logo

ཆབ་ཆ་དགོན་གསར་དུ་ཆོ་འཕྲུལ་སྨོན་ལམ་སྐབས་སུ་ཚོགས་ལངས་སྤེལ་པ།

རྩོམ་པ་པོ།:བློ་བཟང་རྣམ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-06 ཀློག་གྲངས།:


ཆབ་ཆ་དགོན་གསར་བཀྲ་ཤིས་ཐག་མཆོག་གླིང་།

          མདོ་སྨད་ཆབ་ཆ་དགོན་གསར་བཀྲ་ཤིས་ཐག་མཆོག་གླིང་དུ་ཆོ་འཕྲུལ་སྨོན་ལམ་སྐབས་སུ་ཚོགས་ལངས་སྤེལ་བའི་ལུགས་སྲོལ་ཡོད་ཅིང་།  སྤྱི་ཟླ2པའི་ཚེས4ཉིན།  སྔར་སྲོལ་བཞིན་ད་ལོའི་ཚོགས་ལངས་སྤེལ་ཞིང་།  ཐེངས་འདིའི་ཚོགས་ལངས་པ་ནི་གཞུང་གསར་འཛིན་གྲྭའི་བློ་གསལ་རྒྱ་མཚོ་དང་བློ་བཟང་ཕུན་ཚོགས་གཉིས་ཡིན། 


ཚོགས་ལངས་པ་རྣམ་གཉིས།

          ཚོགས་ལངས་ལ་རིགས་ཆེན་དང་རིགས་ཆུང་གཉིས་ཡོད་པ་དང་།  སྐབས་སུ་བབས་པ་ནི་རིགས་ཆུང་ཚོགས་ལངས་ཡིན།  ཚོགས་ལངས་གང་ཡིན་ཡང་འཛིན་གྲྭ་དེའི་སློབ་གཉེར་བ་ཡག་ཤོས་དག་འདེམས་དགོས་ཤིང་།  དེ་ལ་ཚོགས་ལངས་པ་གཉིས་རེ་བྱས་ནས་སྔ་རྒོལ་དང་ཕྱི་རྒོལ་གཉིས་སུ་དབྱེ་ལ།  ཕྱི་རྒོལ་གྱིས་བླ་མ་དང་ཡི་དམ་སོགས་ལ་མཆོད་བརྗོད་སྔོན་དུ་གཏོང་བ་དང་།  སྔ་རྒོལ་གྱིས་སོ་སོའི་གཞུང་ཚན་གང་ཡིན་ན་དེ་ལ་རྗེ་ཡབ་སྲས་ཀྱི་དགོངས་པ་དང་མཐུན་པའི་སྒོ་ནས་དེ་དག་གི་གཞུང་ཚན་བསྐྱར་དགོས།  དེ་ནས་སྔ་རྒོལ་གྱིས་གཞུང་དང་མཐུན་པའི་སྒོ་ནས་ཕྱི་རྒོལ་ལ་རྟགས་གསལ་གཏོང་དགོས་པ་དང་།  རྟགས་གསལ་བཏང་ཚར་རྗེས་ཕྱོགས་གཉི་གས་བསྔོ་བ་དང་བཅས་ཚོགས་ལངས་མཇུག་སྒྲིལ་དགོས་པ་རེད།
          ཚོགས་ལངས་ཀྱི་དགེ་མཚན་ནི་སོ་སོས་བསགས་པའི་དགེ་བའི་མཐུ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་ལམ་དང་།  མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོས་བསྟན་པ་རྗེས་སུ་འཛིན་པའི་ཆེད་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།