༄༅། །རྒྱ་བོད་སྒྲ་སྒྱུར་གྱི་གནད་དོན་ཁག་བཅུ་དྲུག་གླེང་བ།
རྩོམ་པ་པོ།:རིན་སྤུངས་ཉི་མ་དོན་གྲུབ།
ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་ཨུད་རྩོམ་སྒྱུར་ཅུད།
དུས་ཚོད།:2023-08-11
ཀློག་གྲངས།:
༡ ཕྱི་རྒྱལ་གྱི་རྒྱལ་ཁབ་དང་རྒྱལ་ས་སོགས་ས་མིང་དང་། མིའི་མིང་ཕྱི་རྒྱལ་གྱི་སྒྲའི་འདོན་སྟངས་ལ་གཞི་འཛིན་ནས་སྒྱུར་ན་དགེ་མཚན་ཆེ་བ། དཔེར་ན། 西班牙 Spain སི་ཕིན། 马德里 Madrid མ་ཏེ་རི།
༢ རྒྱ་སྐད་དང་བསྡུར་ན་དབྱིན་ཇིའི་སྐད་ནས་བོད་སྐད་དུ་སྒྲ་སྦྱོར་བདེ་བའི་ཐོག ང་ཚོར་ལོག་ཡིག་དང་མཐུག་ཡིག་ཡོད་པས་སྒྲ་སྒྱུར་ལ་ཕན་པ་ཆེན་པོ་ཡོད། དེས་ན་ཡོད་པ་རྣམས་སྤྱོད་དགོས་པ་ལས་བེད་སྤྱོད་མེད་པར་བཞག་ན་རིན་ཐང་གང་ཡང་མེད་པ།དཔེར་ན། 希腊 Greece གྷི་རི་སི། 匈牙利 Hungary ཧང་གྷ་རི། 加纳 Ghana གྷ་ན།
༣ སྔར་ནས་རྒྱུན་འབྱམས་སུ་ཕྱིན་ཡོད་ན་བོད་མིའི་བག་ཆགས་ལྟར་སྔར་སྲོལ་བཞིན་བེད་སྤྱད་ན་དགེ་མཚན་ཆེ་བ་ལས་ཡིན་གཅིག་དབྱིན་ཇིའི་སྒྲ་བཞིན་སྒྱུར་མི་དགོས། དཔེར་ན། 印度 India རྒྱ་གར། 尼泊尔 Nepal བལ་པོ། དེ་དག་ཡིན་གཅིག་སྒྲ་སྒྱུར་བྱས་ནས་ཧིན་རྡུ་དང་ནེ་པ་ལ་ཞེས་བརྗོད་མི་དགོས་པ།
༤ སྒྲ་སྒྱུར་གྱི་ཡི་གེ་སྤྱོད་སྐབས་དོན་འཛོལ་འགྲོ་བའི་ཡི་གེའི་རིགས་སྤྱོད་མི་ཉན་པ། དཔེར་ན། 巴西 Brazil པར་ཙིར། པར་ཙིར་ཞེས་འབྲི་བ་ལས་སྦར་བཙིར་ལྟ་བུ་སྦར་མོས་བཙིར་བའི་དོན་ལ་གོ་འཛོལ་འགྲོ་བའི་ཉེན་ཁ་ཡོད་པས་འདི་རིགས་སྤྱོད་མི་ཉན་པ།
༥ རྒྱ་ཡིག་ནས་བསྒྱུར་བའི་སྒྲ་ཞིག་བོད་མིའི་ཡིད་ཀྱི་བག་ཆགས་དང་གོམས་སྲོལ་དུ་འཇགས་ནས་ཀུན་གྱིས་དོན་རྟོགས་ན། ཡིན་གཅིག་ཕྱི་རྒྱལ་གྱི་སྒྲ་ནས་བསྒྱུར་དགོས་པའི་རྩ་དོན་གླེང་དགོས་མེད་པ། དཔེར་ན། 莎士比亚Shakespeare