མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་བསྡུས།
འཇང་དགུན་ཆོས་ཚོགས་ཆེན་ཡུལ་དངོས་ཀྱི་རྣམ་པ།
ཟླ9བའི་ཚེས11ཉིན། མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གཅིག་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་དེ་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་ལྷོ་འགྲམ་གྱི་གནས་མཆོག་ལྷ་མོ་དྲེལ་དགོན་པ་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ20ནས་ཡོང་བའི་བླ་གྲྭ100ལྷག་ཐེངས་འདིའི་ཚད་མའི་རྟགས་རྩོད་ལ་ཞུགས་པ་རེད།
འཇང་དགུན་ཆོས་ཚོགས་ཆེན་ཡུལ་དངོས་ཀྱི་རྣམ་པ།
དུས་ཡུན་ཉིན7གྱི་ཚོགས་ཆེན་དུ། དགོན་པ་སོ་སོའི་གྲྭ་བཙུན་གྱིས་བོད་བརྒྱུད་ནང་བསྟན་ཚད་མ་རིག་པའི་རྟགས་རྩོད་གོ་རིམ་ལྟར་ཚད་མ་རིག་པ་དང་ནང་བསྟན་ཤེས་བྱ་ཐད་ནས་རྟགས་རྩོད་གནང་ལ། འདི་ལྟ་བུའི་ཚད་མའི་རྟགས་རྩོད་ཚོགས་ཆེན་བརྒྱུད་རྒྱ་ཆེ་བའི་བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་གྱིས་ཚད་མའི་རྟགས་རྩོད་ཚོགས་ཆེན་གྱི་གར་སྟེགས་ལས་བོད་བརྒྱུད་ནང་བསྟན་རང་སྟེང་གི་བདེ་ཐང་འཕེལ་རྒྱས་ཐད་སྐུལ་འདེད་ཆེན་པོ་གཏོང་བར་དགེ་མཚན་རབ་ཏུ་ལྡན།