བོད་ལྗོངས་ཀྱི་གྲྭ་བཙུན10ཡིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་བླངས།
བོད་ལྗོངས་ཀྱི་གྲྭ་བཙུན10ཡིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་བླངས།
ཟླ4བའི་ཚེས3ཉིན། 2014ལོའི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་འབུལ་བའི་མཛད་སྒོ་དེ་ལྷ་སའི་གཙུག་ལག་ཁང་ཆེན་མོར་བསྡུས་ཤིང་། གཞུང་བཀའ་པོད་ལྔ་དང་འབྲེལ་བའི་ནང་དོན་གཞིར་བྱས་ནས་ཛ་དྲག་གིས་ཚད་མའི་རྩོད་གླེང་བྱས་མཐར། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གཙོ་དགོན་དག་ནས་སླེབས་པའི་གྲྭ་བཙུན10ཡིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་བླངས།
ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གྲྭ་བཙུན་བཅུ་བོར་ལག་འཁྱེར་བྱ་དགའ་གནང་བ་དང་། ཁོང་གིས་གསུང་རྒྱུར། ལོ་འདིར་དགེ་བཤེས་ལྷ་རམས་པའི་ཡོན་གནས་ཐོབ་པའི་གྲྭ་བཙུན་དག་ནི་དགོན་པ་སོ་སོའི་སློབ་དཔོན་གཙོ་གྲས་ཡིན་ཞིང་། ཤེས་བྱ་ཆེ་ཞིང་ཡོན་ཚད་ལེགས་ལ། སྒོས་སུ་ཆོས་ལུགས་ཀྱི་ཤེས་རྒྱ་ཆེན་པོ་ཡོད་དེ། བོད་བརྒྱུད་ནང་བསྟན་གྱི་གཞུང་བཀའ་པོད་ལྔ་ལ་བྱང་ཆ་ལྡན་པ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། 2005ལོའི་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་ལམ་ལུགས་སླར་གསོ་བྱས་པ་ནས་བཟུང་ད་ལྟའི་བར་བོད་ལྗོངས་སུ་གྲྭ་བཙུན74ཡིས་དགེ་བཤེས་ལྷ་རམས་པའི་ཡོན་གནས་བླངས་ཡོད་པ་རེད།