ཐལ་འགྱུར་བའི་ཐུན་མིན་ཁྱད་ཆོས་བཤད་པ།
རྩོམ་པ་པོ།:དོར་ཞི་གདོང་དྲུག་སྙེམས་བློ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-15
ཀློག་གྲངས།:
བསྟན་པའི་སྙིང་བོ་ཤེར་ཕྱིན་ཟབ་མོའི་དོན། །
རྟེན་འབྱུང་རང་བཞིན་གྱིས་སྟོང་དབུ་མའི་ལམ། །
དུས་གསུམ་རྒྱལ་བའི་དགོངས་པ་ཇི་བཞིན་དུ། །
མ་ནོར་སྟོན་པའི་གཞུང་མཛད་ཀླུ་སྒྲུབ་ཞབས། །
དེ་དོན་འགྲེལ་མཛད་རྒྱ་གར་པཎ་གྲུབ་ཁྲོད། །
འཁྲུལ་བྲལ་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཙམ། །
གངས་རིའི་ལྗོངས་སུ་དབུ་མའི་གཞུང་བསྒྱུར་ནས། །
འཆད་རྩོམ་བྱེད་མཁན་སྔ་ཕྱིར་མི་ཉུང་ཡང་། །
ལུང་རིགས་རྟ་བདུན་གྱིས་དྲངས་འོད་སྟོང་ཅན། །
མཚན་མུན་འཇོམས་པའི་དཔལ་སྒྲུབ་རྗེ་བླ་མ། །
མཛད་རྗེས་དེ་ལས་རྒྱལ་བ་གཉིས་པ་ཞེས། །
གྲགས་པའི་དབྱར་རྔ་ནམ་མཁའི་མཐའ་ལ་ཁྱབ། །
དེ་ནི་རང་ཕྱོགས་རང་བསྟོད་ཙམ་མིན་པར། །
གྲུབ་མཐའ་རིས་མེད་མཁས་པའི་གསུང་གིས་མཚོན། །
ཕྲ་ཞིབ་ལུང་རིགས་སྲེག་བཅད་བརྡར་གསུམ་གྱིས། །
བསྒྲུབས་པའི་གཞུང་ལུགས་འབུམ་ཕྲག་དཔངས་པོར་བཞུགས། །
རིགས་ལམ་ཉི་འོད་མི་མཐོང་མུན་ཁྲོད་དུ། །
མ་རྟོགས་ལོག་རྟོག་འཁུན་སྐད་འབྱིན་པ་ལ། །
སྙན་པའི་དབྱངས་སུ་རློམ་པའི་བྱ་འུག་པ། །
མིན་ན་བདེན་དོན་འདི་ལ་སུ་ཡིས་སྙོན། །
ཟླ་བས་འདི་ནི་ཐུན་མོང་མིན་ནོ་ཞེས། །
གསུངས་ན་གཞན་དང་ཐུན་མིན་ཁྱད་ཆོས་གང་། །
ཐལ་འགྱུར་གཞུང་ལ་ཐོས་བསམ་བྱེད་མཁན་རྣམས། །
ངེས་པར་ཤེས་དགོས་ཤེས་བྱ་འདིར་བཤད་བྱ། །
ལས་ཀྱི་ནུས་པ་ཀུན་གཞིར་བཞག་པ་དང་། །
ཡིད་ཀྱི་རྣམ་ཤེས་རྒྱུན་ལ་བཞག་པ་དང་། །
ལས་ཀྱི་ཐོབ་པ་དཔང་རྒྱ་བཞག་འདྲ་སོགས། །
གང་ཡང་ཁས་མི་ལེན་ཞིང་ལས་ཞིག་པ། །
འབྲས་བུ་སྐྱེ་རུང་ལས་ནི་ཆུད་མི་ཟ། །
འཇིག་དང་ཞིག་པ་རྒྱུས་བསྐྱེད་འབྲས་ཡིན་ཕྱིར། །
དངོས་དང་དངོས་མེད་འདུས་བྱས་ཡིན་པར་གསུངས། །
རང་མཚན་རང་ངོས་ནས་གྲུབ་དངོས་མེད་ཕྱིར། །
མིང་ཙམ་གྲུབ་པར་ཞིག་པ་དངོས་པོར་འཐད། །
རང་མཚན་དོན་དམ་དུ་གྲུབ་དངོས་སྨྲའི་ལུགས། །
ཐ་སྙད་དུ་གྲུབ་འདོད་པ་རང་རྒྱུད་པ། །
རང་མཚན་རང་བཞིན་གྱིས་གྲུབ་དོན་གཅིག་ཕྱིར། །
ཐ་སྙད་དུ་ཡང་མི་འདོད་ཐལ་འགྱུར་ལུགས། །
རང་མཚན་རང་གི་ངོ་བོས་གྲུབ་པ་དང་། །
དོན་གཅིག་ཡིན་ཕྱིར་རང་མཚན་གྱིས་གྲུབ་ན། །
