༄༅།།འཕགས་པའི་གནས་བརྟན་བཅུ་དྲུག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:དུས་ཐོག་ཆར་བའི་བོད་ཡིག་འཕྲིན་སྟེགས།
དུས་ཚོད།:2020-07-03
ཀློག་གྲངས།:
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲག(༡.གནས་བརྟན་ཡན་ལག་འབྱུང་། ༢.མ་ཕམ་པ། ༣.ནགས་ན་གནས། ༤.དུས་ལྡན། ༥.རྡོ་རྗེ་མོའི་བུ། ༦.བཟང་བོ། ༧.གསེར་བེའུ། ༨.བྷ་ར་དྷྭ་ཛ་གསེར་ཅན། ༩.བ་ཀུ་ལ། ༡༠.སྒྲ་གཅན་འཛིན། ༡༡.ལམ་ཕྲན་བརྟན། ༡༢.བསོད་སྙོམས་ལེན། ༡༣.ལམ་བསྟན། ༡༤.ཀླུའི་སྡེ། ༡༥.སྦེད་བྱེད། ༡༦.མི་ཕྱེད་པ་བཅས)ལ་འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་པའི་བར་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་སྐྱོང་དགོས་ཞེས་བཀའ་ཕབ་པ་ལྟར།ཁོང་རྣམས་ཀྱང་གླིང་བཞི་དང་། འཛམ་གླིང་གི་བྱ་རྒོད་ཕུང་པོའི་རི་དང་། ལོ་མ་བདུན་པའི་རི་ཕུགཆུ་བོ་ཡ་མུ་ནའི་གླིང་། གངས་རི་ཏི་སེ་སོགས་གནས་མི་འདྲ་བ་བཅུ་དྲག་ལ་བཞུགས་ནས་བསྟན་པ་དར་སྤེལ་མཛད་པ་ཡིན་ཞེས་བཤད་སྲོལ་དང་གནས་བརྟན་གྱི་གྲས་སུ་ཡོད་པའི་ཧཱ་ཤང་དེ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་སྐབས་གནས་བརྟན་རྣམས་ལ་སྣེ་ལེན་ཞུ་མཁན་དང་རྒྱུན་དུ་གོང་མའི་མཆོད་གནས་དང་།གོང་མའི་སྲས་བརྒྱད་ཀྱི་དགེ་རྒན་དུ་བཞུགས་པ་དེ་ཡིན་པ་དང་། གནས་བརྟན་གྱི་གྲས་སུ་ཡོད་པའི་དགེ་བསྙེན་དྷརྨ་ཏཱ་ལ་ནི།དུས་རབས་བཅུ་གཅིག་པའི་འགོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་བྲག་ཡེར་པར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ཏེ་འབྲོམ་སྟོན་པས་གནས་བརྟན་རྣམས་གསོལ་སྟོན་གྱི་བྱིན་ལེན་ཞུ་མཁན་མཛད་པ་དེ་ཡིན་ཞེས་བཤད་སྲོལ་ཡོད་པ་དང་།བོད་ལ་ཧ་ཤང་དང་དགེ་བསྙེན་གཉིས་གནས་བརྟན་ཁོངས་སུ་མིང་བགྲང་ཞིང་རྒྱ་ནག་གི་ལུགས་ལ་ཧ་ཤང་དང་དགེ་བསྙེནགཉིས་ཀྱང་ནང་གི་རྟོགས་པའི་གནས་ཚད་གནས་བརྟན་རྣམས་དང་མཉམ་པ་ཡོད་པའི་དབང་གིས་གནས་བརྟན་བཅོ་བརྒྱད(十八罗汉)ཅེས་འདྲེན་པའི་རྒྱུ་མཚན་དེ་ལྟར་ཡིན།བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་འཇིམ་སྐུ་ནི་ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་མདོ་སྨད་དུ་བཞུགས་པའི་སྐབས་ཤིག་རི་བོ་རྩེ་ལྔ་སོགས་ནང་པའི་གནས་རྟེན་ཁག་མཇལ་བར་ཕེབས་པའི་ལམ་ཞོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡུན་རིང་བཞུགས་སྐབས།གོང་དུ་བཤད་པ་ལྟར་ཐང་གི་གོང་མ་མིང་ཙུང་གིས་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་ནས་ཟླ་བ་ཁ་ཤས་བཞུགས་ཏེ་ཕྱིར་ཕེབས་གནང་ཁར་གནས་བརྟན་རྣམས་ལ་ན་བཟའ་མཚོན་བྱེད་དུ་རྒྱ་ལུགས་ཧ་ཤང་གི་ཆོས་དང་འདྲ་བའི་གོས་ཆེན་ཏིང་ཕོན་མངགས་བཏགས་མ་རེ་ཕུལ་ཏེ།དྲན་རྟེན་དུ་རི་མོ་མཁས་པ་རྣམས་ནས་གནས་བརྟན་རྣམས་ཀྱི་འདྲ་ཐང་རེ་བྲིས་པ་དེ་དངོས་སུ་གཟིགས་པར་བརྟེན་ཀླུ་མེས་ཀྱིས་འདྲ་ཐང་དེ་ལ་དཔེར་བྱས་ཏེ་རང་ཉིད་ཀྱིས་དངོས་སུ་འདྲ་བཤུས་གནང་ནས་བོད་དུ་བསྣམས་ཕེབས་རྗེས་བྲག་ཡེར་པར་གནས་བཅུ་ལྷ་ཁང་ཞིག་བཞེངས་གནང་སྟེ།འདྲ་ཐང་བཤུས་བྲིས་ལ་མ་དཔེ་བྱས་པའི་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པ་གནང་བ་ནི་བོད་དུ་གནས་བརྟན་བཅུ་དྲུག་གི་སྐུ་བཞེངས་པའི་ཐོག་མ་ཡིན་ཅིང་།དེ་ནས་བཟུང་བོད་དུ་རྒྱ་ནག་ཧ་ཤང་གི་ཆས་གོས་བཞེས་པའི་གནས་བརྟན་བཅུ་དྲུག་གི་བྲིས་སྐུ་དང་འབུར་སྐུ་མང་པོ་དར་སྤེལ་བྱུང་སྟེ་དགོན་པ་ཆེ་ཆུབ་ཚང་མར་བྲིས་འབུར་གྱི་སྐུ་མཐོང་རྒྱུ་ཡོད་པ་དེ་ནི་རྒྱ་བོད་མི་རིགས་བར་རིག་གནས་བརྗེ་རེས་ཀྱི་དཔེ་མཚོན་གསོན་པོ་ཞིག་ཡིན་ལ།གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཀྱང་། བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་ཧ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་འབྲི་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན།གནས་བརྟན་བཅུ་དྲུག་པོའི་སོ་སོའི་ལོ་རྒྱུས་ཞིབ་པ་ཚེ་ཆོག་གླིང་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་གྱི་མཛད་པའི《གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད》གསུང་འབུམ་[ཐ]པའི་ནང་ཡོད་པ་དང་། གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བོད་དུ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི《གནས་བརྟན་ཕྱག་མཆོད་རྒྱལ་བསྟན་མཛད་མེད》ཀྱི་གླིང་གཞིའི་ནང་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་།ཀརྨ་མི་སྐྱོད་རྡོ་རྗེས་མཛད་པའི་《རིན་པོ་ཆེ་དང་གོས་དར་རྣམ་དབྱེའི་བཤད་པ》ལས་གོས་ཆེན་ཏིང་ཕོན་གྱི་ལོ་རྒྱུས་འཁོད་པ་རྣམས་ལ་གཟིགས་པར་ཞུ།
ཤཱཀྱ་ཐུབ་པས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ།1.ཡན་ལག་འབྱུང་། 2.མ་ཕམ་པ། 3.ནགས་ན་གནས། 4.དུས་ལྡན། 5.རྡོ་རྗེ་མོའི་བུ། 6.བཟང་པོ།7.གསེར་གྱི་བེའུ། 8.བྷ་ར་ངྷྭ་ཛ་གསེར་ཅན། 9.བ་ཀུ་ལ། 10.སྒྲ་གཅན་འཛིན། 11.ལམ་ཕྲན་བསྟན།12.བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། 13.ལམ་ཆེན་བསྟན། 14.ཀླུའི་སྡེ། 15.སྦེད་བྱེད། 16.མི་ཕྱེད་པ་སྟེ་བཅུ་དྲུག་གོ།དེ་དག་གི་ལོ་རྒྱུས་རགས་ཙམ་བཤད་ན་ནི་འདི་ལྟར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་དྲུག་ལ།འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདས་བར་ངའི་བསྟན་པ་སྐྱོང་དགོས་ཞེས་བཀའ་ཕབས་པ་ལྟར།ཁོང་རྣམས་ཀྱང་འཛམ་བུའི་གླིང་གི་གནས་མི་འདྲ་བ་བཅུ་དྲུག་ལ་བཞུགས་ནས་བསྟན་པ་དར་སྤེལ་མཛད་པ་ཡིན་ཞེས་བཤད་སྲོལ་དང་།གནས་བརྟན་གྱི་གྲས་སུ་ཡོད་པའི་ཧ་ཤང་དེ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་སྐབས་གནས་བརྟན་རྣམས་ལ་སྣེ་ལེན་ཞུ་མཁན་དང་།རྒྱུན་དུ་གོང་མའི་མཆོད་གནས་དང་། གོང་མའི་སྲས་བརྒྱད་ཀྱི་དགེ་རྒན་དུ་བཞུགས་པ་དེ་ཡིན་པ་དང་།གནས་བརྟན་གྱི་གྲས་སུ་ཡོད་པའི་དགེ་བསྙེན་ངྷརྨ་ཏཱ་ལ་ནི། དུས་རབས་བཅུ་གཅིག་པའི་མགོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་བྲག་ཡེར་པར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ཏེ་འབྲོམ་སྟོན་པས་གནས་བརྟན་རྣམས་ལ་གསོལ་སྟོན་གྱི་བྱིན་ལེན་ཞུ་མཁན་མཛད་པ་དེ་ཡིན་ཞེས་བཤད་སྲོལ།བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་། འཇིམ་སྐུ་ནི། ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློམ་མ་ཀླུ་མེས་འབྲོམ་ཆུང་གིས་ཁྲང་ཨན་རྒྱལ་སར་ཕེབས་ནས།གོང་མ་ཐང་ཐའི་ཙུང་གིས་གནས་བརྟན་དངོས་སུ་སྤྱན་དྲངས་སྐབས་བཞེངས་པའི་འདྲ་འབག་ལ་དཔེ་བཤུས་མཛད་དེ་ལྷ་སར་ཕེབས།དེ་ལ་མ་དཔེ་བྱས་ཏེ་བྲག་ཡེར་པའི་གནས་བཅུ་ལྷ་ཁང་གི་ནང་དུ་བཞུགས་པའི་གནས་བརྟན་བཅུ་དྲུག་གི་འདྲ་འབག་བཞེངས་པར་མཛད་པ་ནས།བོད་ས་གནས་ཀྱི་གཙུག་ལག་ཁང་མང་པོར་འཕེལ་རྒྱས་བྱུང་ཞིང་། གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཀྱང་།བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧཱ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་བྲིས་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན།གནས་བརྟན་བཅུ་དྲུག་པོ་སོ་སོའི་ལོ་རྒྱུས་ཞིབ་པ་ཚེ་ཆོག་གླིང་བླ་མ་ཡོངས་འཛིན་ཆེན་པོ་ཆེ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི《གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད》གསུང་འབུམ〔ཐ〕པའི་ནང་ཡོད།

འབྲེལ་ཡོད་འོས་སྦྱོར།