ལོ་ཙཱའི་བྱ་གཞག་དང་མི་རིགས་ཁག་བར་གྱི་རིག་གནས་འགྲོ་འོང་སྐོར།
རྩོམ་པ་པོ།:གཅོད་པ་འཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-01-29
ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་ཏང་གི་མི་རིགས་ལས་དོན་སྐོར་གྱི་དཔྱད་གཏམ་གལ་ཆེན་དག་གཞིར་བྱས། ལོ་ཙཱའི་ངོས་ཐད་ནས་མི་རིགས་ཁག་བར་གྱི་རིག་གནས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་སྐོར་གླེང་ཡོད་པ་དང་། ལོ་ཙཱའི་བྱ་གཞག་ནི་རིག་གནས་ནང་འདྲེན་དང་སྤེལ་རེས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་རིག་གནས་འཛུགས་སྐྲུན་དང་མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་ཐད་ནུས་པ་གལ་ཆེན་བཏོན་ཡོད་པའི་སྐོར་གླེང་ཡོད།
གནད་ཚིག ལོ་ཙཱ། རིག་གནས། འགྲོ་འོང་སྤེལ་རེས་མཉམ་འདྲེས།
གཅིག ལོ་ཙཱ་དང་བོད་ཀྱི་རིག་གནས་འཛུགས་སྐྲུན།
དེ་ཡང་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊ་སོགས་རྒྱ་གར་དུ་སློབ་གཉེར་ལ་མངགས་ཤིང་། ཕྱིར་བོད་ལ་ཕེབས་རྗེས་བོད་ཡིག་གསར་གཏོད་དང་དམ་པའི་ཆོས་བསྒྱུར་བའི་ལས་སོགས་བགྱིས་ཏེ་བོད་ཀྱི་རིག་གནས་འཛུགས་སྐྲུན་ཐད་བྱས་རྗེས་མི་དམན་པ་བཞག་ཡོད། ཡིན་ཡང་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལྟར་ན། བོད་དུ་དམ་པའི་ཆོས་རྒྱ་ཆེར་དར་བ་དང་རིག་གནས་འཛུགས་སྐྲུན་གྱི་ལས་ཀ་ཆེན་པོ་གཉེར་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་པར་བརྗོད་དེ། བཙན་པོ་དེའི་རིང་དུ་བསམ་ཡས་མི་འགྱུར་གཙུག་ལག་ཁང་བཞེངས་སྐྲུན་མཛད་པ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དན་རྟགས་ཆེན་པོ་ཞིག་ཡིན་ཏེ། “སྤྱི་ལོ་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་གདུང་ལས་བལྟམས་པའི་མཁན་ཆེན་བྷོ་ངྷི་ས་ཏྭ་དང་། ཨོ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་རྗེས་སློབ་དཔོན་གྱིས་ས་དཔྱད་བརྟགས་ནས་ཆུ་སྟག་ལ་རྨང་བཏིངས་ཏེ་ལོ་གསུམ་ལ་རྫོགས་པར་གྲུབ། དེའི་དུས་སུ་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་བོན་པོ་ལས་རྣམ་པར་རྒྱལ་བ་དང་། ཕྱོགས་མཚུངས་བཙན་པོས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དར་ནས་སད་མི་བདུན་རབ་ཏུ་བྱུང་བ་དང་། བོད་དུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་དང་པོ་འདི་ཡང་བཞེངས།”[1]ཞེས་དང་། “གཙུག་ལག་ཁང་འདི་ཆོས་འཁོར་གསུམ་གྱི་ཡ་གྱལ། བསྟན་པ་སྔ་དར་ལ་དམ་པའི་ཆོས་དར་ཡུལ། རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་པའི་ཆོས་མང་པོ་བསྒྱུར་བའི་གནས་མཆོག་གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ་བཅས་ཡངས་པའི་ནོར་འཛིན་ཁྱོན་དུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བ་ཞིག་ཡིན།”[2]ཞེས་བསམ་ཡས་གཙུག་ལག་ཁང་ནི་བསྟན་པ་སྔ་དར་གྱི་དུས་སུ་དམ་པའི་ཆོས་མང་པོ་བསྒྱུར་བའི་གནས་འགངས་ཆེན་ཞིག་ཡིན་པར་བརྗོད་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་བསྟུན་ནས་སྒྲ་སྒྱུར་གཙུག་ལག་ཁང་བཞེངས་པ་དང་། དེ་ནི་བོད་ཀྱི་རིག་གནས་སྒྲིག་འཛུགས་ཀྱི་ལས་ཀའི་ཐད་མཛད་རྗེས་ཤིན་ཏུ་ཆེ་བའི་ལས་ཁུངས་ཤིག་ཡིན། སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་བསྟན་བཅོས་ཕལ་མོ་ཆེ་ཞིག་བོད་ཀྱི་ལོ་ཙཱ་བ་དག་གི་བཀའ་དྲིན་ལ་བརྟེན་ནས་བོད་རང་དུ་འགྱུར་ཐུབ་པ་བྱུང་ཡོད་ལ། «བཀའ་འགྱུར»དང«བསྟན་འགྱུར»ཞེས་སྡེ་ཚན་ཆེན་པོ་གཉིས་སུ་བགོས་ཏེ་རིག་གནས་གསོག་འཇོག་གི་ལས་ཀ་རྒྱ་ཆེ་གཏིང་ཟབ་ཅིག་གནང་ཡོད། གཞན་ཡང་མིང་དུ་གྲགས་པའི་དཀར་ཆག་རྣམ་གསུམ་སྟེ། «འཕང་ཐང་མ» «ལྡན་དཀར་མ» «མཆིམས་ཕུ་མ»གསུམ་བྱུང་ཞིང་། ད་ལྟའི་དུས་སུ་ཡང་བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། “སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་ཐོན་མི་སམ་བྷོ་ཊ་ནས། ཉེ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་བདུན་བརྒྱ་ལྷག་ཙམ་བྱུང་ཞིང་། ཁོང་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆེན་པོ་ལྔ་དང་། གསང་སྔགས། སྒྲ། ཚད་མ། བཟོ། གསོ་བ་རིག་པ། སྐར་རྩིས། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཅས་ཀྱི་གཞུང་ཧ་ཅང་མང་པོ་ཞིག་རྒྱ་གར་དང་། རྒྱ་ནག་ཁ་ཆེ། ལི་ཡུལ། ཞང་ཞུང་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞིང་། མང་པོ་ཞིག་ནི་མི་རིགས་གཞན་དག་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་རྣམ་པ་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་གོ་བདེ་བ་དང་བརྗོད་དོན་ཆ་ཚང་ཞིང་གནད་ལ་ཁེལ་བ་དེ་ལྟ་བུའི་ཆུ་ཚད་མཐོན་པོ་ཡོད་པ་དང་།དེང་སྐབས་འཛམ་གླིང་ཐོག་བོད་ཀྱི་རིག་གནས་ཞེས་གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པའི་རིག་གནས་ཀྱི་ནོར་མཛོད་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་གནང་ཡོད”[3