དངོས་བོའི་གཤིས་སུ་གྲུབ་པས་དེ་བཀག་ན། །
སྟོང་ཉིད་རྟོགས་པ་དངོས་པོའི་འཇིག་རྒྱུར་ཐལ། །
སེམས་ལས་ཕྱི་རོལ་གྱུར་བའི་དོན་མེད་པའི། །
སེམས་ཙམ་ལུགས་ཀྱི་གཉིས་མེད་ཤེས་པ་དེ། །
བདེན་པར་གྲུབ་པས་ཕྱི་དོན་གྱིས་སྟོང་ན། །
རང་གི་ངོ་བོས་མི་སྟོང་གཞན་སྟོང་འགྱུར། །
ཆོས་ཀུན་རང་གི་ངོ་བོས་སྟོང་བའི་ཕྱིར། །
སྟོང་ཉིད་དངོས་པོ་ཀུན་གྱི་གཤིས་སུ་གྲུབ། །
གཟུགས་སོགས་ཕྱི་རོལ་དོན་དུ་མ་གྲུབ་ཅིང་། །
ཀུན་གཞིའི་བག་ཆགས་ནུས་པ་གཟུགས་སོགས་སུ། །
ཕྱི་རོལ་ཤར་བའི་གཟུགས་བརྙན་ཙམ་འདོད་པའི། །
ལུང་དོན་རྨི་ལམ་དཔེ་ལས་མི་འགྲུབ་ཅིང་། །
དོན་ཤེས་ཐ་སྙད་ཚད་མར་ཡོད་མཉམ་དང་། །
དོན་དམ་དཔྱོད་ངོར་གཉིས་ཀ་མི་རྙེད་པས། །
སེམས་ཡོད་དོན་མེད་འཐད་པར་མ་མཐོང་ཞིང་། །
མངོན་སུམ་དབང་བཙན་ཕྱི་དོན་འགོག་མི་ནུས། །
ཀུན་གཞི་མེད་ཀྱང་བག་ཆགས་བསྒོ་བའི་གཞིར། །
ཕུང་བོར་བཏགས་བའི་ང་དང་སེམས་རྒྱུན་རུང་། །
ཐ་སྙད་ཚད་མས་ཀུན་རྫོབ་ཤེས་པ་ལ། །
བདེན་པར་སྣང་བའི་དངོས་པོའི་སྣང་ཚུལ་མཐོང་། །
གནས་ལུགས་དཔྱོད་པའི་རིགས་ཤེས་ཚད་མའི་ངོར། །
དངོས་མེད་རྙེད་དོན་དངོས་པོའི་གནས་ལུགས་ཡིན། །
ཕལ་བའི་སྣང་ངོར་གཟུགས་སོགས་སྣང་བའི་ཚེ། །
གཟུགས་དང་ཤེས་པའི་བདེན་སྣང་སོ་སོར་མེད། །
འཕགས་པའི་རྗེས་ཐོབ་ཡེ་ཤེས་སྣང་ངོ་ལ། །
གཟུགས་སོགས་སྣང་ཡང་བདེན་པའི་སྣང་བ་མེད། །
བདེན་སྣང་ལྡོག་པས་གཟུགས་སོགས་ཀྱང་ལྡོག་པའི། །
ཀུན་རྫོབ་འཁྲུལ་ངོར་བཞག་པའི་ཆད་ལྟ་སྤངས། །
བདེན་འཛིན་འཁྲུལ་བའི་བག་ཆགས་མ་ལུས་པ། །
སྤངས་པ་སངས་རྒྱས་ས་ལ་འཇོག་དགོས་ཕྱིར། །
སློབ་ལམ་གནས་པའི་ས་བཅུའི་བྱང་སེམས་ཀྱང་། །
རྗེས་ཐོབ་ཤེས་པར་བདེན་སྣང་ལྡོག་མི་་སྲིད། །
དེ་ཕྱིར་འཕགས་པའི་རྗེས་ཐོབ་ཡེ་ཤེས་ལ། །
ཀུན་རྫོབ་བདེན་པ་མི་མཐོང་ཁྱབ་པ་མེད། །
ཤེས་སྒྲིབ་སྤངས་པའི་ཀུན་མཁྱེན་ཡེ་ཤེས་ཀྱིས། །
ཆོས་ཅན་མི་མཐོང་ཆོས་ཉིད་མཐོང་བ་མཚར། །
ཆོས་དང་མ་འབྲེལ་ཆོས་ཉིད་སྤྱི་ལྡོག་དེ། །
སྟོང་བ་ཅང་མེད་ཅིག་ལས་མ་འདས་ཕྱིར། །
ཀུན་་མཁྱེན་ཡེ་ཤེས་ཅི་ཡང་མི་མཐོང་བའི། །
ལོང་བའི་མིག་དང་འདྲ་བར་འདོད་དམ་ཅི། །
ཀུན་རྫོབ་ཆོས་རྣམས་འཁྲུལ་ངོར་ཡོད་པ་དང་། །
འཁྲུལ་བྲལ་མཁྱེན་པར་ཀུན་རྫོབ་ཆོས་མེད་ན། །
