༄༅།།གཞིས་རྩེ་བཀྲ་ཤིས་ལྷུན་པའི་གཟིགས་མོའི་ཆེན་མོའི་འཆམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-24
ཀློག་གྲངས།:
བཀྲ་ཤིས་ལྷུན་པོ་སྟེ་མཚན་རྒྱས་པར་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཞུ་བ་འདི་ཉིད་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མྱང་སྨད་ཉི་མ་རི་ལ་རྫོང་ལ་རི་ཞིག་བྱུང་ཞེས་དང་། ས་པཎ་གྱིས་ས་ལ་བསམ་དོན་གྲུབ་པའི་རྩེ་མོར་གྲགས་ཞེས་ལུང་གིས་བསྔགས་པའི་གནས་དམ་པ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལྷོ་ངོས་སུ་ཆགས་ཡོད་ཅིང་། དེ་ཡང་ཆོས་སྡེ་འདི་ཉིད་བོད་རབ་བྱུང་བརྒྱད་པའི་མེ་ཡོས་ཏེ་སྤྱི་ལོ༡༤༤༧ལོར་རྒྱལ་དབང་སྐུ་ཕྲེང་དང་བོ་རྗེ་དགེ་འདུན་གྲུབ་ཀྱིས་རྒྱབ་རི་གླང་ཆེན་ཉལ་འདྲའི་གུད་དུ་གསར་བཞེངས་གནང་པ་དང་།དེང་སྐབས་དགོན་སྡེ་འདིར་ཤར་རྩེ་གྲྭ་ཚང་དང་། དཀྱིལ་ཁང་གྲྭ་ཚང་། སྔགས་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ཡོད་ལ། གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་བཞི་སོགས་ལ་སློབ་གཉེར་བྱེད་སའི་དབུས་གཙང་གི་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན།
འདིར་འཆད་བྱར་གྱུར་བའི་བཀྲ་ཤིས་ལྷུན་པོའི་གཟིགས་མོ་ཆེན་མོའི་འཆམ་འདི་ཉིད་དུས་ནམ་ཞིག་ལ་བྱུང་བར་བཞེད་ཚུལ་མི་མཐུན་པ་རེ་གཉིས་མཆིས་ནའང་། དགོན་འདིའི་འཆམ་དཔོན་གུ་གེ་བླ་མ་ཚེ་རིང་གི་བརྩམས་ཆོས་ཤིག་ཏུ་འདི་ལྟར་གསུངས་འདུག་སྟེ། སྤྱི་ལོ༡༦༡༧(བོད་རབ་བྱུང་བཅུ་བའི་མེ་སྦྲུལ)ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཞི་བ་བློ་བཟང་ཡེ་ཤེས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྔགས་པ་གྲྭ་ཚང་གསར་འཛུགས་གནང་ཞིང་། སྤྱི་ལོ༡༦༤༧ཏེ་བོད་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་དགུང་ལོ་དོན་བརྒྱད་ལ་སོན་པའི་པཎ་ཆེན་མཆོག་གིས་བསམ་ཡས་དགོན་པའི་གུ་རུ་མཚན་བརྒྱད་ཀྱི་འཆམ་ལ་དཔེ་གཟིགས་མཛད་དེ་ད་ལྟའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་དགུ་བཟློག་གི་འཆམ་འདི་ཉིད་གསར་བཏོད་མཛད་པར་གསུངས་ལ། གཞན་འདིའི་སྐོར་དུང་དཀར་རིན་པོ་ཆེའི་ཚིག་མཛོད་དུའང་ཅུང་ཟད་བརྗོད་འདུག་པ་བཀོད་ན། གདན་ས་འདིར་གར་འཆམས་ཀྱི་སྲོལ་དུས་སྐབས་གང་དུ་དབུ་ཚུགས་པའི་སྐོར་ངག་རྒྱུན་དུ་ཤོད་སྲོལ་མི་འདྲ་བ་འདུག་ཀྱང་། ལྕང་སྐྱ་རིན་པོ་ཆེ་རོལ་བའི་རྡོ་རྗེས་མཛད་པའི《ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར》ལྕགས་དཔར་མའི་ཤོག་གྲངས༢༡༩པར་འཁོད་དོན། སྐུ་མཚམས་གྲོལ་རྗེས་ལོ་མཇུག(རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་༡༧༤༠)ལོར་གཏོར་བཟློག་ལ་གོང་མ་ཆེན་པོས་བསྩལ་པའི་འཆམས་གོས་ཁྱད་མཚར་ཡོད་པ་དང་། རྣམ་རྒྱལ་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་བཅས་བཀྲ་ཤིས་ལྷུན་པོ་སྔགས་ཁང་ནས་འཆམས་དཔོན་ཆེད་གཉེར་གྱིས་བོས་ཏེ་སློབ་སྦྱོང་ལེགས་པར་གྲུབ་པས་འཆམས་ལ་གཟིགས་ཞེས་གསལ་ཞིང་། སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དགུང་ལོ་གསུམ་ལས་ཕེབས་མེད་པར་མ་ཟད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི《རང་རྣམ》གྱི་ནང་དགུང་ལོ་དྲུག་བཞེས་པ་ལ་སྤྲེལ(༡༦༦༨)ལོ་དང་། དགུང་ལོ་བཅུ་བདུན་བཞེས་པ་ས་ལུག(༡༦༦༩)ལོ་དང་། དགུང་ལོ་ཉི་ཤུ་བཞེས་པ་ཆུ་ཁྱི(༡༦༨༢)ལོ་དང་། དགུང་ལོ་ང་གཅིག་བཞེས་པ་ཆུ་སྦྲུལ(༡༧༡༣)ལོ་བཅས་ལ། འཆམས་གོས་མངགས་བཏགས་སྣ་ཚོགས་དང་། ཞྭ་ནག་གི་འཆམས་གོས་ཕྱག་མཚན་དང་བཅས་པ་ཆ་ཚང་། ཁྲོ་བོའི་འབག་བརྒྱད། གོང་མ་ཁང་ཤིས་སྲས་བཞི་བས་ཕུལ་བའི་འཆམས་གོས་མངགས་བཏགས་མ་ཆ་ཚང་ཉི་ཤུ་རྩ་བརྒྱད་བཅས་བཀྲ་ཤིས་ལྷུན་པོའི་སྔགས་ཁང་དང་དབེན་དགོན་གཉིས་ལ་སྦྱོར་འཇགས་གནང་ཚུལ་གསུངས་འདུག་པས། སྐབས་དེ་དུས་གར་འཆམས་ཀྱི་སྲོལ་ཚུགས་ཟིན་པ་ར་སྤྲོད་བྱུང་། ཞེས་གསུངས་པ་གཉིས་སྔ་ཕྱི་གོང་བསྒྲིགས་ནས་དཔྱད་ན་གར་འཆམ་འདི་ཉིད་ཕལ་ཆེར་རབ་བྱུང་བཅུ་གཅིག་པར་དབུ་ཚུགས་པར་ཡིད་ཆེས་རྙེད་དོ།།
ཕྱིས་བོད་རབ་བྱུང་བཅུ་བཞི་བའི་ཆུ་ཁྱི་སྟེ་སྤྱི་ལོ༡༨༦༢ལོར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་ལྷ་སའི་ཕྱོགས་ཀྱི་ཆོ་ག་མཛད་སྒོ་མང་བོར་ཞུགས་ཤིང་། དུས་སྐབས་དེའི་ནང་ཁོང་ལ་དགོན་པའི་སྒྲིག་ལམ་ལེགས་བཅོས་བྱེད་པའི་ཐུགས་འདུན་རླབས་པོ་ཆེ་འཁྲུངས་པས་བདེ་ཆེན་སྐལ་བཟང་ཕོ་བྲང་འཛུགས་སྐྲུན་གནང་བ་རེད། ཆབས་ཅིག་ཏུ་ཁོང་གིས་སྔོན་གྱི་སྔགས་པ་གྲྭ་ཚང་གི་འཆམ་གྱི་རྨང་གཞིའི་སྟེང་ཚལ་གུང་ཐང་དང་། ལྷོ་བྲག བསྟན་རྒྱས་གླིང་། ཚེ་མཆོག་གླིང་སོགས་ཀྱི་འཆམ་ལས་ལེགས་ཆ་བཏུས་ཏེ་སྔར་གྱི་འཆམ་འདི་ཉིད་འཐུས་ཚང་དུ་བཏང་བར་མ་ཟད། ཆ་ཚང་རང་བཞིན་ཅན་གྱི་གཟིགས་མོ་ཆེན་མོའི་འཆམ་དངོས་སུ་ཚུགས་པ་དང་། རྩེ་དགོན་གྲྭ་ཚང་གི་གྲྭ་བཙུན་དག་གིས་འཁྲབ་པར་བྱས་ཏེ་ད་ལྟའི་བར་གནས་པ་འདིའོ།།
གཟིགས་མོ་ཆེན་མོའི་འཆམ་གྱི་ཐོག་མ་ནི་སྔོན་འགྲོ་ཡིན་ཏེ། ཐོག་མར་ལོ་ན་བགྲེས་པའི་རྒན་རྒོན་གཉིས་འཆམ་སྟེགས་སུ་ཐོན་ཅིང་། རྒན་རྒོན་གཉིས་ཀྱི་གྱོན་ཆས་ཀྱང་འདོད་མོས་ལྟར་དུ་མིན་པར་ངེས་གཏན་ཅན་ཏེ་རྒན་པོ་དེས་ལུས་ལ་གོས་ཆེན་སེར་བོའི་ན་བཟའ་བཀླུབས་པ་དང་། འཇའ་ཆེན་སེར་བོ་རྐང་ལ་གོན་པ། གདོང་ལ་བགྲེས་པའི་ཞལ་འབག་སེར་བོ་གོན་པ། མགོ་ལ་ར་མ་དཀར་མོའི་རལ་བ་ཐོགས་པ། རྒྱབ་ལ་རྒྱ་དྲུབ་ཕུར་བྱུག་བཏགས་ཡོད་ཅིང་བྲང་ཁར་དྲིལ་ཆུང་མང་བོ་བཏགས་ནས་ཡོད་པ། རྒན་མོ་དེས་ལུས་ལ་ལྭ་བ་སྔོན་པོ་གྱོན་ཅིང་། རྐང་ལ་འཇའ་ཆེན་དམར་སེར་གོན་པ། གདོང་ལ་ཞལ་འབག་སྔོན་པོ་མནབས་པ། མགོ་ལ་ར་མ་དཀར་མོའི་རལ་བ་དང་། བྲང་ཁར་གའུ་དང་དྲིལ་ཆུང་བཏགས་ཏེ་འཁྲབ་སྟོན་བྱེད་ཅིང་། འཁྲབ་སྟོན་པའང་གང་དགར་བདམས་པས་མི་ཆོག་པར་ངེས་པར་སྒྱུ་རྩལ་ལ་འཇོན་པའི་གྲྭ་བཙུན་ཡིན་དགོས། དེ་ཡང་འཁྲབ་སྟོན་པ་གཉིས་ཀྱིས་གཙོ་བོ་སྐེའི་དྲིལ་བུའི་སིལ་སྒྲ་དང་བསྟུན་ཏེ་ལུས་ཀྱི་ཉམས་འགྱུར་སྣ་ཚོགས་ལྐུགས་པའི་ཚུལ་གྱིས་སྟོན་པར་བྱེད་པ་དང་། འཁྲབ་སྟོན་གྱི་ནང་དོན་ཕལ་ཆེ་བ་སྐབས་དེའི་སྤྱི་ཚོགས་ཁྲོད་གནས་པའི་མགོ་གཡོག་མགོ་བསྐོར་གྱི་བྱ་སྤྱོད་དག་དང་། ས་གནས་ཀྱི་འགོ་བ་དག་གི་ལྐོག་རྔན་ལེན་པའི་བྱ་བ་དག་དགོད་བྲོ་བའི་ལམ་ནས་མཚོན་པར་བྱེད་པ་ཡིན་པས་ལྟ་མཁན་དག་གི་དགོད་སྒྲ་བསྟུད་མར་འབྱིན་པར་བྱེད། བཤད་རྒྱུན་ལ་རྒན་རྒོན་འདི་གཉིས་སྔོན་ཆད་གཞིས་ཀ་རྩེའི་ཞིང་བདག་བཟའ་ཟླ་གཉིས་ཡིན་པ་དང་། ཁོང་གཉིས་ཁ་བཏོན་དགེ་སྦྱོར་གྱི་ལས་ལ་ཤིན་ཏུ་མོས་ཤིང་དཀར་བོ་དགེ་བའི་བྱ་བར་རྟག་ཏུ་བརྩོན་པ་ཞིག་ཡིན་པར་མ་ཟད། པཎ་ཆེན་སྐུ་ཕྲེང་དགུ་བ་བསྟན་པའི་དབང་ཕྱུག་གི་སྐུ་ཚེ་ཡུན་རིང་བརྟན་ཕྱིར་ལོ་ན་བགྲེས་པའི་བཟའ་ཚོ་འདི་གཉིས་ཀྱིས་རང་གི་ཞིང་ས་དགོན་པར་ཕུལ་ཏེ་ཚུལ་ཁང་གྲྭ་ཚང་གི་འཆམ་འཁྲབ་ས་བྱས་པ་རེད། རྗེས་སུ་པཎ་ཆེན་མཆོག་གིས་རྒན་རྒོན་འདི་གཉིས་ཀྱི་རྣམ་དཀར་དགེ་བའི་ལས་ལ་རྗེས་དྲན་དང་གཟེངས་སུ་བསྟོད་ཆེད་རྒན་རྒོན་འདི་གཉིས་ཀྱི་སྣང་བརྙན་འཆམ་གྱི་ཁྲོད་དུ་བཞག་པར་གྲགས།