ང་ཚོས་ཕྱི་རྒྱལ་གྱི་སྒྲ་བཞིན་ཤིག་སེ་པི་ཡར་ཞེས་བརྗོད་ན། ང་ཚོའི་ཡིད་ཁམས་སུ་རྒྱ་སྐད་ནས་སྒྱུར་བའི་ཧྲ་ཧྲེ་པི་ཡར་འདི་གོམས་ཚར་བར་བརྟེན། ཀློག་པ་པོའི་བསམ་པར་དེ་གཉིས་མི་གཉིས་མིན་ནམ་སྙམ་གྱི་ཡོད། དེའི་ཐད་ད་དུང་བསམ་གཞིག་གི་ཆ་ཞིག་ཡོད། ད་དུང་འདི་དང་འདྲ་བར་རྒྱལ་ཁབ་ཀྱི་མིང་ནས་བརྗོད་ན日本Japan རི་པིན། 朝鲜 North Korea ཁྲའོ་ཞན་ལྟ་བུ་ལས་ཡིན་གཅིག་ལྗར་པན་དང་བྱང་ཁོ་རེ་ཡ་ཞེས་ཟེར་མི་དགོས་པ།
༦ རྒྱུན་དུ་མི་རྣམས་ཀྱིས་བེད་སྤྱོད་དང་རྒྱུག་ཆེ་བ་དེ་སྤྱད་ན་སྐད་ཡིག་གཅིག་འགྱུར་ལ་ཕན་པ་ཡོད། ལྷག་པར་དུ་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པའི་སྤྱོད་ཚིག་ལ་བལྟ་དགོས། དེ་ལྟ་བའི་རྒྱུ་རྐྱེན་ནི་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པའི་སྐད་ཆ་ཁྱབ་རྒྱ་ཆེན་པོ་ཡིན་པས། དེར་དར་མགྱོགས་པའི་དགེ་མཚན་ཡོད་པའོ། འོན་ཏེ་ཐོག་མར་ཚན་པ་དེ་རིགས་ཀྱིས་དོ་ནན་པོ་བྱ་དགོས། དཔེར་ན། 乌克兰ལ་བོད་སྐད་དུ་ཡུག་རེན་ལྟ་བུ། གཟབ་གཟབ་བྱ་དགོས་པར། འདི་སྒྲ་འདོན་སྐབས་དབུས་སྐད་ལས་ཨ་མདོའི་སྐད་ཀྱི་འདོན་སྟངས་ལྟར་རྗེས་འཇུག་ག་ཡིག་འདིའི་སྒྲ་གསལ་ཙམ་བཏོན་ན། དབྱིན་ཇིའི་སྐདUkraineདང་ཧ་ཅང་ཐག་ཉེ་པོ་ཆགས་ཀྱི་ཡོད་པ་རེད།
༧ སྒྲ་སྒྱུར་བྱེད་སྐབས་རྒྱ་བོད་སྒྲ་སྦྱོར་ཐད་གཞི་འཛིན་ས་གཙོ་བོ་དེ«རྒྱ་བོད་ཚིག་མཛོད་ཆེ་མོའི»རྒྱབ་ཀྱི་སྒྲ་སྦྱོར་རེའུ་མིག་ལ་གཟིགས་དགོས་པ་ལས། ཡི་གེ་གང་བྱུང་དུ་བཀོལ་མི་རུང་།
༨ ཡུལ་ཞིག་གི་ཐུན་མོང་མ་ཡིན་པའི་ཐོན་དངོས་དག་སྒྲ་རང་སོར་བཞག་ན་ལེགས་པ་ལས་ཡིན་གཅིག་དོན་སྒྱུར་བྱེད་དགོས་མེད། དཔེར་ན། རྩམ་པར糌粑དང咖啡ལ་ཁ་ཧྥེ་ལྟ་བུ།
༩ གོ་གནས་ཀྱི་མིང་ཕལ་ཆེ་བ་སྒྲ་སྒྱུར་བྱས་ན་ལེགས་པ་ལས།སྲིད་རྙིང་པའི་སྐད་ཆ་ཞིག་འཚོལ་དུ་འགྲོ་དགོས་མེད། དེ་འདྲ་བྱས་ན་སྲིད་ཀྱི་ངོ་བོ་ལ་འགྱུར་བ་བྱུང་བ་ལ་བརྟེན་ནས་དོན་མེད་རྙོག་དྲ་ཡང་སློང་ཉེན་ཡོད་པའོ། །དེས་ན་སྒྲ་རང་སོར་འཇོག་དགོས། དཔེར་ན། གུ་ཤྲི། 国师 ཏི་ཤྲི། 帝师 ཏཱ་དབེན་གུ་ཤྲི། 大元国师 བཀྭན་ཏིང་གུ་ཤྲི། 灌顶国师 བཀྭན་ཏིང་ཕུའུ་ཤན་བཀྭང་ཚི་ཏཱ་གུ་ཤྲི། 灌顶普贤广慈大国师 ཧོ་ཐོག་ཐུ། 呼图克图 ནོ་མོན་ཧན། 诺门汗 ཛ་སག 札萨克 ནོ་ཡོན། 诺颜 ཨེར་ཏེ་ནི། 额尔德尼 ཨི་ཆི་ཐུ། 阿斯图 ཏཱ་བླ་མ། 大喇嘛 ཏཱ་སི་ཏུ། 大司徒 ཐུའུ་བཀྭན། 土官སོགས་ཡོད་པ་དང་། ཡང་བོད་ཡིག་ནས་རྒྱ་ཡིག་ལ་སྒྲ་རང་སོར་བཞག་པ噶居巴、拉然巴、然坚巴、格西、第司、堪布、赤巴、噶伦ལྟ་བུ།
༡༠ རྒྱ་རིགས་བློ་མཐུན་གྱིས་གཉེར་བའི་ཚོང་ཁང་སོགས་སྒོ་བྱང་འགའ་ཞིག་གི་རྒྱ་ཡིག་མིང་ལ་དོན་གོ་རྒྱུ་ཡོད་པ་དཔེར་ན། 宏发商店ལྟ་བུ་ཡིན་རུང་། ལོ་ཙཱ་བས་སྐད་ཆ་གང་ཡང་མ་དྲིས་པར་ལམ་སེང་དར་རྒྱས་ཚོང་ཁང་ལྟ་བུར་སྒྱུར་མི་རུང་། གང་ལགས་ཤེ་ན། སྐབས་རེ宏发དེ། 张宏发དང宏发县、宏发村、宏发镇ལྟ་བུ་མཚོན་བྱེད་ལས་བསྟན་དོན་གང་ཡང་མེད་པའོ། །
༡༡ བོད་རིགས་འགའ་ཞིག་ལ་རྒྱ་རིགས་ཀྱི་མིང་གཅིག་དང་བོད་རིགས་ཀྱི་མིང་གཅིག་བཅས། མདོར་ན་མིང་གཉིས་ཡོད། དཔེར་ན། རྒྱ་རིགས་མིང་ལ张发祥ཟེར་རུང་བོད་རིགས་ཚོས་ཁོ་ལ་བསོད་ནམས་མགོན་པོ་འབོད་ཀྱི་ཡོད་པ་ལྟ་བུ་རེད། དེ་དོན་ཡོད་ལུགས་ཀྱང་ཤེས་པར་བྱས་ནས། བོད་ཡིག་ཏུ་བསོད་ནམས་མགོན་པོ་རང་འབྲི་དགོས་པ་དེ། 康定ལ་དར་རྩེ་མདོ་དང嘉黎县ལ་ལྷ་རི་རྫོང་དུ་འབོད་པ་དང་གཅིག་པ་ཡིན།
༡༢ ལོ་རྒྱུས་ཀྱི་མི་སྣ་དང་ས་མིང་སོགས་སྒྲ་སྒྱུར་བྱེད་སྐབས་དུས་རབས་རང་བཞིན་ལ་བརྩི་འཇོག་བྱེད་དགོས། དེའང་སྐབས་དེའི་དུས་ཀྱི་སྒྲ་འདོན་སྟངས་ནས་བསྒྱུར་དགོས། དཔེར་ན། མིང་རྒྱལ་རབས་ཀྱི་མི་སྣ་བྱང་བདག(བྱང་པ)རྣམ་རྒྱལ་གྲགས་བཟང་དང་མིང་རྒྱལ་རབས་དུས་ཀྱི་ས་མིང་རིན་སྤུངས་བརྗོད་གཞི་ཡིན་ན། 掌巴·朗杰札桑或者绛达·朗杰札桑,领思奔寨ཞེས་སྒྱུར་དགོས་པ་ལས། 强巴·南杰扎桑,仁布ལྟ་བུར་བསྒྱུར་མི་རུང་།
