logo

༄༅ །། འཇའ་ཚོན་སྣ་ལྔ།

རྩོམ་པ་པོ།:vbng ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-10-15 ཀློག་གྲངས།:

  རང་རེའི་སྤྱན་སྔར་རྟག་ཏུ་རིག་རྒྱུ་མང་བའི་ནམ་མཁའི་འཇའ་ཚོན་ནི་ཚོན་མདོག་སྣ་ཁ་བདུན་ལས་གྲུབ་པར་གསུང་རུང་།  རང་ཅག་གི་བོད་ལུགས་ཀྱི་སྲོལ་ལ་འཇའ་ཚོན་ནི་ཚོན་མདོག་སྣ་ཁ་ལྔ་ལས་གྲུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།  རྒྱུ་མཚན་གང་ལགས་ཤེ་ན།  དེའང་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་གཏིང་ཟབ་ཡོད་པར་བསམ།  བོད་མིས་དད་གུས་ཆེན་པོ་བྱེད་པའི་ཤར་རྡོ་རྗེ་མཁའ་འགྲོ།  བྱང་ལས་ཀྱི་མཁའ་འགྲོ།  དབུས་སངས་རྒྱས་མཁའ་འགྲོ་བཅས་མཁའ་འགྲོ་སྡེ་ལྔ་དེ་འཇའ་ཡི་ཚོན་མདོག་སྣ་ལྔ་ལས་མཚོན་པར་བྱེད་སྲོལ་ཡོད།  དོན་དམ་དུ་དེ་ཡང་རྩ་བའི་ཚོན་མདོག་དང་འབྲེལ་བ་ཡོད་ངེས་ཡིན་པས་ཚང་མས་དཔྱད་པར་ཞུ།


འབྲེལ་ཡོད་འོས་སྦྱོར།