འཆམ་གྱི་དུམ་མཚམས་བཅོ་ལྔ་བ་ནི་དགོན་པ་དེ་གའི་ཆོས་སྐྱོང་དང་སྲུང་མའི་ཚོགས་ཀྱི་ཚན་པ་ཡིན་ལ་འཆམ་འདི་གཡས་བསྐོར་གྱིས་འཁྲབ་པར་བྱེད་པ་དང་། སྟངས་སྟབས་དལ་ཞིང་ཅུང་རྫིག་ཉམས་དོད་པ་ཞིག་གོ། ཚན་པ་བཅུ་དྲུག་པ་ནི་མི་གཉིས་ཀྱིས་འཁྲབ་པའི་ལས་མཁན་གྱི་འཆམ་ཡིན་ཏེ། ཁོ་གཉིས་ཀྱིས་དམར་སྨྲིག་གི་འཇིགས་རུང་གདོང་འབག་གྱོན་ཞིང་། སྟོད་ལ་མགོ་ཤུབས་དང་སྐེད་པར་དར་དམར་བོ་དང་སྔོན་པོ་བསྣོལ་མའི་སྐ་རགས་དཀྲིས་ཡོད་ལ། སྨད་གཡོགས་དམར་པོ་ཞིག་དང་རྐང་ལ་འཇའ་ཆེན་ཡུ་རིང་གྱོན་པར་མ་ཟད། ལག་ཏུ་སྟ་རེ་དང་ཐག་པ་ཐོགས་ཏེ་རྔ་སྦུག་གི་གདངས་དབྱངས་ཁྲོད་འཆམ་ལྷས་ཀྱི་གདོན་གཟུགས་གཏུབ་པར་བྱས་ཏེ་གདོན་བགེགས་རིང་དུ་བསྐྲོད་པའི་རྟེན་འབྲེལ་བསྒྲིགས།
འཆམ་གྱི་ཉིན་གཉིས་པའི་འཁྲབ་སྟོན་གཙོ་བོ་ཉིན་དང་བོའི་འཁྲབ་སྟོན་གྱི་རྨང་གཞིའི་སྟེང་འཁྲབ་མཁན་བཅོ་བརྒྱད་ཀྱིས་གྲུབ་པའི་ཆོས་རྒྱལ་ཡབ་ཡུམ་དང་། གནོད་སྦྱིན་ཙི་དམར་སོགས་འཁྲབ་པར་བྱེད་ལ། འཆམ་གྱི་སྟངས་སྟབས་རྫིག་ཅིང་རྔམ་པས་ལྟ་མཁན་དག་གི་སྲོག་སྙིང་འགོས་པར་བྱེད། ཉིན་གསུམ་པའི་འཆམ་ནི་སྔོན་མའི་ཉིན་གཉིས་དང་མི་མཚུངས་པར་རོལ་རྩེད་རང་བཞིན་ཅན་གྱི་འཁྲབ་སྟོན་ཡིན། དེ་ལ་སྔོན་བྱོན་མཁས་དབང་དམ་པའི་མཛད་ཆེན་དང་། གྲུབ་ཆེན་རྣལ་འབྱོར་དག་གི་སྤྱོད་པ། རང་བྱུང་ཁོར་ཡུག་སོགས་ལ་བསྟོད་པའི་ཆོས་དྲན་གར་ཞེས་པའི་ཚན་པ་ཞིག་དང་། ཚེ་རིང་རྣམ་དྲུག། འབྲོང་རྒོད་དར་མ། སེང་གེ་གར་སོགས་ཀྱིས་གྲུབ་པའི་ཚན་པ། གཞན་ས་གནས་ཟློས་གར་ཚོགས་པའི་འཁྲབ་སྟོན་བཅས་ཚན་པ་གསུམ་ཡོད། སྔ་མའི་འཆམ་གོས་གཙོ་བོ་ཆང་རྒྱལ་རབས་སྐབས་ཀྱི་ཧྭ་ཤང་གི་གྱོན་ཆས་ཡིན་ལ། ལག་ཏུ་རྔ་ཆེ་ཆུང་དང་། དུང་སོགས་ཀྱི་རོལ་ཆས་ཐོགས་ཡོད། བར་གྱི་འཁྲབ་སྟོན་གྱི་ནང་དོན་གཙོ་བོ་འགྱིག་ཤོག་སོགས་ཀྱིས་རི་དྭགས་འདི་དག་གི་གཟུགས་བྱད་བཟོ་བའམ། ཡང་ན་རི་དྭགས་དངོས་ཁྲིད་དེ་འཁྲབ་སྟོན་བྱེད་ལ། དེའི་རྗེས་ཞལ་འབག་དཀར་བོ་དང་ནག་