logo

སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག

རྩོམ་པ་པོ།:ཁྱུང་དཀར་ཟླ་བ། ཡོང་ཁུངས།:རེབ་གོང་བོན་མང་དྲ་བ། དུས་ཚོད།:2011-07-27 ཀློག་གྲངས།:


སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག

       སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག་དེ་ད་ལོའི་དབྱར་ཟླ6པའི་ཚེས15ནས21བར་མཚོ་ལྷོ་ཨེར་སྟི་སྡེ་བའི་སྤྱི་ཁང་གཤེན་བསྟན་དར་རྒྱས་གླིང་ནས་སྤེལ།
       ཉེ་བའི་ལོ་འདི་དག་གི་རིང་ས་གཡོ་ཆུ་ལོག་དང་མེ་འབར་རླུང་འཚུབ་སོགས་རང་བྱུང་གི་འཇིགས་པ་རབ་དང་རིམ་པར་བྱུང་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་དམིགས་ཤིང་འགྲོ་བ་སེམས་ཅན་ཡོངས་འདི་དང་འདི་ལྟ་བུའི་སྡུག་བསྔལ་སྣ་ཚོགས་ཀྱི་ཀློང་ལས་ཐར་བའི་སྐྱབས་འཇུག་སྨོན་ལམ་ཅིག་གི་ཆེད་དུ། སྐྱབས་རྗེ་བླ་མ་སྐྱང་སྟོན་རྒྱལ་བའི་དབང་བོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་ཉེར་གཅིག་དང་རྒྱ་ནག་ནས་ཕེབས་པའི་སྦྱིན་བདག་ཆེན་མོ་ཧོང་ཡན་མའེ་སོགས་དད་ལྡན་སློབ་མ་ལྔ་བཅས་ཕྱག་ཕེབས་གནང་སྟེ་བདུན་ཕྲག་གཅིག་གི་རིང་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་བཀླགས་ཏེ་སྐྱབས་འཇུག་སྨོན་ལམ་གྱི་ཆོ་ག་ལེགས་པར་སྤེལ་གནང་མཛད།


སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་བཀླགས་པའི་ཆོ་ག

       ཚེས17ནས19བར་གྱི་ཉིན་གསུམ་རིང་།   མཁའ་ལ་འཇའ་ཚོན་སྣ་ལྔ་ཤར་ཞིང་ཚེས20ཕྱི་དྲོར་གཡུ་འབྲུག་སྔོན་མོའི་གསུང་དབྱངས་བར་མ་ཆད་པར་གྲགས། ཁྱད་པར་དུ་ཚེས21ཉིན་མཁའ་ལ་ཉི་ཟླ་སྐར་གསུམ་དུས་མཉམ་དུ་འཆར་བ་སོགས་རྟགས་དང་རྟེན་འབྲེལ་སྣ་ཚོགས་ལེགས་པར་འགྲིག་པ་བྱུང་བས་སེམས་ཅན་ཀུན་ཀྱང་བདེ་བ་དང་བདེ་བའི་དཔལ་ལ་འཁོད་པར་གྱུར།


འབྲེལ་ཡོད་འོས་སྦྱོར།