༄༅།། ཚབ་ཚ་དགོན་པའི་ལོ་སུམ་བརྒྱའི་སྔོན་གྱི་ལྡེབས་རིས་རྩ་ཆེན།
རྩོམ་པ་པོ།:དཀོན་མཆོག་རྡོ་རྗེ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན་དྲ་བ།
དུས་ཚོད།:2019-12-26
ཀློག་གྲངས།:
སྡེ་དགེའི་ཚབ་ཚ་དགོན་དུ་ལྡེབས་རིས་རྙིང་པ་རྩ་ཆེན་ཁག་ཅིག་ཡོད་པ་དང་། ཆེད་མཁས་པ་ཝུན་ཡུན་ཁྲེང་དང་། དཀོན་མཆོག་བསྟན་འཛིན་སོགས་འབྲེལ་ཡོད་ཆེད་མཁས་པ5ཙམ་གྱིས་ལྡེབས་རིས་དེའི་ལོ་ཚད་དང་རིན་ཐང་སྐོར་ལ་མགྲིན་གཅིག་ཏུ་ཧ་ལམ་ལོ་སུམ་བརྒྱ་ཡན་མན་གྱི་ལོ་རྒྱུས་ཡོད་ཚུལ་དང་གལ་ཆེ་ཚུལ་གསུངས།
སྤྱིར་ཚབ་ཚ་དགོན་པར་འདུ་ཁང་གསར་རྙིང་གཉིས་ཡོད་པའི་ནང་གི་གཡོན་གྱི་འདུ་ཁང་རྙིང་པའི་ནང་དུ་ལྡེབས་རིས་རྩ་ཆེན་མང་དག་ལུས་ཡོད་ཅིང་། སྒོ་འགྲམ་གཡས་གཡོན་དུ་ཆོས་སྲུང་ནོར་ལྷའི་སྐོར་དང་། སྒོའི་གཡོན་ཕྱོགས་དང་མདུན་ཕྱོགས། གཡས་ཕྱོགས་བཅས་སུ་སྟོན་པའི་སྐྱེས་རབས་གཙོས་པའི་གཙོ་སྐུ་རྒྱལ་བ་རིགས་ལྔ་དང་། བཀའ་བརྒྱུད་ཀྱི་བླ་སྐུ་དག་གིས་ཟུར་རྒྱན་བྱས་ཤིང་། གཙང་ཁང་དུ་གཙོ་ལྷ་ཚེ་དཔག་མེད་ལ་ཚེ་ལྷ་རྣམ་གསུམ་དང་ཚེ་དཔག་མེད་སྟོང་སྐུས་བསྐོར་བའི་སྡེབས་རིས་ངོ་མཚར་བ་མང་དག་བཞུགས་འདུག །ད་དུང་གཙང་ཁང་ནང་གི་འཇིམ་སྐུ་ཆེན་པོ་དག་གི་རྒྱབ་ཡོལ་གྱི་རྒྱན་དྲུག་དང་། གནས་བརྟན་བྲག་རི་མ་དང་འཇིམ་སྐུ་རྙིང་པ་ཁ་ཤས་སྔོན་མ་ཇི་བཞིན་ལུས་ཡོད་པ་ནི་དེ་བས་རིན་མཐོང་ཆེ་བར་མཐོང་།
རྣམ་རྒྱལ་མའི་ལྡེབས་རིས།
སྒྲོལ་དཀར་གྱི་ལྡེབས་རིས།
ཚེ་ལྷ་རྣམ་གསུམ་གྱི་ལྡེབས་རིས།
ཤཱཀྱ་ཐུབ་པའི་ལྡེབས་རིས།
སངས་རྒྱས་མར་མེ་མཛད་ཀྱི་ཞིང་བཀོད།
གེ་སར་རྒྱལ་པོའི་ལྡེབས་རིས།
སྐྱེས་རབས་ཀྱི་ཟུར་ཞིག
འོད་དཔག་མེད་ཀྱི་ལྡེབས་རིས།
ལྷ་མ་ཡིན་གྱི་གྲོང་ཁྱེར།
སྐྱེས་རབས་ཀྱི་ཟུར་ཞིག
ཆོས་འཁོར་སྐོར་བ་སྐུལ་བའི་ཟུར་ཞིག
ཚེ་དཔག་མེད་ཀྱི་ལྡེབས་རིས།
བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ།
འབྲེལ་ཡོད་འོས་སྦྱོར།
