logo

༄༅ །། རྣམ་བཅུ་དབང་ལྡན།

རྩོམ་པ་པོ།:cvbt ཡོང་ཁུངས།:མཙོ་སྔོན་པོ་དྲ་བ། དུས་ཚོད།:2009-10-03 ཀློག་གྲངས།:


ཚོན་རིས་ཅན་གྱི་རྣམ་བཅུ་དབང་ལྡན།

   རྣམ་བཅུ་དབང་ལྡན་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་གཟུངས་སྔགས་ལཉྫའི་ཡི་གེ་ཧྃ་ཀྵམ་ལ་ཝ་ར་ཨཽྃ་བརྩེགས་ནས་གྲུབ་པའི་རི་མོའི་གཟུགས་ཐུན་མོང་མིན་པ་ཞིག་ཡིན།  རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ་དང་།  རི་རབ་གཞལ་ཡས་ཁང་བཅས་པ་མ།  བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ།  ཐུགས་དཀྱིལ་འཁོར་གྱི་ལྷ་རྣམས་ཧ།  བདེ་ཆེན་འཁོར་ལོ་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ།  རྟེན་དང་བརྟེན་པའི་ལྷ་རྣམས་མཚོན་པར་བྱེད་གསུང་རུང་།  ལྷས་ཁྲེན་ཀོན་ཆུས་ཀྱིས་ཕྱག་བྲིས་གནང་བའི་རྣམ་བཅུ་དབང་ལྡན་གྱི་འགྲེལ་བཤད་ལ།  〝གཉིས་མེད་དུས་ཀྱི་འཁོར་ལོའི་རྣམ་བཅུ་དབང་ལྡན་དུ་གྲགས་པ་དེ་ནི་འབྱུང་བ།  རླུང་།  མེ།  ས།  ཆུ།  རི་རབ་སྟེ་སྟོན་པ་རྣམ་ལྔ་དང་།  འདོད་གཟུགས་དང་།  གཟུགས་མེད།  ཉི་ཟླ།  ཟླ་བ་གཉིས་བཅས་གཡོ་བ་རྣམ་པ་བཞི།  ཀུན་ཁྱབ་སྒྲ་གཅན་ནམ་མཁའི་ལྡིང་དང་བཅས་པ་བཅུ་བོ་དེ་འཇིག་རྟེན་གྱི་སྣོད་བཅུད་དུ་གྲུབ་པའི་ཁང་བཟང་གི་རྒྱན་དུ་སྤྲས་ན་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ཡོད་པར་མཚོན་ནོ།།〞ཞེས་བྲིས་པར་རྒྱུ་མཚན་ཆེ་ཙམ་འདུག་སྙམ།


འབྲེལ་ཡོད་འོས་སྦྱོར།