༄༅། ལྷ་འདོག་བཞུགས་པའི་དབུ་གཟིགས་ལགས་སོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-02-22
ཀློག་གྲངས།:
༄༅། ལྷ་འདོག་བཞུགས་པའི་དབུ་གཟིགས་ལགས་སོ། སྟངས་ཀྱི་སྤྱི་བོར་དམུ་ཐག་དཀར་པོ་བཏགས། དབྱལ་གྱི་སྤྱི་བོར་དམུ་ཐག་སྔོན་པོ་བཏགས། སྟངས་ཀྱིས་ཕྱག་མདའ་བཟུང་། དབྱལ་གྱིས་གསེར་འཕང་བཟུང་། ཤ་སོགས་པ་དང་ཟན་དང་དར་བཅས་བསགས་ལ།
ཀྱེ་ཀྱེ། བསྐལ་པ་དུས་ཀྱི་དང་པོ་ལ། ཡེ་ཡོད་ནམ་མཁའི་གཞི་ཞིག་སྲིད། དུས་ཀྱི་སྲིད་པ་བར་མ་ལ། འོད་དང་ཟིལ་གྱི་ནམ་མཁའ་སྲིད། དུས་ཀྱི་སྲིད་པ་ཐ་མ་ལ། ཟིལ་ཙམ་ཁྲོམ་ཙམ་ཞིག་ཏུ་སྲིད། དེ་ལ་ཡབ་ཀྱི་བྲག་རི་སྲིད། བྲག་དང་མཚོ་གཉིས་བཤོས་པ་ལས། ཡ་མཚན་སྦུ་བ་དགུ་རུ་སྲིད། སྦུ་བ་ལ་ནི་སྒོང་དུ་འདྲིལ། དུང་སྒོང་དཀར་པོ་རྡོལ་བ་ལས། ཡབ་ཅིག་སངས་པོ་འབུམ་ཁྲི་སྲིད། གཡུ་སྒོང་སྔོན་པོ་རྡོལ་པ་ལས། ཡུམ་ཅིག་ཆུ་ལྕམ་རྒྱལ་མོ་སྲིད། སྲིད་པ་དེ་གཉིས་འཚོས་པ་ལས། སྲིད་པ་ཕོ་དགུ་མོ་དགུ་སྲིད། སྲིད་རྗེ་འབྲང་དཀར་རྒྱལ་པོ་དང་། བཙུན་མོ་དབལ་མ་སྔོན་མོ་གཉིས། སྲིད་པའི་ཐབས་ལ་མངའ་མཛད་དོ། སྲིད་རྗེ་འབྲང་དཀར་རྒྱལ་པོ་ཡིས། ཁབ་དང་དབྱལ་དུ་བཙལ་བ་དང་། ཡུལ་ཅིག་བྲག་གི་ཡང་ཕུག་ན། ཡབ་བྲག་གི་ས་ཕུག་བཙན་པོ་དང་། ཡུམ་ཅིག་ལྷ་ལྕམ་གུང་བཙུན་མ། དེ་གཉིས་འཚོས་ཤིང་བཤོས་པ་ལས། བུ་མོ་བྲག་གི་ལྕམ་ཅིག་སྲིད། སྲིད་རྗེ་འབྲང་དཀར་ཁབ་ཏུ་བཞེས། ཕྱ་གཡང་འགུགས་པའི་བོན་པོ་ནི། སྲིད་པའི་བོན་པོ་གཙུག་གཤེན་དང་། ལྷ་བོན་རྒྱལ་གྱི་ཐོད་དཀར་དང་། སྲིད་པའི་དབལ་བོན་རོམ་པོ་དང་། གཡང་བོན་གྱུར་ར་གྱུར་ཆུང་དང་། སྲིད་པའི་དབལ་བོན་རོམ་པོ་ཡིས། དཔག་བསམ་ཤིང་གི་དང་པོ་ལ། སྣ་ཡས་དང་ནི་སྣ་ཚོགས་བསགས། དབུ་བཏུད་དང་ནི་ཤངས་ཡང་བླན། དེ་ནས་ཁབ་དང་དབྱལ་དུ་བྱོན། སྲིད་པའི་བོན་པོས་སྣ་ཡང་བགྱིས། ཤིང་ལ་གཡང་ནི་མ་བྱུང་སྟེ། སྲོག་གི་སྲོག་མདའ་ཉ་མིག་དང་། བལ་ལ་གཡང་ནི་མ་བྱུང་སྟེ། དམུ་ཐག་གཡང་ཐག་སྣ་དགུ་སྲིད། དང་པོ་བྱུང་ལུགས་ཇི་ལྟར་སྲིད།