ཡུལ་མེད་ཡུལ་གྱི་རྣམ་པ་ཅི་ལྟར་སྐྱེས། །
རྣམ་མཁྱེན་ཡེ་ཤེས་ཡོད་པར་ཅི་ཡིས་འགྲུབ། །
ཡུལ་མཐོང་བ་ལས་ཡུལ་ཅན་ཡོད་འགྲུབ་པས། །
རང་རིག་མེད་ཀྱང་རང་ཡོད་ཅིས་མི་ཤེས། །
འཛིན་རྣམ་་ངོས་ཟིན་རང་རིག་ལ་བརྟེན་ན། །
རང་རིག་དེ་ཡང་ཤེས་པ་གཞན་ཞིག་ལ། །
བརྟེན་དགོས་ཕྱིར་ན་མཐའ་ལ་ཐུག་པ་མེད། །
དེ་ཕྱིར་གཟུང་འཛིན་རང་རིག་དེ་ཤེས་བཞིར། །
བགོས་པའི་ཆོས་སྐྱོང་ལུགས་ཀྱང་དཔྱད་མི་བཟོད། །
རང་མཚན་ཐ་སྙད་དུ་ཡང་མི་འདོད་པས། །
རང་མཚན་འདོད་དང་ཆོས་ཅན་མཐུན་སྣང་མེད། །
དེ་ཕྱིར་རང་རྒྱུད་གཏན་ཚིགས་མི་འདོད་ཅིང་། །
ཐལ་འགྱུར་ཙམ་གྱིས་དགག་སྒྲུབ་བྱེད་པར་ནུས། །
ཕུང་སོགས་གདགས་གཞི་བདེན་མེད་མ་རྟོགས་ན། །
བཏགས་ཆོས་གང་ཟག་བདེན་མེད་མི་རྟོགས་པས། །
ཉན་རང་ཆོས་ཀྱི་བདག་མེད་རྟོགས་པར་ཐལ། །
དེ་གཉིས་གང་ཟག་བདག་མེད་རྟོགས་ཕྱིར་རོ། །
དངོས་པོའི་འདུ་ཤེས་ཅན་ལ་ཐར་བ་མེད། །
གསུངས་ཕྱིར་ཉོན་སྒྲིབ་སྤངས་པའི་ཐར་བ་ལ། །
བདེན་འཛིན་མ་རིག་པ་དེ་སྤངས་་་དགོས་ཕྱིར། །
བདེན་འཛིན་ས་བོན་དང་བཅས་ཉོན་སྒྲིབ་འདོད། །
ཤེས་སྒྲིབ་ཆོས་ཀྱི་བདག་འཛིན་མི་འདོད་ཅིང་། །
བདེན་སྣང་འཁྲུལ་བའི་བག་ཆགས་ཤེས་སྒྲིབ་དང་། །
དེ་ལ་ཤེས་པ་ཡིན་མིན་ཆ་གཉིས་དང། །
ཚད་མའང་མི་བསླུ་ཙམ་ལས་གསར་རྟོགས་སོགས། །
མི་འདོད་དེ་་་ཕྱིར་བཅད་ཤེས་ཚད་མ་དང་། །
དོན་སྤྱི་རང་མཚན་གང་ཡང་ཤེས་པ་ལ། །
སྣང་བ་མངོན་སུམ་དུ་འདོད་དེ་ཡི་ཕྱིར། །
རྟོག་པར་གྱུར་པའི་ཡིད་མངོན་འདོད་པ་སོགས། །
མདོར་ན་རང་མཚན་རང་བཞིན་མི་འདོད་པས། །
མིང་དང་རྟོག་པས་བཏགས་ཙམ་གྲུབ་པ་ལ། །
གཞིར་བྱས་ཐ་སྙད་ཚད་མའི་རི་གླིང་བཀོད། །
བདེན་གཉིས་གང་ཡང་ཐ་སྙད་ཚད་མ་ལ། །
བརྟེན་ཕྱིར་ཐ་སྙད་ཚད་མ་མི་འདོད་པ། །
སྣང་སྟོང་གཉིས་ཆར་བཀག་པའི་ལྟ་ངན་དེ། །
ཟླ་བའི་ལུགས་སུ་སྨྲས་པ་ཡ་མཚན་ཆེ། །
ཡོད་ཙམ་ཐ་སྙད་ཚད་མས་རྟོགས་པ་དང་། །
རང་བཞིན་སྟོང་བ་དོན་དམ་དཔྱོད་པས་ཤེས། །
སྣང་སྟོང་ཕན་ཚུན་བརྟེནཅིང་མི་འགོག་པའི། །
དབུ་མའི་ལུགས་འདིའི་འདོད་ཚུལ་ཁྱད་པར་འཕགས། །
ཞེས་པ་འདི་ཡང་གསུང་རབ་ཀུན་གྱི་བཅུད། །
དབུ་མའི་གཞུང་ལ་ཐོས་བསམ་བྱས་པའི་འབྲས། །
དོན་བསྡུས་ཚུལ་དུ་དཔའ་རིས་དོར་ཞི་ཡིས། །
ཆོས་འཕགས་གནས་སུ་གྲགས་པའི་ཁྲིན་ཏུར་བྲིས། །

འབྲེལ་ཡོད་འོས་སྦྱོར།