བླ་བྲང་དགོན་པས་རྒྱ་ལོ་སྨོན་ལམ་ལ་གོས་སྐུ་བཤམས་པ།
བླ་བྲང་དགོན་པའི་གོས་སྐུ་ཆེན་མོ།
2011ལོའི་ཟླ2ཚེས15ཉིན། བླ་བྲང་དགོན་པས་སྔར་ལོ་བཞིན་རྒྱ་ལོ་སྨོན་ལམ་ཚེས13ཉིན་གོས་སྐུ་བཤམས་པ་རེད།
གོས་སྐུ་གཤམས་པ།
སྔ་དྲོའི་ཆུ་ཚོད9ལ། རྩེ་ཞྭ་དང་གོས་ཆེན་གྱིས་བརྒྱན་པའི་བྱ་བྱེད་མི་སྣ་བརྒྱད་ཀྱིས་ཐོག་མར་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་ལ་སྐོར་བ་གཉིས་བྱས་རྗེས། ཁོང་གཉིས་ཀྱི་མཛུབ་སྟོན་འོག་སྙན་འཇེབས་ཀྱི་དུང་སྒྲ་དང་ལྷན་དུ་གྲྭ་བ་བརྒྱ་ལྷག་གིས་རིང་ཚད་སྨི50ཡོད་པའི་གོས་སྐུ་ཕྲག་ལ་ཁུར་ཏེ་གོས་སྐུ་བཤམས་སའི་ཡུལ་དངོས་ལ་བསླེབས་པ་རེད།
ཞལ་ཁེབས་སེར་བོ་ཕྱེ་བཞིན་པ།
ལམ་གང་བོར་དད་ལྡན་མང་ཚོགས་ཀྱིས་ཁ་བཏགས་འཐེན་པ་དང་ཕྱག་མཇལ་བྱས་ཤིང་། ལྟ་བས་ཆོག་མི་ཤེས་པའི་གོས་སྐུ་ཆེན་པོ་འདི་བཤམས་མ་ཐག་དད་ལྡན་མང་ཚོགས་ཀྱི་ཡིད་སེམས་དབང་མེད་དུ་ཚོར་སྣང་གཞན་ཞིག་ལ་བཀུག་པ་རེད།
སྨི50ཅན་གྱི་གོས་སྐུ་ཁུར་བའི་ལམ་བར་གྱི་རྣམ་པ།
དུས་སྐབས་འདི་ནི་ཏག་ཏག་མཇལ་བ་མང་བའི་དུས་ཤིག་ཡིན་པས། མཇལ་དར་དང་དངུལ་སྒོར་སོགས་ཆར་རྗེས་ཀྱི་བ་མོ་བཞིན་གོས་སྐུའི་ཕྱོགས་སུ་འཕངས་ལ། འདིས་མི་རྣམས་ལ་རང་ཉིད་ཀྱི་རྒྱུན་ལྡན་འཚོ་བ་ལས་འགོངས་བའི་རྣམ་པ་གཞན་ཞིག་གི་འཕྲུལ་སྣང་སྟེར་བ་རེད། དུས་ཚོད2ཙམ་གྱི་རིང་ལ་བཤམས་རྗེས། དད་ལྡན་མང་ཚོགས་དང་ལྷན་དུ་སླར་ཡང་དགོན་པར་ཕེབས་པ་རེད།