logo

ཆེས་སྔ་བའི་བོད་ཡིག་ཤིང་པར་མའི་སྐོར་ལ་རགས་ཙམ་དཔྱད་པ།

རྩོམ་པ་པོ།:ལྕགས་ཐར་ཚེ་རིང༌། ཡོང་ཁུངས།:བོད་ཀྱི་ལོ་རྒྱུས་དྲ་ཚིགས། དུས་ཚོད།:2009-07-06 ཀློག་གྲངས།:

  ནང་དོན་གནད་བཤུས། རང་རྒྱལ་གྱི་ཧེའེ་ཧྲུའེ་མཁར་(黑水城)གྱི་གནའ་ཤུལ་ལས་མི་ཉག་རྒྱལ་རབས་སྐབས་ཀྱི་རིག་དངོས་འབོར་ཆེན་རྙེད་པའི་མང་ཆེ་ཤོས་ད་ལྟ་ཨུ་རུ་སུའི་ཧྲིན་པིས་ཏི་པོའོ་(圣彼得堡)རུ་ཡོད།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐུ་ཞབས་ཧྲི་ཅིན་པོ་སོགས་ཀྱིས་ཞིབ་འཇུག་བྱས་པར།  དེའི་ཁྲོད་དུ་བོད་ཡིག་ཤིང་པར་མའི་ཡིག་ཚང་ཡང་མི་ཉུང་བ་ཞིག་ཡོད་པས།  དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས།  པར་སྐྲུན་ལས་རིགས་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རིན་ཐང་བྲལ་བ་ཞིག་ཡིན་ནོ།།

