མཚོ་འཕགས་མཚོ་འཕང་ས་བབས་ཀྱི་གོ་དོན་ཐད་ཀྱི་བསམ་ཚུལ།
རྩོམ་པ་པོ།:ར་སེ་དཀོན་མཆོག་རྒྱ་མཚོ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན།
དུས་ཚོད།:2023-08-08
ཀློག་གྲངས།:
དེ་ཡང་གསར་དར་རིག་གནས་སམ། ཚན་རིག་དང་འབྲེལ་བའི་གསར་བྱུང་གི་རིག་གནས་ཀྱི་རིག་སྒོ་ཁག་གི་ཐ་སྙད་ནི། ཁ་བ་རི་པའི་བརྡ་སྤྲོད་པའི་གཞུང་ལུགས་ལས་བྱུང་བའི་རིག་གནས་ཁག་གི་ཐ་སྙད་ནང་མ་གྲགས་པའམ། མ་གསལ་བའམ། གཏན་ནས་མེད་པའི་ཐ་སྙད་དུ་གྱུར་པས་ཐ་སྙད་གསར་པའམ་མིང་གསར་པ་ཡིན་པས། བོད་སྐད་ཡིག་ཐོག་ཏུ་གོ་དོན་མི་འཛོལ་བ་བསྒྱུར་དགོས་པ་ནི་དུས་རབས་ཀྱི་དགོས་མཁོ་ལྡོག་ཏུ་མེད་པ་ཡིན་ལ། དེ་ནི་དམངས་ཀྱི་ངག་ནས་བརྗོད་བདེ་བ། གོ་བདེ་བ། དོན་གསལ་བ་ཅིག་ཡོད་དགོས་པས་ན། ལོ་ཙཱ་བ་རྣམས་ཀྱི་བྱ་གཞག་ནི་དཀའ་ཚེགས་ཆེ་ལ་དོན་སྙིང་རླབས་ཆེན་གྱི་བྱ་གཞག་ཏུ་གྱུར་ཡོད།
དེ་ཡང་ས་ཁམས་སོགས་དང་འབྲེལ་བའི་འཇལ་བྱེད་ཀྱི་ཆ་ལ། ས་མཐོ་ས་དང་ས་དམའ་སའི་ཚད་དམ་དབྱེ་མཚམས་ལ་རྒྱ་སྐད་ལ海拔ཞེས་པ་འདི་ལ་ལོ་ཙཱ་བ་སྔ་མ་དག་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཅེས་པར་བསྒྱུར་ཡོད་པ་མ་ཟད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲུ་བརྒྱ་དང་སྟོང་སོགས་ཀྱི་ཐ་སྙད་སྦྱོར་སྲོལ་དར་ཁྱབ་བྱུང་ནས་དུས་ཡུན་རིང་ཙམ་འདས་ཟིན་པ་ཡིན་ལ། ཉེ་དུས་སླར་ཡང་ལོ་ཙཱ་བ་དག་གིས་བོད་ཀྱི་སྐད་ཡིག་གཅེས་སྤྲས་ཀྱིས་སྔ་མ་དེ་ཉིད་ཚིག་སྣ་ཧ་ཅང་རིང་དྲགས་འདུག་པས། རྒྱ་སྐད་ཀྱིས་འགྲོས་བཞིན་ཚིག་བསྡུས་ཧ་ཅང་གལ་ཆེ་བར་གཟིགས་ཏེ། 