༄༅།།སྐྱབས་མཆོག་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནས་བསེ་རྡོ་རྗེ་འཆང་ལ་གནང་བའི་བཀའ་སློབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-03
ཀློག་གྲངས།:
རྗེ་ཉིད་ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་བར་གསེང་ཞིག་ཏུ་ཕྲན་ཅག་ལ། ད་ལྟ་བཤད་ཚུལ་ལ་བལྟས་ན་ངེད་ཅག་སླར་འཕྲད་མི་འཕྲད་མི་ཤེས། འོན་ཀྱང་སྔོན་ཆད་ནས་ངས་བཤད་པ་ཐམས་ཅད་ཐུགས་ལ་བསྣམས་ཏེ་མ་བརྗེད་པ་གྱིས། རྐྱེན་ཇི་འདྲ་བྱུང་ཡང་སེམས་མ་ཞུམ་པར་སྙིང་སྟོབས་བསྐྱེད་དེ་རང་གི་ཐོས་བསམ་ཉམས་ལེན་གྱི་རིམ་པ་མཐའ་དག་མ་ཆག་པའི་ངང་བསྟན་འགྲོའི་དོན་འབའ་ཞིག་བསྒྲུབ་པ་དང་། ལྷག་པར་སྐུ་ཚེ་ཡུན་རིང་དུ་བརྟན་པའི་ཐུགས་སྨོན་གནང་དགོས། རྒན་པོ་བདག་ལའང་འཆི་ཁར་རྐྱེན་ངན་རེ་མི་འབྱུང་བའི་སྐྱབས་འཇུག་རེ་གནོངས། ཞེས་དང་། ཁྱེད་རང་དགུང་ལོ་ཆུང་བས་ད་དུང་གཞུང་ལུགས་ལ་སྦྱངས་པ་ཆེས་ཆེར་གནང་དགོས། ད་ལྟ་སློབ་གཉེར་ལ་ཧུར་ཐག་བྱེད་བཞིན་པའི་ཞོར་དུ་ཚོགས་གསོག་སྒྲིབ་སྦྱོང་ལའང་འབད་དགོས་པ་རྗེ་བླ་མའི་རྣམ་ཐར་ལྟར་ཡིན། གསག་སྦྱངས་དང་ཐོས་བསམ་སུམ་སྒྲིལ་དུ་བྱས་ན་ཐོས་རྐྱང་དུ་མི་འགྲོ་བའི་ཐོས་པ་གནད་དུ་འགྲོ་ཞིང་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་ཀྱང་འོང་བས་གསན་སྦྱོང་དང་ཐོས་བསམ་བྱེད་པ་དོན་ལྡན་དུ་འགྱུར་ངེས་ཡིན། ཞེས་དང་།
ད་ལྟ་རང་གི་སྣ་ཐག་རང་གིས་འཛིན་དགོས་པ་མ་གཏོགས་གཉེར་ཕྱག་མཛོད་ཀྱི་དབང་དུ་གཏོང་རྒྱུ་མེད། ཁོ་རང་རྣམས་སྐུ་དོན་ལ་ཤ་ཚ་ཡང་ལོངས་སྤྱོད་སྡུད་ལེན་དང་། འཇིག་རྟེན་གྱི་ཟང་ཟིང་ལ་དགའ་བ་མ་གཏོགས་ཆོས་ཕྱོགས་ཀྱི་གནད་མི་ཤེས། འདོད་ཡོན་བདུད་ཀྱི་གཡབ་མོ་ཡིན།།སྙན་གྲགས་བདུད་ཀྱི་ཞགས་པ་ཡིན།། དེང་དུས་ཀྱི་འདོད་ཡོན་ལ་སེམས་ཤོར་བ་ཐོག་མ་ནས་འགོག་དགོས། རང་གི་བསམ་པ་དང་ཀུན་སྤྱོད་ཐམས་ཅད་ཆོས་དང་མཐུན་པ་བྱུང་ན། རྟོགས་བརྗོད་སོགས་ལས། གང་ཚེ་རང་ཉིད་ཆོས་དང་མཐུན་གྱུར་ཚེ།།དེ་ཚེ་མ་བསྡུས་པར་ཡང་གདུལ་བྱ་འདུ།།མ་བསྒྲིམས་པར་ཡང་གདུལ་བྱ་ཤུགས་ཀྱིས་འབྱུང་།།ཞེས་དང་། ཆོས་མཐུན་སྐྱེས་བུ་གང་དུ་གནས་ཀྱང་བདེ།།ཞེས་བསླབ་བྱ་རྣམས་ལས་གསུངས་པ་ལྟར། ཉམས་ལེན་གྱི་གཙོ་བོ་བསླབ་ཁྲིམས་རྣམ་པར་དག་པས་སྤྱོད་ལམ་མཛེས་པ་དང་། ཐོས་དོན་ཉམས་སུ་བླངས་ནས་རང་རྒྱུད་ཆོས་དང་འབྲེལ་བར་བྱས་ཏེ་སྒོ་གསུམ་ཞི་དུལ་བག་ཡོད་ཅིག་བྱེད་པ་གལ་ཆེ། འདི་ལྟ་བུ་བྱུང་ན། ཐོས་རྟགས་ཞི་ཞིང་དུལ་བ་ཞེས་གསུངས་པ་དེ་དངོས་སུ་འོང་བ་ཡིན། དེ་ལྟ་བུའི་སྤྱོད་པ་ཞི་དུལ་བག་ཡོད་དང་། གཞན་དོན་ཁུར་དུ་ཁྱེར་བའི་ལྷག་བསམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་དགོས་པ་ཁྱེད་སྤྲུལ་སྐུ་རྣམས་ཀྱི་འགན་འཁུར་ཡིན།
བསྟན་པའི་བྱ་བ་ལ་དགོངས་ནས་ཐོས་བསམ་གྲུབ་རྗེས། ཡི་དམ་སོ་སོའི་བསྙེན་པ་ཚད་ལྡན་རེ་གནང་ནས་བསྟན་པའི་རྒྱུན་དབང་ལུང་རྗེས་གསུམ་སོགས་ཕྱོགས་མཐར་སྤེལ་དགོས། དེ་ཡང་རང་གི་བླ་མའི་ཕྱག་བཞེས་མ་ནོར་མ་ཆད་པ་ཁོ་ན་བྱེད་དགོས་པ་ལས། བླ་མ་སོ་སོའི་ཕྱག་ལེན་བསྲེ་མི་རུང་། ཆོས་ཀྱི་བརྒྱུད་པའང་འདྲ་མི་འདྲའི་དོགས་པ་ཅན་མང་པོ་ཡོད་པས། བཀའ་ཆོས་གང་ན་ཡོད་ས་ཐམས་ཅད་ལ་རྒྱུག་ན་བཟང་རྒྱུ་མེད། རྒྱུད་པ་ཁོངས་དག་ཐོག་མ་ནས་རྩད་གཅོད་དགོས་པས་ཡབ་རྗེ་གསེར་ཁང་བ་ཡབ་སྲས་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསན་ཡིག་སོགས་ལ་ཁོངས་གཏུགས་ཡོད་ན། ཁོང་རྣམས་ཀྱི་བརྒྱུད་པ་ཁུངས་དག་གཙང་མ་ཤ་སྟག་ཡིན་པས་དོགས་པ་ཟ་མི་དགོས། ང་རང་ལོ་ན་རྒས་པ་དང་དུས་ཀྱི་རྐྱེན་དབང་གིས་མང་བོ་འདོན་མི་ཐུབ། ཁྱེད་རང་ལོ་ན་ཆུང་བས་ངེད་ཀྱི་ཆོས་རྒྱུན་རྣམས་ཁྱེད་ཀྱིས་རྒྱུན་མ་འཆད་པ་བྱོས། ངས་ཁྱེད་ལ་རེ་བ་ཆེན་པོ་བཟུང་ཡོད། ས་ཕྱོགས་འདི་དག་ཏུ་ངེད་ཀྱི་ཚབ་བྱས་ཏེ་ཆོས་བཀའི་རྒྱུན་རྣམས་སྤེལ་ཐུབ་པ་ཞིག་བྱུང་ན་ངེད་ཀྱི་རེ་བ་གྲུབ་པ་ཡིན།