   [བརྡ་ཆད་གཙོ་བོ]  བོད་ཡིག་ཤིང་པར་མ།  ཧེའེ་ཧྲུའེ་མཁར།  མི་ཉག་རྒྱལ་རབས།  པར་སྐྲུན།

  བོད་མི་རིགས་འདི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་འོད་སྟོང་འབར་བའི་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཡིན་པ་འཛམ་གླིང་གི་རྒྱལ་ཁབ་ཕྱི་ནང་ཀུན་ན་ཁས་ལེན་བཞིན་ཡོད།  སྤྱི་ལོ་དུས་རབས་བདུན་པ་ནས་བརྒྱད་པའི་ནང་ཆབ་སྲིད་རྒྱ་བསྐྱེད་དེ་མངའ་ཐང་ཆེས་དར་བའི་སྐབས་སུ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་གི་ལོང་ཤན་རི་རྒྱུད་ནས་ལྷོ་བྲམ་ཟེ་ཡུལ་ལས་བརྒལ་བར་གཏུགས། ནུབ་སྟག་གཟིག་གི་སོ་མཚམས་སྤ་སྟག་ཤ་དུང་གི་སྒོ་མོ་ནས་བྱང་ཧོར་གྱི་བྱེ་མ་སྒང་རིང་བར་ལ་གཏུགས་ཏེ།  མཐའ་བཞིའི་རྒྱལ་ཁབ་དང་རྒྱལ་ཕྲན་ཁག་གིས་བོད་བཙན་པོའི་བཀའ་ལུང་སྤྱི་བོར་བླངས་ནས། སྐྱེས་དང་དཔྱ་ཁྲལ་ལོ་རེ་བཞིན་འབུལ་གྱིན་ཡོད།  ཡོངས་གྲགས་སུ་དུས་རབས་བདུན་པའི་ནང་བློན་ཐོན་མི་སམྦྷོ་ཊས་བོད་ཡིག་གསར་དུ་བཟོས་ཏེ་རྒྱ་གར་ནས་བཀའ་དང་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བས་ཆོས་ལུགས་རིག་གནས་གང་ཅིའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞེས་བཤད།  པར་སྐྲུན་ལས་རིགས་ཀྱི་ཐད་ལ་ཡང་ད་ལྟའི་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན།  ཁ་ཅིག་གིས་དུས་རབས་བརྒྱད་ པའི་ནང་བཞེངས་པའི་ཅོང་དང་དྲིལ་བུ་སྟེང་ན་ཡི་གེ་ཅན་བཞེངས་སྤྱད་ཀྱི་མ་ཕྱི་དེ་པར་གྱི་ཐོག་མར་ངེས་འཛིན་གྱིན་ཡོད།  ལ་ལས་བོད་བཙན་པོའི་རྒྱལ་རབས་གྱིས་སངས་རྒྱས་ཆོས་ལུགས་ལ་དད་དེ།  སྒྲ་བསྒྱུར་གླིང་སོགས་བཙུགས་པ་དང༌།  ཕྱིས་སུ་སུང་རྒྱལ་རབས་སྐབས་རྒྱ་ནག་ནས་པར་སྐྲུན་ལས་རིགས་ ནང་འདྲེན་བྱས་ཤིང༌།  པར་དུ་སྐྲུན་པའི་དཔེ་ཆ་ཡང་ཕུན་སུམ་ཚོགས་ལ་རྒྱ་ནག་དང་འགྲན་བཟོད་པ་ཞིག་ཡིན།”○1ཅེས་བཤད་པ་དང༌།  ཡང་སྐོར་ཞིག་གིས་དུས་རབས་བཅུ་གསུམ་པའི་མཇུག་ཏུ་པར་སྐྲུན་ལག་རྩལ་ནང་འདྲེན་བྱས་ཏེ།  སངས་རྒྱས་ཀྱི་ཆོས་གཞུང་མང་པོ་པར་སྐྲུན་བྱས།”○2ཞེས་འཁོད་ཡོད་མོད།  དེ་དག་ཚང་མར་རྒྱུ་ཆའི་ཁུངས་དང་ཡང་དག་པའི་ནང་དོན་ཞིག་ད་སྔ་ད་དུང་སྟོན་རྒྱུ་མེད།  ཡང་བོད་ཡིག་པར་སྐྲུན་ལས་རིགས་ཀྱི་དུས་ཚོད་ཐད་ལ།  ཆེས་སྔ་བ་ནི་སྤྱི་ལོ་༡༢༨༥ལོར་འགྲོ་མགོན་འཕགས་པའི་སློབ་མ་རྒྱའི་ལོ་ཙཱ་བ་ཆེན་མོ་ཧུའུ་ཅང་ཙོའུ་ཡིས་ཤིང་ཀུན་ནས་ཐང་ཡིག་གསར་མའི་ཐུ་བྷོད་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་དང༌།  རྗེས་སུ་གོ་ཤྲི་རིན་ཆེན་གྲགས་པ་ཉིད་རྒྱ་ཡུལ་དུ་བཞུགས་སྐབས་བསྒྱུར་ཡིག་གཏན་ལ་ཕབ་ནས་ཤིང་ཀུན་ཏུ་པར་དུ་བཏབ་ནས་འགྲེམས་སྤེལ་རྒྱ་ཁྱབ་ཏུ་གནང༌།”○3  གཞན་སྤྱི་ལོ་༡༣༠༢ལོ་ཡོན་རྒྱལ་རབས་སྐབས་བོད་ཡིག་གི་གདུགས་དཀར་ཚར་སུམ་ཅུ་ལྷག་དང༌།  གཟུངས་སྔགས་ཚར་བཅུ་ལྷག་དཔར་ཏེ་བོད་ཀྱི་ས་ཆ་སོ་སོར་བཀྲམས་ནས་འདོན་དུ་བཅུག”○4འདི་གཉིས་ནི་ཡོན་རྒྱལ་རབས་སྐབས་ཅུང་སྔ་བའི་བོད་ཡིག་གི་པར་མ་ཡིན་མོད་ད་ལྟ་མེད་བརླག་ཏུ་སོང་བས་མཐོང་རྒྱུ་མེད།  འོན་ཀྱང་སྔ་མ་དེ་རྗེས་བྱོན་གྱི་བོད་ཡིག་གི་དེབ་ཐེར་ཁག་མང་པོ་ཞིག་ཏུ་བརྗོད་དོན་དག་གནད་བསྡུས་བྱས་ནས་ དྲངས་ཡོད་དོ།  །མིག་སྔར་སྤྱིར་བཏང་དུ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་བཀའ་འགྱུར་པར་མ་ནས་བཟུང་བོད་ཡིག་ཤིང་པར་གྱི་ཆོས་གཞུང་པར་སྐྲུན་ཀྱི་ཆུ་རྒྱུན་རིང་མོའི་དབུ་ཚུགས་པར་བཤད།  དེ་ནི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ་༡༤༡༠ལོར་ཁོང་གི་འདས་མ་ཐག་པའི་བཙུན་མོའི་དགེ་རྩར་བློན་པོ་མངགས་ཏེ་ལྷ་ས་ནས་ཚལ་བ་བཀའ་འགྱུར་བྲིས་མ་གདན་དྲངས་པ་གཞིར་བཟུང་ནས་ནན་ཅིན་ནས་ཟངས་དཔར་བརྐོས་ཏེ་པར་དུ་བཏབ་པ་ཧ་ཅང་རྩ་ཆེ།  བསྡོམས་པས་ཆོས་ཚན་༡༠༨ཡོད་པ་དང༌།  ཆོས་ཚན་རེ་རེའི་སྟེང་དུ་རྒྱ་ཡིག་གི་《大明皇帝御制藏经赞》དང《御制后序》ཞེས་བྲིས་ཡོད། མཚལ་མདོག་གིས་པར་དུ་བཏབ་པ་དང༌།  པར་དུ་བཏབ་རྗེས་རི་བོ་རྩེ་ལྔ་དང༌།  བོད་ཀྱི་ས་སྐྱ་བ། ཀརྨ་པ།  རྗེ་ཙོང་ཁ་པ་སོགས་སོ་སོར་ཕུལ་བ་ལས་ད་ལྟ་གཉིས་མ་གཏོགས་མེད་དེ།  གཅིག་ནི་གོང་མ་ཡུང་ལོའི་ཁྲི་ ལོ་བཅུ་གཅིག་པ་སྤྱི་ལོ་༡༣༡༤ལོར་ས་སྐྱའི་


འབྲེལ་ཡོད་འོས་སྦྱོར།