དབྱིན་ཁྲོན་ནས་མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ།
ཟླ3པའི་ཚེས11ཉིན། བྱིས་པ་རྣམས་ཀྱིས་ཉིང་ཞ་དངོས་མང་འགྲེམ་སྟོན་ཁང་ནས
“བདེ་ལྡན་ཞིང་གི་སྒྲ་དབྱངས”མཚོ་སྔོན་བོད་བརྒྱུད་ནང་བསྟན་
སྒྱུ་རྩལ་འགྲེམ་སྟོན་ལ་ལྟ་བཞིན་པ།
ལྟད་མོ་བས་ཉིན་ཞ་དངོས་མང་འགྲེམ་སྟོན་ཁང་གི་སྣེ་ཤན་པས་འགྲེལ་བཤད་ལ་
ཉན་བཞིན“བདེ་ལྡན་ཞིང་གི་སྒྲ་དབྱངས”མཚོ་སྔོན་བོད་བརྒྱུད་ནང་
བསྟན་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་པ།
“བདེ་ལྡན་ཞིང་གི་སྒྲ་དབྱངས”མཚོ་སྔོན་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་འགྲེམ་སྟོན་དེ་ཟླ3པའི་ཚེས10ཉིན་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཉིན་ཞ་དངོས་མངས་འགྲེམ་སྟོན་ཁང་ནས་སྤེལ། ཐེངས་འདིའི་འགྲེམ་སྟོན་ལ་མཚོ་སྔོན་ཞིང་ཆེན་དངོས་མང་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་མཚོན་བྱེད་རང་བཞིན་གྱི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་རྩ་ཆེན185ལྷག་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན།