༄༅།ལེའུ་གཉིས་པ། ཆོས་ལུགས་ཚོགས་པ།
དོན་ཚན་དྲུག་པ། ཆོས་ལུགས་ཚོགས་པ་འཛུགས་་དང༌། ཐོ་འགོད་ནང་དོན་སྒྱུར་བ། ཐོ་ཁོངས་ནས་སུབ་པ་བཅས་བྱེད་སྐབས»«“སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིག”གི་གཏན་འབེབས་ལྟར་ཐོ་འགོད་དགོས།
ཆོས་ལུགས་ཚོགས་པའི་སྒྲིག་ཡིག་དེ”སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིག”གི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།
ཆོས་ལུགས་ཚོགས་པས་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་ན་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་བོ།
དོན་ཚན་བདུན་པ། ཆོས་ལུགས་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཆོས་ལུགས་ཀྱི་ནང་ཁུལ་གྱི་དཔྱད་ཡིག་རང་བཞིན་གྱི་དཔེ་སྐྲུན་དངོས་པོ་རྩོམ་སྒྲིག་པར་འདེབས་བྱེད་ཆོག ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་པའི་ཆོས་ལུགས་ཀྱི་དཔེ་སྐྲུན་དངོས་པོ་དཔེ་སྐྲུན་བྱེད་སྐབས་རྒྱལ་ཁབ་ཀྱི་དཔེ་སྐྲུན་དོ་དམ་གྱི་གཏན་འབེབས་ལ་གཞིགས་ནས་སྒྲུབ་དགོས།
ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་དཔེ་སྐྲུན་དངོས་པོ”དཔེ་སྐྲུན་དོ་དམ་སྲོལ་ཡིག”གི་གཏན་འབེབས་དང་མཐུན་དགོས་ཤིང༌། གཤམ་གསལ་གྱི་ནང་དོན་ཡོད་མི་ཆོག་པ་སྟེ།
(གཅིག)ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་འཆམ་མཐུན་ངང་གནས་པར་གཏོར་བཤིག་གཏོང་བའི་རིགས་དང༌།
(གཉིས)ཆོས་ལུགས་མི་འདྲ་དབར་འཆམ་མཐུན་ངང་གནས་པ་དང་དེ་བཞིན་ཆོས་ལུགས་ནང་ཁུལ་འཆམ་མཐུན་ངང་གནས་པར་གཏོར་བཤིག་གཏོང་བའི་རིགས།
(གསུམ)ཆོས་དད་སྤྱི་དམངས་སམ་ཡང་ན་ཆོས་ལ་དད་པ་མི་བྱེད་མཁན་གྱི་སྤྱི་དམངས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་རིགས།
(བཞི)ཆོས་ལུགས་མཐར་སོན་རིང་ལུགས་དྲིལ་བསྒྲགས་བྱེད་པའི་རིགས།
(ལྔ)ཆོས་ལུགས་ཀྱི་རང་ཚུགས་རང་གཉེར་གྱི་རྩ་དོན་ལས་འགལ་བའི་རིགས་བཅས་ཡིན།
དོན་ཚན་བརྒྱད་པ། ཆོས་ལུགས་སློབ་གྲྭ་འཛུགས་དགོས་ཚེ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་ལུགས་ལས་དོན་སྡེ་ཚན་ལ་རེ་ཞུ་བྱེད་པའམ་ཡང་ན་ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གྲྭ་འཛུཊ་རྩིས་བྱེད་སའི་གནས་ཡུལ་གྱི་ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་རེ་ཞུ་བྱེད་དགོས། ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རེ་ཞུ་འབྱོར་བའི་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་བསམ་འཆར་འདོན་དགོས་པ་དང་འཛུགས་རྒྱུར་མོས་མཐུན་བྱ་རྩིས་ཡོད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་རེ་ཞུའམ་ཡང་ན་ཞིང་ཆེན་དང༌། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཆོས་ལུགས་སློབ་གྲྭ་འཛུགས་རྒྱུའི་སྙན་ཞུ་འབྱོར་བའི་ཉིན་ནས་བཟུང་གི་ཉིན་དྲུག་ཅུའི་ནང་ཆོག་མཆན་སྤྱོད་པའམ་ཡང་ན་ཆོག་མཆན་མི་སྤྲོད་པའི་ཐག་གཅོད་བྱེད་དགོས།
དོན་ཚན་དགུ་པ། ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་དགའ་འཛོམས་དགོས།
(གཅིག)གསོ་སྐྱོང་གི་དམིགས་ཡུལ་དང༌། སློབ་གཉེར་གྱི་སྒྲིག་ཡིག སློབ་ཚན་བཀོད་སྒྲིག་འཆར་གཞི་བཅས་ཁག་གསལ་ཡོད་དགོས་པ་དང༌།
(གཉིས)གསོ་སྐྱོང་གི་ཆ་རྐྱེན་དང་འཚམས་པའི་སློབ་མའི་ཡོང་ཁུངས་ཡོད་པ།
(གསུམ)དགོས་ངེས་ཀྱི་སློབ་གཉེར་མ་དངུལ་དང་འགྲོ་གྲོན་གྱི་ཡོང་ཁུངས་བརྟན་པོ་ཡོད་དགོས་པ།
(བཞི)སློབ་ཁྲིད་ཀྱི་ལས་འགན་དང་སློབ་གཉེར་གྱི་གཞི་ཁྱོན་ལ་མཁོ་བའི་སློབ་ཁྲིད་བྱེད་ས་དང་སྒྲིག་ཆས་སྒྲིག་བཀོད་ཡོད་དགོས་པ།
(ལྔ)ཆེད་འགན་འཁུར་མཁན་གྱི་སློབ་གྲྭའི་འགན་འཁུར་བ་དང༌། ཚད་དང་མཐུན་པའི་ཆེད་བསྐོས་དགེ་རྒན། ནང་ངོས་དོ་དམ་གྱི་རྩ་འཛུགས་བཅས་ཡོད་དགོས་པ།
(དྲུག)ཁྱབ་ཚུལ་ལུགས་མཐུན་ཡིན་པ་བཅས་ཡིན།
དོན་ཚན་བཅུ་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་དེ་རང་གི་དགོས་མཁོ་གཞིར་བཟུང་གཏན་འབེབས་ལྟར་ཕྱི་རྒྱལ་དུ་སློབ་མ་བདམས་ནས་གཏོང་བའམ་ཡང་ན་ཆོས་ལུགས་སྦྱོང་མཁན་གྱི་ཕྱི་རྒྱལ་གྱི་སློབ་མ་བསྡུ་ལེན་བྱེད་ཆོག
དོན་ཚན་བཅུ་གཅིག་པ། དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་གནས་མཇལ་ཞུ་བར་སྐྱོད་རིགས་དབྱི་སི་ལན་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་ཆོས་ལུགས་ཚོགས་པར་སྒྲིག་འཛུགས་བྱ་རྒྱུའི་འགན་ཁུར་དགོས།