༄༅ །། སོག་པོ་སྟག་འཁྲིད།
རྩོམ་པ་པོ།:mnmj
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2009-10-05
ཀློག་གྲངས།:
མི་ཚང་འབྱོར་པ་ཆེ་བ་ཁག་གི་ཁང་པའི་སྒོ་ཕྱོར་གྱི་རྩིག་ལྡེབས་སུ་སོག་པོ་སྟག་འཁྲིད་ཀྱི་རི་མོ་འབྲི་སྲོལ་ཡོད། དེའི་དགོངས་པ་གང་ཡིན་ཟེར་ན། སོག་པོ་སྟག་འཁྲིད་ཀྱི་རི་མོ་ནི། བགེགས་དང་བར་ཆད་སེལ་ཞིང་། བཀྲ་ཤིས་བདེ་ལེགས་ཡོང་བའི་མཚོན་བྱེད་ཡིན་ཞེས་པའི་བཤད་སྲོལ་གཅིག་དང་། རིགས་གསུམ་མགོན་པོའི་མཚོན་བྱེད་ཡིན་ཟེར་བའི་བཤད་སྲོལ་ཁག་གཉིས་ཡོད། རིགས་གསུམ་མགོན་པོའི་མཚོན་བྱེད་ཡིན་ཟེར་བའི་བཤད་སྲོལ་དེ་ཡང་འདི་ལྟ་སྟེ། སྟག་གི་གཟུགས་བརྙན་ལས་འཇམ་དཔལ་དབྱངས་དང་། སོག་པོ་བའི་གཟུགས་བརྙན་ལས་སྤྱན་རས་གཟིགས། ལཐཅགས་ཐག་ལས་ཕྱག་ན་རྡོ་རྗེ་བཅས་བསྟན་གྱི་ཡོད་པར་གསུང་།
འབྲེལ་ཡོད་འོས་སྦྱོར།