logo

2015ལོའི་བོད་ལྗོངས་ཀྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-07 ཀློག་གྲངས།:

2015ལོའི་བོད་ལྗོངས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ།
2015ལོའི་བོད་ལྗོངས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ།

     ཟླ4བའི་ཚེས5ཉིན་གྱི་སྔ་དྲོར། 2015ལོའི་བོད་ལྗོངས་ཀྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་འབུལ་བའི་མཛད་སྒོ་དེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཇོ་སྐུའི་མདུན་གྱི་འདུ་ཁང་ཆེན་མོ་རུ་སྤེལ་ཞིང་། བོད་ལྗོངས་ཀྱི་དགོན་སྡེ་ཁག་ནས་སླེབས་པའི་གྲྭ་བཙུན་དང་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་རྣམས་གནས་དེར་ཚོགས་ཏེ་དམ་བཅའ་འཇོག་པར་གསན་པ་རེད།


2015ལོའི་བོད་ལྗོངས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་ཡུལ་དངོས་ཀྱི་རྣམ་པ།

     ལྷ་རམས་པའི་དགེ་བཤེས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་ཆེས་མཐོའི་ཡོན་གནས་ཤིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྲྭ་བཙུན་གྱི་ཆེས་མཐོའི་དམིགས་འབེན་ཡང་ཡིན།


ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་སྒྲུབ་ཁང་
ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་
ཐོབ་པའི་གྲྭ་བཙུན་དག་ལ་གཟེངས་རྟགས་གནང་བཞིན་པ།

     2015ལོར་བོད་ལྗོངས་ཀྱི་དགོན་སྡེ་ཁག་ནས་སླེབས་པའི་གྲྭ་བཙུན10ལ་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་ཅིང་། བྲག་གཡབ་དབྱིན་འདུམ་དགོན་གྱི་གྲྭ་བཙུན་བསོད་ནམས་དངོས་གྲུབ་ཀྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས2015ལོའི་དགེ་བཤེས་ལྷ་རམས་པ་ཨང་དང་པོ་བླངས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་དག་ལ་གཟེངས་རྟགས་གནང་སྟེ་རྟེན་འབྲེལ་ཞུས།


2015ལོའི་བོད་ལྗོངས་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་བཅུ་བོ།

 


འབྲེལ་ཡོད་འོས་སྦྱོར།