ད་སྐབས་དུས་དབང་གིས་དབང་རྗེས་གནང་གི་རྒྱུན་རེ་ཞིག་མི་འཆད་པ་འདྲ། དེ་ལ་ཟང་ཟིང་ཆེ་བས་ཞུ་མཁན་དང་འདོན་མཁན་ཡང་མང་། གསུང་འབུམ་སོགས་ཀྱི་ལུང་རྒྱུན་འདི་འཆད་ཉེན་ཆེ། དེ་ལ་ཟང་ཟིང་མེད་པས་ཞུ་མཁན་ཉུང་། སྐུ་ངལ་ཆེ་བས་གསུང་མཁན་ཀྱང་ཉུང་། བླ་སློབ་གཉིས་ཀ་སྡུག་རུས་ཅན་ཞིག་མིན་ན་ལུང་འདོན་རྒྱུ་དང་ཉན་རྒྱུ་ཧ་ཅང་དཀའ་ཚེགས་ཆེ། དེའི་རྐྱེན་གྱིས་ལུང་རྒྱུན་གང་ཡོད་སྤེལ་ཅི་ཐུབ་རེ་བྱ་རྒྱུ་ཐུགས་ལ་འཛིན་དགོས། ཁྲིད་དང་། བཤད་ལུང་གི་རིགས་ཀྱང་ད་སྐབས་གསུང་མཁན་ཉུང་བས་མདོ་སྔགས་གང་གི་སྐོར་གྱི་ཁྲིད་དང་། བཤད་ལུང་། སྙན་བརྒྱུད། མན་ངག་མང་བོའི་རྒྱུན་རྣམ་དག་རེ་བཙལ་ནས་ཁྱེད་ཀྱིས་ཉན་ཐབས་བྱོས། དེང་སྐབས་ཉམས་ལེན་བྱེད་མཁན་མེད་ཀྱང་། ཁྲིད་རྒྱུད་ཆད་ན་བསྟན་པ་ལ་གནོད་པ་ཆེ།
ད་ལྟའི་དུས་ཚོད་ནི། བསྟན་པའི་སྒྲོལ་མའི་ཞལ་ནས། ཀྱེ་ཧུ་དགེ་ལྡན་བསྟན་པ་ནི།།དཔལ་དང་འབྱོར་བ་རབ་རྒྱས་ཀྱང་།།བཤད་དང་སྒྲུབ་པ་ཆེ་ཕྲ་བས།།བསམ་ཀྱིན་ཤེས་པ་སྙིང་ནས་འཕྱོ།། ཞེས་གསུངས་པ་ལྟར། ད་ལྟ་བླ་ཆེན་རྣམས་དང་དགོན་སྡེ་ཆེན་པོ་ཕལ་ཆེར་འཇིག་རྟེན་གྱི་ཟང་ཟིང་གི་རྒྱ་ཆེ་ཆུང་དང་། དཔལ་འབྱོར་གྱི་སྟོབས་ཆེ་ཆུང་ལ་འགྲན་སྡུར་བྱེད་པ་ལས། བཤད་པ་འཆད་ཉན་དང་། སྒྲུབ་པ་ཉམས་ལེན་གྱི་བཟང་ངན་འགྲན་སྡུར་བྱེད་པ་ཉིན་སྐར་བཞིན་དུ་སོང་བ་དང་། རྗེ་བླ་མའི་བསྟན་པ་འདོད་ཡོན་གྱིས་འཇིག་ཅེས་ལུང་བསྟན་ཀྱང་ཡོད་པས་བསྟན་པ་འདི་ལ་ཕྱི་ནང་གཉིས་ཀྱི་སྒོ་ནས་གེགས་ཆེན་པོ་ཞིག་འབྱུང་བའི་སྔ་ལྟས་བྱུང