པོ་གོན་པ་གཉིས་ཀྱིས་ལུས་རྩལ་འགྲན་པ་དང་། ཞལ་འབག་ནག་པོ་གྱོན་པ་དེ་ཕམ་པའི་སྣང་ཚུལ་འཁྲབ་སྟོན་བྱེད། ཐ་མའི་འཁྲབ་སྟོན་ལ་ས་གནས་ཟློས་གར་འཁྲབ་སྟོན་ཚོགས་པས་མིག་གི་དབང་བོ་འཕྲོག་པར་བྱེད་པའི་ཟློས་གར་འཁྲབ་སྟོན་བྱས་རྗེས་དགོན་པའི་རྟེན་བྱིན་ཆེན་དག་གདན་དྲངས་ནས་ལྟ་མཁན་དག་ལ་མཇལ་ཁ་ཞུ་ཞིང་། དེའི་རྗེས་བསང་དུད་དང་ལྷ་རྒྱལ་གྱི་ཁྲོད་ནས་གཟིགས་མོ་ཆེན་མོའི་འཆམ་དངོས་སུ་མཇུག་རྫོགས་པའོ།།
འཆམ་འཁྲབ་མཁན་གྱི་ཆ་ནས། འཆམ་མཁན་དག་གི་ལུས་གཞི་བདེ་ཐང་ཡིན་དགོས་ལ་ལུས་སྟོབས་ཆེན་པོ་ཡིན་དགོས་པར་མ་ཟད། ཆོས་ལུགས་ཆོ་གར་ནང་བྱུན་ཆུད་ཅིང་ཚུལ་ཁྲིམས་གཙང་ལ་བཙན་པ་ཞིག་ཡིན་དགོས། འཁྲབ་སྟོན་པས་ལྷ་སྐུ་གང་ཞིག་འཁྲབ་སྟོན་བྱེད་དུས་ལྷ་དེ་ཉིད་རང་གི་ལུས་ལ་གནས་པའི་ཉམས་སྣང་འཛིན་དགོས་ལ་གཟུངས་སྔགས་ཟབ་མོ་བསྟུད་མར་བཟློ་བ་དང་ལུས་ཀྱི་བཟོ་ལྟ་དག་ཀྱང་ལྷའི་ཕྱག་རྒྱ་ལྟར་ཐོན་པར་བྱེད་པ་ཤིན་ཏུ་གཙིགས། དེ་ཡང་རྙིང་མ་བས་གར་འཆམ་བྱེད་པའི་ཁྲོད་ལག་པའི་ཕྱག་རྒྱ་ལ་གར་དང་། རྐང་བའི་སྟངས་སྟབས་ལ་འཆམ་ཞེས་འབོད་པས་འཁྲབ་མཁན་གྱིས་རྐང་ལག་སོགས་ལུས་ཀྱི་ཆ་ཐམས་ཅད་ནས་ཉམས་ཐོན་པར་བྱེད་པ་ཤིན་ཏུ་གཙོ། འཆམ་གོས་དང་ཡོ་ཆས་ཀྱི་ཆ་ནས། འཆམ་གོས་གཙོ་ཆེར་ལྷའི་ན་བཟའ་ལྟར་བཟོ་ལ། ཞལ་འབག་ཀྱང་ལྷའི་ཞལ་རས་དང་ཆ་མཚུངས་པར་བཟོས་ཡོད་རྐྱེན་ཞལ་འབག་ལ་ལ་འཇིགས་རུང་གི་ཉམས་དང་། ལ་ལ་ཁྲོ་བོའི་ཉམས། ཡང་ལ་ལ་སྙིང་རྗེ་ཉམས་སོགས་སྣ་མང་ཞིང་། གཟུགས་བརྙན་གང་ཡིན་ཡང་དཔའ་ཞིང་བརྗིད་པའི་ཉམས་ལྡན་ནོ།། གཞན་འཁྲབ་སྟོན་བྱེད་དུས་ཀྱི་རོལ་ཆས་ལའང་རྔ་ཆན་བཅུ་དང་། དུང་དཀར་གཉིས། རྐང་གླིང་གཉིས་སོགས་ཡོད་ལ། དེ་དག་འཆམ་གྱི་ཆོ་ག་དང་བསྟུན་ཏེ་དཀྲོལ་རྡུང་འབུད་གསུམ་བྱེད་དགོས་སོ།།

འབྲེལ་ཡོད་འོས་སྦྱོར།