海拔ཞེས་པ་དེ་ཉིད་ཀྱི་དོན་གང་ཡིན་པ་གནད་འདྲིལ་ཞིང་ཚིག་ཉུང་ངུས་སྟོན་པའི་ཚུལ་དུ་མཚོ་འཕགས་ཞེས་བསྒྱུར་བར་མཛད་ཡོད་ཅིང་། དེ་ཡང་མཚོ་ངོས་ལས་ཡར་འཕགས་པའི་དོན་དུ་གོ་དགོས་པའམ། གོ་བར་ནུས་པར་བཞེད་ཡོད་ཅིང་། སྟེང་དུ་འཕགས་པ། ཡར་འཕགས་པ། ནམ་མཁར་འཕགས་པ་སོགས་ཀྱི་དོན་ལ་འཇུག་པ་དང་འབྲེལ་བའི་ཕྱིར་ན། ཐ་སྙད་དེ་ཉིད་བརྗོད་བདེ་ཞིང་ཚིག་སྙན་པར་ཡང་བཞེད་དེ། ཡིག་བསྒྱུར་གྱི་ཁྲོད་དུ་བེད་སྤྱོད་གཏོང་མཁན་ཅི་རིགས་པ་བྱུང་ཡོད། ཡར་འཕགས་པ་དང་། མངོན་པར་འཕགས་པ་ཞེས་སོགས་ཡོད་པས་ལེགས་མོད། ཆོས་སྐད་ལྟ་བུར་གྱུར་ཅིང་ཐུན་མོང་གི་སྐད་དང་མི་ཉེ་བས་ན། བོད་ཡིག་གི་ཆུ་ཚད་ཀྱིས་མ་འདང་བའམ། གོ་བ་དངོས་མ་ལོན་པར་མཚོ་འཕགས་ཞེས་པས་མཚོ་ཡི་གནས་ཡུལ་སྟོན་པའམ། མཚོ་ཡི་མཐོ་ཚད་མཚོན་པར་གོ་བ་ཡང་མང་པོ་བྱུང་ཡོད་ལ། ཕལ་ཆེ་བའི་ངག་ཏུ་རྒྱ་སྐད་སོར་བཞག་སྤྱོད་པ་མང་ངོ་། །
ཡང་ཉེ་དུས་མཚོ་འཕགས་ཞེས་པ་དེ་ཉིད་ཀྱིས་དོན་ཇི་བཞིན་པ་སྟོན་མི་ཐུབ་པ་དང་། གོ་ལོག་གམ་འཁྲུལ་པ་བསྐྱེད་པར་གཟིགས་ཏེ། བོད་ཁམས་སྨད་ཕྱོགས་ཨ་མདོ་ཁུལ་གྱི་ལོ་ཙཱ་བ་ཁ་ཅིག་གིས海拔ཞེས་པ་དེ་ཉིད་མཚོ་འཕང་ཞེས་སུ་བསྒྱུར་བར་མཛད་ཡོད་ཅིང་། དེ་ཡང་གོ་འཕང་། མགོ་འཕང་། ཁྲི་འཕང་། ཐོག་འཕང་། གནམ་འཕང་ངམ་ནམ་འཕང་སོགས་ཀྱིས་མཐོ་ཚད་དམ། མཐོ་བར་སྙེགས་པའི་དོན་དང་མཐུན་པར་དགོངས་པ་ཡིན་ལ། དེ་ཡང་མངོན་པའི་མདོ་ལས། དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་འབྲི། །དེ་དག་རྔམས་སུའང་འཕང་དང་མཉམ། །དེ་ཡི་བར་བདུན་རོལ་མཚོ་ཡིན། །ཞེས་གསལ་ཡོད་ལ། དེ་བཞིན་དུ་རྒྱ་དང་འཕང་དང་ཟབ་ཀྱི་ཚད། །ཅེས་པ་ཡང་འབྱུང་བས་ན། འགྱུར་དེ་ཉིད་ཧ་ཅང་གིས་འཐད་ལྡན་དུ་གཟིགས་ཏེ། ཡིག་བསྒྱུར་དང་རྩོམ་རིག་སོགས་སུ་བཀོལ་བ་ཡང་ཧ་ཅང་མང་བར་བྱུང་སྣང་ངོ་། །
