། དགེ་བའི་བཤེས་གཉེན། གྲོང་ཁྱེར་དང་རྫོང་ནང་བསྟན་མཐུན་ཚོགས་པའི་འགན་འཛིན། དགོན་པ་ཁ་ཤས་ཀྱི་དོ་དམ་མི་སྣ། དྷཱིཿཚ་དགོན་ཆེན་གྱི་གྲྭ་བཙུན་ཡོངས་བཅས་བསྡོམས་པས་མི600ཐེངས་འདིའི་བགྲོ་ཚོགས་སུ་ཞུགས།
     ཐེངས་འདིའི་བགྲོ་ཚོགས་སུ་བསྡོམས་པས་དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་ཞིང་། འདུལ་ཁྲིམས་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད། རིག་གནས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་གསལ་འགྲེལ་གནང་བའི་དཔྱད་རྩོམ45བསྡུས་པ་དང་། གདན་ཞུའི་ཆེད་མཁས་པས་དཔྱད་རྩོམ་ཡོངས་ལ་ནན་ཏན་སྒོས་དཔྱད་འབེབས་གནང་རྗེས་ཕུལ་བྱུང་དཔྱད་རྩོམ8ལ་ཡུལ་དངོས་སུ་འབྲེལ་འདྲིས་གཏམ་བཤད་སྤེལ་བ་མ་ཟད་གཟེངས་རྟགས་དཔང་ཡིག་དང་བྱ་དགའི་དངུལ་སྤྲད།
     དེར་མ་ཟད། བགྲོ་ཚོགས་སུ་གཏམ་བཤད་སྤེལ་ཚར་རྗེས་བིས་མདོ་དགོན་དང་དྷཱིཿཚ་དགོན་སོགས་ནས་འདེམ་མངགས་བྱས་པའི་རིག་ལུང་བ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཚད་མའི་རིག་ལུང་གི་གཞི་རྩའི་དགོངས་ཚུལ་དང་རྣམ་པ་ལྟར《ཚད་མའི་རྣམ་འགྲེལ》ལ་རྟགས་གསལ་བཏང་སྟེ་ཚོགས་ཞུགས་མི་སྣ་དག་གི་དགའ་བསུ་དང་གདེང་འཇོག་ལེགས་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།