logo

གསེར་ཆེན་རྫོང་བདེ་སྐྱིད་མཆོད་རྟེན་ཉེ་ལམ་ཆབ་ཆའི་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ལ་ཕུལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-28 ཀློག་གྲངས།:


བདེ་སྐྱིད་མཆོད་རྟེན།

         ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཅིན་ཆིན་མཁར་གྲོང་འཛུགས་སྐྲུན་ཚད་ཡོད་ཀུང་ཟིས་ནང་བསྟན་ཆོས་ལུགས་རྒྱ་ཆེར་སྤེལ་པ་དང་།  གསེར་ཆེན་རྫོང་གི་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ཁྱབ་རྒྱ་ཆེ་རུ་གཏོང་བ། དད་ལྡན་མང་ཚོགས་ལ་སྟབས་བདེ་བཅས་སྐྲུན་པར། བདེ་སྐྱིད་མཆོད་རྟེན་དེ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་ལ་ཕུལ་པར་བརྟེན།  དགོན་གསར་གྲྭ་བཙུན་ཡོངས་དང་ས་ཁུལ་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཡོངས་ཀྱིས་དགའ་བསུ་དང་ཁས་ལེན་བགྱིད་པ་རེད།

         དེ་ཡང་བདེ་སྐྱིད་མཆོད་རྟེན་ནི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་བྱང་ཤར་ཕྱོགས་ཀྱི་བདེ་སྐྱིད་ཐང་དུ་བཞེངས་ཡོད་ཅིང་། མཆོད་རྟེན་གྱི་མཐོ་ཚད་ལ་སྨི30དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ500ལྷག་སྟེ་གསེར་ཆེན་རྫོང་དུ་ཆེས་ཆེ་བའི་མཆོད་རྟེན(བྱང་ཆུབ་མཆོད་རྟེན)དུ་བརྗོད་ཀྱི་ཡོད།  མཆོད་རྟེན་འདི་ནི་མཚོ་སྔོན་གངས་ཅན་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་ལས་འཛིན་པའམ་བོད་རིགས་ཁེ་ལས་པ་བསོད་ནམས་རྡོ་རྗེས་ལས་སྒྲུབ་པ་གཞན་གྱི་རོགས་འདེགས་དང་བསྟུན་ནུས་ཤུགས་གང་ཡོད་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་དགུང་ལོ20འཁོར་བར་དྲན་གསོ་ཞུས་པར་མི་སྒེར་ནས་མ་དངུལ་སྒོར་ཁྲི150ལྷག་བཏང་སྟེ་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།