་དང་འབྱུང་བཞིན་པ་ཐམས་ཆད་ཀྱིས་ཤེས། ང་རང་ལྟ་བུས་འཆི་ཁར་ཅི་ཞིག་མིག་གིས་མཐོང་རྒྱུ་མི་ཤེས་པས་སེམས་ཧ་ཅང་སྐྱོ་ཡང་ཐབས་མེད། ཁྱེད་ལོ་ན་གཞོན་པས་སེམས་སྐྱོ་མི་དགོས། འཇིག་རྟེན་གྱི་བྱ་བ་ལ་འགྱུར་ལྡོག་ཆེ་བ་མི་རྟག་པའི་ཆོས་ཉིད་རེད། དེ་ལ་ངེས་པ་མེད། ད་དུང་བསྟན་པ་འཇིག་པའི་དུས་ལ་སླེབས་མེད་པས་བསྟན་པའི་གཟུགས་བརྙན་ཙམ་ད་དུང་ཅུང་ཟད་གནས་རྒྱུ་རེད། བསྟན་པའི་ཐ་མ་འདི་ལ་བསླབ་ཁྲིམས་སྣ་གཅིག་སྲུང་ནས་ཐོས་བསམ་ཉམས་ལེན་ལ་ཉིན་གཅིག་བརྩོན་ནའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ། ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་ལྟར་ཡིན་པས་དེ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་བྱོས། སྤྲུལ་སྐུ་བསྟན་དོན་དུ་ཕེབས་ན།། བསྟན་པར་ལག་རྗེ་རེ་ཞོག་ཅིག།ཅེས་གསུངས་པ་ལྟར། ཁྱེད་བླ་མ་རྣམས་ཀྱིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་རེ་མཛད་རྒྱུ་གལ་ཆེ་བས། ཁྱེད་ཀྱིས་ཀྱང་སྐུ་ཡོན་གསན་སྦྱོང་ད་དུང་ཡང་ངོམས་པ་མེད་པར་མཛད་ནས་འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཐབས་དང་། རྐྱེན་ཅི་ལ་ཐུག་ཀྱང་སེམས་མི་ཞུམ་པར་སྙིང་སྟོབས་བསྐྱེད་དེ་བསྟན་པ་དང་། འགྲོ་བའི་དོན་རྒྱ་ཆེ་བར་བསྒྲུབ་དགོས།
ཞེས་སོགས་ཀྱི་བཀའ་སློབ་དོན་གྱི་རུས་པ་ཅན་སྙིང་གི་གསོས་སུ་བསྩལ་བའི་བཀའ་དྲིན་གཞལ་དུ་མ་མཆིས་པས་བསྐྱངས། ཕྲན་ནས་ཀྱང་། སྒོ་གསུམ་གུས་པས་བླ་མ་རྡོ་རྗེ་འཆང་གི་ཇི་ལྟར་བཀའ་བསྩལ་བའི་གདམས་པ་མཐའ་དག་སྙིང་གི་དཀྱིལ་དུ་བཅངས་ཏེ་དགོངས་མཐིལ་དང་བསྟུན་པའི་བྱ་བ་འབའ་ཞིག་གི་སྒོ་ནས་བཀའ་བཞིན་བསྒྲུབ་པའི་མཆོད་པ་ལྷུར་ལེན་པའི་དམ་བཅའ་ཕུལ་བས་ཐུགས་དགྱེས་པའི་རྩེར་སོན།

འབྲེལ་ཡོད་འོས་སྦྱོར།