logo

མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-22 ཀློག་གྲངས།:

 

མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

     གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མིའི་ཕྱོགས་བསྡུས་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད། 2016ལོའི་ཟླ11པའི་ཚེས10ཉིན། མཚོ་ལྷོ་ཁུལ་ཨུའི་འཐབ་སྒྲིལ་པུའུ་དང་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་གཉིས་ཀྱིས་མཉམ་དུ2016 ལོའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ་པའི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་བསྡུས་པ་དང་། བསྡོམས་པའི་གྲྭ་བཙུན53ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
     གསོ་སྦྱོང་སྐབས་སུ་གཙོ་བོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་བྱ་བའི་གྲོས་ཚོགས་དང་། བོད་ཁུལ་བྱ་བའི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། དགོན་སྡེའི་དོ་དམ་པའི་ཁོངས་མིའི་ནུས་པ་བཟང་བོ་འདོན་དགོས་པའི་སྐོར་ནས་གསོ་སྦྱོང་སྤེལ་ཞིང་། གསོ་སྦྱོང་ལ་ཞུགས་པའི་སློབ་མའི་སྲིད་ཇུས་ཀྱི་གོ་རྟོགས་དང་འདུ་ཤེས་ཇེ་མཐོར་བཏང་།
     དེ་མིན་ནང་ལོགས་ཀྱི་གྲོང་ཁྱེར་དང་དགོན་སྡེའི་གྲགས་ཅན་སྐོར་ཞིག་ལ་ལྟ་སྐོར་བྱས་ནས་དགོན་སྡེའི་ནང་ཁུལ་གྱི་དོ་དམ་དང་གྲྭ་བཙུན་གྱི་བསམ་བློའི་འདུ་ཤེས་ཇེ་མཐོར་གཏོང་བཞིན་དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་སྤྱི་ཚོགས་བརྟན་རིང་ལ་སྐུལ་འདེད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་བྱ་བར་རྨང་གཞི་བརྟན་པོ་བཏིངས་པ་རེད།


འབྲེལ་ཡོད་འོས་སྦྱོར།