logo

སྐུ་འབུམ་བྱམས་པ་གླིང་གི་དཔེ་མཛོད་ཁང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-03 ཀློག་གྲངས།:

སྐུ་འབུམ་བྱམས་པ་གླིང་གི་དཔེ་མཛོད་ཁང་ངོ་སྤྲོད་མདོར་བསྡུས།
སྐུ་འབུམ་བྱམས་པ་གླིང་གི་དཔེ་མཛོད་ཁང་།

        གཙུག་ལག་ཁང་འདི་ནི་རབ་བྱུང་བཅུ་བདུན་པའི་ཆུ་ལུག་ལོར(2003)བཞེངས་མགོ་བརྩམས་ཤིང་མེ་ཕག་ལོར(2007)ལེགས་གྲུབ་བྱུང་། ཞང་ཀང་གི་སྦྱིན་བདག་ཆེན་མོ་སྐུ་ཞབས་ལི་ཀྱཱ་ཁྲིན་གྱིས་སྒོར་ས་ཡ་ལྔ་དང་། སྐུ་འབུམ་དགོན་གྱིས་ས་ཡ་བཅུ་ཐམ་པའི་འགྲོ་སྒོ་བཏང་སྟེ་སྐྱབས་རྗེ་ཟི་ན་རིན་པོ་ཆེའི་ཐུགས་ཁུར་འོག་ཏུ་གྲུབ་པ་ཡིན། གཙོ་སྐུ་ལ་སྨི11ཅན་གྱི་ཟངས་གསེར་ལས་གྲུབ་པའི་འཇམ་དབྱངས་ཀུན་གཟིགས་དང་། གཡས་གཡོན་དུ་མི་ཚད་ཅན་གྱི་ཉེ་བའི་སྲས་ཆེན་བརྒྱད། མཐའ་སྐོར་དུ་འཇམ་དབྱངས་སྟོང་སྐུ་བཅས་བྱིན་རླབས་ཀྱི་ཚན་ཁ་འབར་བ་མང་པོ་བཞུགས། ཉིས་ཐོག་དང་སུམ་ཐོག་ཏུ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། གཞན་ཡང་གངས་ཅན་ཡུལ་དུ་བཞུགས་པའི་གསུང་འབུམ་གང་མང་བཞུགས།


འབྲེལ་ཡོད་འོས་སྦྱོར།