ཡུལ་ཅིག་སྲིད་པའི་ཡ་བུ་ན། ཕ་སྲིད་པའི་ཕྱ་གང་རྒྱང་གྲགས་དང་། མ་ནི་སྲིད་པའི་གདོང་བཟང་མ། བཤོས་པས་གནམ་གྱི་སྲས་སུ་བྱུང་། སྒོང་ང་རྣམ་པ་གསུམ་དུ་སྲིད། གསེར་སྒོང་སེར་པོ་རྡོལ་བ་ལས། གསེར་མདའ་གཡུ་སྒྲོ་ཅན་ཅིག་བྱུང་། སྟངས་ཀྱི་སྲོག་མདའ་ཉ་མིག་ལགས། གཡུ་སྒོང་སྔོན་པོ་རྡོལ་བ་ལས། གཡུ་མདའ་གསེར་སྒྲོ་ཅན་ཅིག་བྱུང་། དབྱལ་གྱི་དེ་ནི་དཔལ་མདའ་ལགས། དུང་སྒོང་དཀར་པོ་རྡོལ་བ་ལས། གསེར་གྱི་མོ་འཕང་དེ་ནི་སྲིད། ནམ་མཁའ་དེ་ནི་འོད་ཟེར་དང་། རྒྱ་མཚོའི་རླང་པ་གཉིས་པོ་ལས། བོན་གྱི་བལ་མདའ་དཀར་པོ་སྲིད་། དེ་ཡང་བསྐལ་བ་རླུང་གིས་བསྐལ། སྙོད་པ་དེ་ནི་རླུང་གིས་སྙོད། དཀྲིས་པ་ཤིང་སྡོང་དེ་ལ་ཀྲིས། དེ་ལ་མིང་དང་མཚན་བཏགས་པ། དམུ་ཐག་གཡང་ཐག་བྱ་བ་ལགས། སྲིད་པའི་བོན་གཤེན་དེ་རྣམས་ཀྱིས། ལྷ་ཡི་དེ་ནི་གྲལ་དུ་བཙུགས། སྟངས་ཀྱི་དེ་ནི་སྤྱི་བོ་རུ། དམུ་ཐག་དེ་ནི་དཀར་པོ་བཏགས། ཕྱག་ཏུ་སྲོག་མདའ་ཉ་མིག་བཟུང་། དབྱལ་གྱི་དེ་ནི་སྤྱི་བོ་རུ། གཡང་ཐག་དེ་ནི་སྔོན་པོ་བཏགས། གསེར་འཕང་གཡུ་ལོ་ཕྱག་ཏུ་བཟུང་། སྟངས་ཀྱི་དེ་ནི་བླ་གསེར་དང་། དབྱལ་གྱི་དེ་ནི་བླ་གཡུ་གཉིས། དང་པོ་སྐྱེས་པ་སོ་སོར་སྐྱེས། བར་དུ་སྨིན་པ་སོ་སོར་སྨིན། ཐ་མར་བསྡུས་པ་གཅིག་ཏུ་བསྡུས། བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། སྟངས་ཀྱི་དམུ་ཐག་དང་། དབྱལ་གྱི་གཡང་ཐག་གཉིས། དང་པོ་སྐྱེས་པ་སོ་སོར་སྐྱེས། བར་དུ་སྨིན་པ་སོ་སོར་སྨིན། ཐ་མར་བསྡུས་པ་གཅིག་ཏུ་བསྡུས། བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། སྟངས་ཀྱི་སྲོག་མདའ་ཉ་མིག་དང་། དབྱལ་གྱི་གསེར་འཕང་གཡུ་ལོ་གཉིས། དང་པོ་སྐྱེས་པ་སོ་སོར་སྐྱེས། བར་དུ་སྨིན་པ་སོ་སོར་སྨིན། ཐ་མར་བསྡུས་པ་གཅིག་ཏུ་བསྡུས། བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། སྟངས་ཀྱི་འབྲང་རྒྱས་དང་། དབྱལ་གྱི་དབལ་བཤོས་གཉིས། དང་པོ་སྐྱེས་པ་སོ་སོར་སྐྱེས། བར་དུ་སྨིན་པ་སོ་སོར་སྨིན། ཐ་མར་བསྡུས་པ་གཅིག་ཏུ་བསྡུས། བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས།
