༄༅ །། ཨ་ཙ་ར་གླང་འཁྲིད།
རྩོམ་པ་པོ།:xcvxf
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2009-10-06
ཀློག་གྲངས།:
ཨ་ཙ་ར་གླང་འཁྲིད་ཀྱི་རི་མོ་དེ་ནི་བོད་མིའི་གྱང་ལྡེབས་རི་མོ་སྐད་གྲགས་ཆེ་གྲས་ཤིག་ཡིན། དེའི་བསྟན་བྱའི་ནང་དོན་གཙོ་བོ་ནི་རྒྱ་རིགས་བློ་མཐུན་ཚོས་རང་གི་རྒྱུ་སྟོབས་ཇེ་རྒྱས་སུ་གཏོང་ཕྱིར་བསྟེན་པའི་ཛམ་བྷ་ལ་ཇི་བཞིན་ནོར་འཕེལ་གཡང་འགུགས་ལ་སྨན་པའི་ནོར་ལྷ་ཁྱད་པར་ཅན་ཞིག་ཡིན། སྔགས་མཁན་རྣལ་འབྱོར་བ་ཨ་ཙ་རའི་གཟུསག་བརྙན་ནི་ཚོགས་བདག་གླང་སྣའི་སྤྲུལ་པ་ཡིན་པ་དང་། གླང་ཆེན་ནི་དེའི་བཞོན་པ་ཡིན་པར་གྲགས། དེར་བརྟེན་བོད་པ་རྣམས་ཀྱིས་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཡོང་བའི་རྟེན་འབྲེལ་གྱི་ཆེད་དུ་དགོན་སྡེ་ཁག་དང་ཁྱིམ་ཚང་སོ་སོའི་ལྡེབས་རིས་ཐོག་ཨ་ཙ་ར་གླང་འཁྲིད་ཀྱི་རི་མོ་དེ་བཞེངས་ཀྱི་ཡོད།
འབྲེལ་ཡོད་འོས་སྦྱོར།