༡༣ 北京ལ་པེ་ཅིན་དང་། 委员ལ་ཨུ་ཡོན་ཞེས་བཅིངས་འགྲོལ་བཏང་ཚུན་ནས་དར་ཚར་བ་ཡིན་པ་མ་ཟད། རྒྱ་བོད་ཚིག་མཛོད་ཆེ་མོའི་རྒྱབ་ཏུ་དེ་དོན་གསལ་བཤད་ཞུས་ཡོད་པས། 京ལ་ཅིང་ཞེས་མི་འབྲི་བར་ཅིན་ཞེས་འབྲི་དགོས།
༡༤ སྒྲ་སྒྱུར་སྐབས་སྒྲ་ཡང་ཡོད་ལ་དོན་ཡང་གནས་པ་ཡིན་ན། སྒྲ་དོན་གཉིས་ལྡན་གྱི་ཐ་སྙད་དེ་སྤྱད་ན་འགྲིག་པ། དཔེར་ན། 干锅ལ་སྐམ་ཁོག་ལྟ་བུ། འོན་ཏེ་དེ་རིགས་ག་རྒྱག་པ་ཧ་ཅང་དཀོན་པོ་ཡིན་པས། རྐང་བཙུགས་ནས་སྒྲ་སྒྱུར་དེ་རིགས་འཚོལ་དུ་འགྲོ་མི་ཉན་པ་ཡིན། དེའང་སྒྲ་སྒྱུར་ཡང་ཡིན་ལ་དོན་སྒྱུར་ཡང་ཡིན་ཆོག་པའི་གཞི་གཅིག་ཅན་གྱི་སྒྱུར་ཐབས་ཀྱི་ལོ་ཙཱའི་གཞུང་ལུགས་ཤིག་ཕྱི་ནང་ཀུན་དུ་སྤེལ་མ་མྱོང་བ་ཡིན།
༡༥ དེ་མིན་སྒྲ་སྒྱུར་ཐད་མདོ་དབུས་ཁམས་ཀྱི་སྐད་ལུགས་མི་འདྲ་བའི་རྐྱེན་གྱིས་ཅུང་དཀའ་ཙམ་ཡོད་ལ། གནད་དོན་ཀྱང་མང་ཙམ་ཐོན་སྲིད་པས། འཕྲལ་འཕྲལ་དུ་འགྲིག་ནོར་གླེང་ན་དོན་ལ་འབབ་རྒྱུ་ཅང་མེད།ད་དུང་བསམ་འཆར་ཞིག་བཏོན་ན། རིག་གཞུང་ཞིབ་འཇུག་པ་དང་ལྷག་པར་སྐད་བརྡ་རིག་པ་ཞིབ་འཇུག་གནང་མཁན་ཚོས་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་ལ་ཞིབ་འཇུག་ཙམ་ལ་མ་འདས་པར་སྐད་ཀྱི་གདངས语音ལ་ཞིབ་འཇུག་གནང་ཐུབ་ན་ཕན་འབྲས་གསར་པ་ཞིག་ཐོན་ཐུབ་མི་ཡོང་ངམ་སྙམ།
༡༦ ཇོ་མོ་གླང་མ་ལ་གངས་རྒྱལ་མོ་མཐོན་མཐིང་ངམ་ཇོ་མོ་གླང་མར་འབོད་པ་ལས་ཇོ་རི་ལྟ་བུ་ཉེ་དུས་བྱུང་བའི་མིང་ཡིན། 珠穆朗玛ཞེས་པའི་རྒྱ་སྐད་འདི་ཡང་བོད་སྐད་ནས་བྱུང་བ་ཡིན་པས། སྒྲ་སྒྱུར་སྐབས་ཡག་ཤོས་བྱུང་ན་རི་བོ་ཇོ་མོ་གླང་མ་ཞེས་འབྲི་བ་ལས་ཇོ་རི་ཞེས་བྲིས་ན་མི་ལེགས་པའོ། །

འབྲེལ་ཡོད་འོས་སྦྱོར།