བསྭོ། དེ་རིང་སྲིད་པའི་གནམ་གང་ལ། གནམ་ལ་དེ་ནི་སྐར་མ་བཟང་། ས་ལ་དུས་ཚོད་ཚེས་ཀྱང་འཛོམས། སྟངས་ཀྱི་སྐྱེས་པ་དགྲ་ལྷ་ཅན། དབྱལ་གྱི་མོ་རྩིས་དཔལ་མོ་ཆེ། དང་པོ་སྐྱེས་པ་སོ་སོར་སྐྱེས། བར་དུ་སྨིན་པ་སོ་སོར་སྨིན། ཐ་མར་བསྡུས་པ་གཅིག་ཏུ་བསྡུས། བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། སྟངས་དབྱལ་འདི་གཉིས་ཀྱི། གདན་དུ་དེ་ནི་རྣམ་དཀར་སྟེང་། ཕྱག་ཏུ་ཆང་ཕུད་ཞོ་ཕུད་དང་། དབལ་བཤོས་མདའ་འཕང་བརྒྱན་པ་ཐོགས། ལྷ་ལ་དེ་ནི་ཡོན་དུ་འབུལ། ཚེ་རིང་སྲོག་སྐྱབས་དཔལ་བསྐྱེད་ཅིག བཅོལ་ལོ་ལྷ་ལ་བཅོལ། བཏགས་སོ་ལྷ་ལ་བཏགས། ཞལ་དུ་ཕྱེ་མར་འོ་སྐོན་འདྲེན། དམུ་ཡད་ཟས་ལ་ཟད་པ་མེད། སོག་པ་བདེ་ཆེན་འཁོར་ལ་འདྲེན། མི་ནོར་ཟས་གསུམ་འཚོགས་པ་ཡིན། ཕོ་སྲོག་དེ་ནི་མདའ་ལ་བརྟེན། མོ་སྲོག་དེ་ནི་འཕང་ལ་བརྟེན། མདའ་འཕང་གཉིས་ལ་ལྷ་བཅོལ་ལོ། མདའ་འཕང་དེ་ནི་མ་འབྲལ་ཅིག དམུ་ཐག་དེ་ནི་ལྷ་ལ་བཅོལ། དམུ་ཐག་དེ་ནི་མ་ཆད་ཅིག བདག་ཕོ་མོ་འདི་གཉིས་ནི། མཚོ་དང་མཚོ་སྨན་ཆགས་པ་བཞིན། མི་དང་ལྷ་གཉིས་མ་བྲལ་ཞིག ཉི་ཟླ་དགུང་ལ་གནས་པ་བཞིན། མི་དང་ལྷ་གཉིས་མ་འབྲལ་ཞིག གངས་ལ་སེང་གེ་འགྱིང་བ་བཞིན། མི་དང་ལྷ་གཉིས་མ་འབྲལ་ཞིག རྒྱ་སྟག་ནགས་ལ་གནས་པ་བཞིན། མི་དང་ལྷ་གཉིས་མ་འབྲལ་ཞིག མདའ་ལ་ཁྱུང་སྒྲོ་སྒྲོན་པ་བཞིན། མི་དང་ལྷ་གཉིས་མ་འབྲལ་ཞིག རྨོག་ལ་ཁྱུང་ཏོག་བཙུགས་པ་བཞིན། མི་དང་ལྷ་གཉིས་མ་འབྲལ་ཞིག བརྩིགས་པའི་སྐུ་མཁར་མ་འགྱེལ་ཞིག བརྟན་པའི་རི་བོ་མ་ཞིག་ཅིག ཕོ་སྲོག་གསེར་གྱི་ཀ་བ་མ་འགྱེལ་ཞིག མོ་སྲོག་གཡུ་ཡི་གདུང་མ་མ་འཆག་ཅིག ཕྱ་བདག་རྒྱལ་མོ་དཔལ་མོ་ཆེ། ཕྱ་དང་གཡང་གི་དཔལ་མོ་མཛོད། དཔལ་དང་གཡང་གི་བདག་མོ་མཛོད། དཔལ་དང་བསོད་ནམས་འཕེལ་བར་མཛོད། མིའི་ལྷ་ནི་རྟག་ཏུ་མཆོད། ལྷ་ཡིས་སྲུང་སྐྱོབས་བྱེད་པར་མཛོད། བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། ཕྱ་ཁུ་ཡེ། གཡང་ཁུ་ཡེ། ལྷ་འདོག་ཚར་རོ། དགེའོ།

འབྲེལ་ཡོད་འོས་སྦྱོར།