༄༅༎ཤར་སྐྱ་རེངས་དར་ཆེན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-02
ཀློག་གྲངས།:
ཤར་སྐྱ་རེངས་དར་ཆེན་ནི་ལྷ་སའི་བར་སྐོར་ཤར་ལྷོའི་མཚམས་སུ་གནས། རབ་བྱུང་བདུན་པའི་ས་གླང་སྤྱི་ལོ1409ལོར་བཙུགས། ད་བར་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། དར་ཆེན་དེ་ནི་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གི་མཛད་ཆེན་བཞིའི་ཡ་གྱལ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་པོ་སྲོལ་གཏོད་མཛད་སྐབས། ཕྱིའི་སྐོར་ལམ་ཆེན་མོར་ཕྱོགས་སྐྱོང་བཅོ་ལྔ་མཚོན་པའི་དར་པོ་ཆེ་བཅོ་ལྔ་གོས་དར་སོགས་ལས་བྱས་པའི་བ་དན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ལྷག་པར་དུ་དར་ཆེན་དེའི་ནང་ཙོང་ཁ་པ་ཆེན་པོའི་ཕྱག་འཁར་ཞིག་གཟུངས་གཞུག་ཏུ་སྒྲོན་ཡོད་པས་བྱིན་རླབས་ཤིན་ཏུ་ཆེའོ། དར་ཆེན་དེ་ནི་སྐྱ་བརྡ་མ་བཏང་གོང་བཙུགས་པས་ན་ཤར་སྐྱ་རེངས་དར་ཆེན་ཞེས་འབོད།
འབྲེལ་ཡོད་འོས་སྦྱོར།