དེ་ཡང་ས་བབས་ཀྱི་མཐོ་ཚད་དེ་ཉིད་ཀྱི་གང་ནས་ཡར་བརྩི་བ་ཡིན་ནམ་ཞེ་ན། བརྩི་བའི་གཞི་དེ་ནི་མཐའ་ཡི་རྒྱ་མཚོའི་ངོས་ནས་སམ། མཚོ་འགྲམ་ནས་ཡར་རིམ་པས་བརྩི་བ་ཅིག་ཡིན་ལ། དེའི་དབང་གིས་རྒྱ་མཚོ་འམ་མཚོ་ཞེས་པའི་ཐ་སྙད་སྦྱར་བ་འདི་ཉིད་བྱུང་བ་ཡིན་པས། དེ་ལ་གང་ནས་བརྩི་བའི་གཞི་མི་འཁྲུལ་བའི་ཁྱད་ཆོས་ལྡན་ཡོད་པའང་སྨོས་ཅི་དགོས། སྐད་གཞན་དང་རང་སྐད་ལའང་དེ་བཞིན་ཨེ་འབྱོར་ལ་ནན་ཏན་གནང་ཡོད་པས་ཀྱང་མཚོན་ཐུབ་བོ། །དོན་གྱི་བརྩི་བྱ་དངོས་ནི་རྒྱ་མཚོ་ལས་ཕྱིར་མངོན་པའི་ས་གཞི་རིལ་མོའམ། ས་ཁམས་ཀྱི་ཆགས་རིམ་ལས་བྱུང་བའི་མཐོ་ཚད་དེ་ཉིད་ཡིན་པས་ན། དེ་ལ་ངེས་པར་དུ་མཚོ་ཡི་ཐ་སྙད་མེད་ན་མཚོན་མི་ཐུབ་པ་དེ་འདྲ་ཅིག་ནི་མ་ཡིན་ལ། དོན་གྱི་སྙེགས་སའམ་འབབ་ས་ནི་ས་བབས་ཀྱི་མཐོ་ཚད་དེ་ཉིད་ཁོ་ན་ཡིན་པས་ན། རི་རྒྱལ་ལས་དཔངས་མཐོ་བ་ཞེས་པ་ལྟར་ན། ས་དཔངས་དང་། ཡང་ན་ས་འཕང་ཞེས་བཀོལ་ན། དེ་ཉིད་ངག་ལ་མི་བདེ་བ་དང་། གོ་མི་བདེ་བ་དང་དོན་ལ་མི་མཛའ་བ་གང་ཡང་མེད་པའི་ཕྱིར་རོ། །
གནའ་ནས་ད་བར་ལོ་ཙཱ་བའི་བཀའ་སྲོལ་ལ་ཐད་བསྒྱུར། ཐད་ལོག་བསྒྱུར། སྒྲ་བསྒྱུར། ལད་བསྒྱུར། དོན་བསྒྱུར། སོགས་ཐབས་ལམ་མང་དུ་བྱུང་ཡོད་ཅིང་། དོན་བསྒྱུར་གྱི་དབང་དུ་བྱས་ན་ས་བབ་ཀྱི་མཐོ་ཚད་ཅེས་པ་དེ་ཉིད་ལ་འཇུག་པ་ཁོ་ན་ཡིན་པས། ཚིག་ཉུང་བར་བྱས་ན་ས་འཕང་ངམ། གོ་བདེ་བར་བྱས་ན་སའི་མཐོ་ཚད་ཅེས་པ་ཡིག་འབྲུ་གསུམ་དུ་བྱས་ན་འང་རན་ཞིང་འཚམ། མཐའ་ཅིག་ཏུ་གཞན་སྐད་ཀྱི་ཡིག་འབྲུའི་གྲངས་ལྟར་ངེས་ངེས་ཐོད་ཐུག་ཅིག་མི་རན་བཞིན་དུ་ཨུ་ཚུགས་གནང་དགོས་མི་འདུག་སྙམ། བོད་ཀྱི་སྐད་ཆའི་རང་འགྲོས་ལྟར་ན། ས་ཁ་མཐོ་བ་དང་། ས་ཁ་དམའ་བ་ཡང་། རི་ཁ་མཐོ་བ་ཡང་ཟེར་བས། ས་ཁ༣༥༤༠ཟེར་ན་ཡང་ས་ཁ་མཐོ་དམའ་ས་ལེར་གོ་ཐུབ་པར་སྣང་། དེ་བས་ཀྱང་ས་བབས་ཞེས་པར་ཆ་བཞག་པ་ཡིན་ན། ས་བབས༢༩༠༠ཞེས་ལྟ་བུ་ཡིན་ཏེ། གྲངས་ཀ་རང་གིས་མཐོ་ཚད་མཚོན་ཐུབ་པས། མཐོ་ཚད་ཅེས་པ་མ་བཀོལ་ན་ཡང་ཆོག གངས་ཏི་སེའི་གནས་ཡུལ་ནི་ས་བབས༤༥༦༧རེད་ཟེར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད༤༥༦༧ཟེར་བ་དེ་ཁ་གསལ་པོར་བསྟན་ཡོད་ཅིང་། 海拔高ཞེས་པ་ས་བབ་མཐོ་བ་ཞེས་པར་བསྒྱུར་ཡོད་པས་ཀྱང་དོན་ལ་རན་པས། ཕ་རོལ་པོས་བདེ་བླག་ཏུ་རྟོགས་ཐུབ་པ་ཡིན་ནོ། །
དེ་བཞིན་དུ་རྒྱ་སྐད་དུ海外 海报ལྟ་བུར་བོད་སྐད་དུ་མཚོ་ཡི་ཐ་སྙད་སྦྱར་མི་དགོས་པར་ཕྱི་རྒྱལ་དང་ཕྱི་གླིང་སོགས་སུ་བོས་ཆོག་པ་བཞིན་དང་། དཔེར་ན་རྒྱ་སྐད་དུ世界ཞེས་པ་འདི་ཉིད་འཇིག་རྟེན་ཞེས་སུ་བསྒྱུར་ཅིང་སྤྱོད་པ་ཡང་ཡོད་མོད། གཙོ་ཆེ་བས་འཛམ་གླིང་ཞེས་པར་བསྒྱུར་ཞིང་སྤྱོད་པར་བྱེད་པ་ཡང་། བོད་ཀྱི་གོམས་སྲོལ་ལ་བསྟུན་པ་ཁོ་ན་ཡིན་པ་ལས། སྒྲ་དོན་ཇི་བཞིན་པ་མ་ཡིན་པ་ནི་ལོ་ཙཱ་བ་ཀུན་གྱིས་མཁྱེན་མཁྱེན་པ་ཡིན་པས། དེ་དང་མཚུངས་པ་ས་བབས་ཞེས་སུ་བཏགས་ན་ཡང་མི་འཐད་པ་མེད་དེ། འཇིག་རྟེན་གྲགས་སྡེ་ཞེས་གནའ་གནའ་ནས་གྲགས་པའི་ཕྱིར་རོ། །
ཉིང་ཁྲིའི་འཛམ་གླིང་ཤུག་སྡོང་རྒྱལ་པོར། ས་བབ་རྨིད། 海拔:3040mཞེས་རྡོ་ལ་བརྐོས་འདུག་པས། ལམ་སེང་དོན་གོ་ཐུབ་པ་དང་རང་སྐད་ཀྱི་གཤིས་ཀ་མ་ཉམས་པ་བློར་བབ་པོ་ཅིག་བྱུང་བས་ན། ཐ་སྙད་འདིའི་ཐད་ལ་རིགས་ཀྱི་ཤ་ཞེན་ཅན་རྣམས་ཀྱི་སྐུ་ལས་མང་པོ་མཛད་ཡོད་པས་ན། རང་ཉིད་ནི་བོད་ཀྱི་སྐད་ཡིག་གཉིས་རང་མགོ་ཐོན་ཙམ་ལས། རྒྱ་སྐད་ལ་བྱང་ཆ་གང་ཡང་མེད་མོད། མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དང་། མཁས་པའི་མདུན་སར་རང་གི་བསམ་ཚུལ་ཞུས་པ་ཙམ་ཡིན་ཞིང་། ད་ཆ་ཐ་སྙད་གསར་བསྒྱུར་མང་དུ་སྣང་ཡང་། ཕལ་ཆེ་བས་མི་སྤྱོད་པ་ཡང་རང་སྐད་ཀྱི་གཤིས་དང་མི་མཐུན་པ་ཡིན་འདུག་པས། དེས་ན་ལོ་ཙཱ་བའི་བྱ་གཞག་ཀྱང་དེ་ལུགས་སུ་བགྲོད་ཐུབ་པར་སྨོན་ནོ། །

འབྲེལ་ཡོད་འོས་སྦྱོར།