]ཅེས་བརྗོད་པ་ནི་ལོ་རྒྱུས་དངོས་དང་མཐུན་པའི་མཁས་པའི་དྲང་གཏམ་ཁོ་ན་ཞིག་ཏུ་སེམས། དེ་བས། བོད་ཀྱི་རིག་གནས་འཛུགས་སྐྲུན་གྱི་བྱ་གཞག་ནི་རིག་གནས་ཡིད་རྟོན་ཇེ་བརྟན་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བྱེད་ཀྱི་རྨང་གཞིའི་ལས་ཀ་ཆེས་གལ་ཆེ་བ་ཞིག་ཡིན་པའི་ཆ་ནས། བོད་ཀྱི་ལོ་ཙཱ་བ་རིམ་བྱོན་དང་ལོ་ཙཱའི་བྱ་གཞག་གིས་རིག་གནས་འཛུགས་སྐྲུན་གྱི་ལས་ཀ་རྒྱ་ཆེན་བགྱིས་ཡོད་ལ། ལས་གཞི་དེ་ལ་བརྟེན་ནས་ད་གཟོད་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་དང་བསམ་བློ། དཔལ་འབྱོར། ལོ་རྒྱུས་སོགས་བསྐྲུན་ཐུབ་པ་བྱུང་ཡོད།
གཉིས། ལོ་ཙཱ་དང་མི་རིགས་ཁག་བར་གྱི་འགྲོ་འོང་།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས“ང་ཚོའི་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་གིས་རྒྱ་བསྐྱེད་པ་དང་། ང་ཚོའི་རྒྱུན་རིང་བའི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་གིས་བྲིས་པ་དང་། ང་ཚོའི་འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་གིས་བསྐྲུན་པ་དང་། ང་ཚོའི་རླབས་ཆེ་བའི་འདུ་ཤེས་ནི་མི་རིགས་ཁག་གིས་ཐུན་མོང་གིས་གསོས་པ་ཡིན།”[4]ཞེས་བསྟན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཀྲུང་གོའི་མི་རིགས་ང་དྲུག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཁྲོད་མཉམ་དུ་བསྐྲུན་པ་ཞིག་ཡིན་ལ། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡིན་པས། རིག་གནས་དང་ལོ་རྒྱུས་གང་ཞིག་ལ་མཚོན་ན་ཡང་། མི་རིགས་ཁག་བར་གྱི་རིག་གནས་འགྲོ་འོང་དང་སྤེལ་རེས་ལ་བརྟེན་ནས་མི་རིགས་ཁག་གི་རིག་གནས་དར་སྤེལ་དང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།
དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་དང་ཁ་ཆེ་ཙམ་མ་ཟད། རྒྱ་ཡུལ་ནས་ཀྱང་ལོ་ཙཱ་བ་སྤྱན་དྲངས་ནས་གཞུང་མང་པོ་བསྒྱུར་ཡོད་པ་སྟེ། «དབའ་བཞེད»ལས། “འདི་ནས་རྒྱལ་པོ་རལ་པ་ཅན་གྱི་བར་དུ་པཎྜི་ཏ་ཆེན་པོ་སློབ་དཔོན་ཞི་བ་འཚོ། པད་མའི་ངང་ཚུལ། པད་མའི་འབྱུང་གནས། སྦྱིན་པའི་ཚུལ་ཁྲིམས། བྱང་ཆུབ་བཤེས་གཉེན། བི་མ་ལ་མི་ཏྲ། བུད་དྷ་གུ་རྱ་སོགས་རྒྱ་གར་གྱི་མཁས་པ་དང་། ཁ་ཆེ་རྒྱལ་བའི་བཤེས་གཉེན། ཁ་ཆེ་ཆོས་ཀྱི་འབྱུང་གནས། ཁ་ཆེ་ཐམས་ཅད་མཁྱེན་པའི་ལྷ་ལ་སོགས་པ་སྤྱན་དྲངས”[5]ཞེས་སྐབས་དེ་དུས་བོད་དུ་རྒྱ་གར་དང་ཁ་ཆེའི་ལོ་ཙཱ་བ་མང་པོ་གདན་དྲངས་པ་ཤེས་ཐུབ་པ་དང་། “འབའ་སང་ཤིས་རྒྱ་ཡུལ་ནས་ཐེག་ཆེན་གྱི་མདོ་བམ་པོ་སྟོང་དང་། སྨན་དཔྱད་སྡེ་ཆེན་པོ་གསུམ་ལ་སོགས་པ་འོངས་པ་ལས་རྒྱའི་ཡི་གེ་པ་མ་ཞང་མེ་འགོས་རྒྱའི་ཡི་གེ་ཤེས་པ་དང་། བོད་སྐད་དུ་བསྒྱུར་བའི་ལོ་ཙཱ་བ་ལྷ་ཀླུ་གོང་། བེག་ཟླ་གོང་དང་། བྲན་ཀ་ལེགས་གོང་དང་། འགོང་འབོམ་ཡུལ་གོང་དང་། འགག་ཉ་བཙན་དང་། ལོ་ཁྱི་ཆུང་དང་། འབིག་ཁྱེའུ་དང་། ཁྱེ་ཆུང་རྣམས་ཀྱིས་ཐོག་མར་ལས་རྣམ་འབྱེད་དང་ས་ལུ་ལྗང་པའི་མདོ་བསྒྱུར། མཐར་རྡོ་རྗེ་གཅོད་པ་བསྒྱུར་བའི་ཚེ་ལོ་ཙཱ་བ་གཞན་གྱིས་རྔོ་མ་ཐོགས་ཏེ་བེག་ཟླ་གོང་གཅིག་བུས་བསྒྱུར་རོ”[6]ཞེས་རྒྱ་གར་དང་ཁ་ཆེ་ཙམ་མ་ཟད། རྒྱ་ཡུལ་ནས་ཀྱང་ལོ་ཙཱ་བ་སྤྱན་དྲངས་པ་ཤེས་ཐུབ་བོ། །
ཏུན་ཧོང་ཡིག་རྙིང་གི་འགྱུར་གྱི་ཁྲོད་དུ་ཡང་རྒྱ་གར་ཙམ་མ་ཡིན་པར། རྒྱ་ནག་ནས་ཚུར་བོད་ལ་བསྒྱུར་བའི་བསྟན་བཅོས་ཀྱི་མཚན་བྱང་གང་མང་ཞིག་རྙེད་ཐུབ་པ་དང་། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཁྲོད་དོན་བསྒྱུར་གནང་བའི་རྒྱ་ཡིག་གི་བསྟན་བཅོས་རིགས་མི་འདྲ་བ41དང་བོད་ཡིག་གིས་སྒྲ་བསྒྱུར་བྱས་པའི་རྒྱ་ཡིག་གི་བསྟན་བཅོས་རིགས20མཆིས། «དཀར་ཆག་འཕང་ཐང་མ»ཡི་ཁྲོད་དུ་བོད་ཡིག་ཏུ་བསྒྱུར་བའི་རྒྱ་ཡིག་གི་བསྟན་བཅོས43དང་། «དཀར་ཆག་ལྡན་དཀར་མ»ཡི་ནང་དུ་རྒྱ་ཡིག་ནས་འགྱུར་བའི་བསྟན་བཅོས33མཆིས་པ་ཡིན། «བུ་སྟོན་ཆོས་འབྱུང»གི་ནང་དུ་རྒྱ་ཡིག་གི་མདོ་སྡེའི་རིགས2དང་། བསྟན་བཅོས་ཀྱི་རིགས6། རྒྱུད་སྡེའི་རིགས3དང་། «བཀའ་འགྱུར»གྱི་ཁྲོད་དུ་ཁྱོན་བསྡོམས་མདོ་ཕྱོགས་ཀྱི་བཀའ23དང་། སྔགས་ཕྱོགས་ཀྱི་བཀའ5། «བསྟན་འགྱུར»གྱི་ཁྲོད་དུ་མདོ་ཕྱོགས་སྐོར4[7]བཅས་ཡོད། དེ་བས། བོད་ཀྱི་ལོ་ཙཱའི་ལས་དོན་ནི་རྒྱ་གར་གྱི་ཆོས་ཁོ་ན་བོད་ཡིག་ཏུ་བསྒྱུར་བ་ཙམ་མ་ཡིན་པར། རྒྱ་ནག་ནས་ཀྱང་ཆོས་ཀྱི་གཞུང་མང་པོ་ཞིག་བོད་སྐད་དུ་བསྒྱུར་ཡོད་ལ། དེ་ལས་ང་ཚོས་བོད་བཙན་པོའི་སྐབས་ནས་བཟུང་བོད་མི་རྣམས་ཉེ་འཁོར་གྱི་མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་མང་པོ་གནང་ཡོད་པ་གསལ་བོར་ཤེས་ཐུབ་པ་དང་། ལོ་ཙཱའི་བྱ་གཞག་དང་མི་རིགས་འགྲོ་འོང་གི་གནས་ཚུལ་དང་བསྟུན་ནས། བོད་ཀྱི་རིག་གནས་ཁྲོད་རྒྱ་གར་དང་རྒྱ་ནག་གི་རིག་གནས་མང་པོ་ཞིག་ནང་འདྲེན་བྱས་ཡོད་ལ། དེ་བཞིན་རིག་གནས་དེ་དག་གིས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད་དེ། དཔེར་ན་བོད་ཀྱི་རིག་གནས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པའི་རྩིས་ཀྱི་རིག་གནས་དང་ས་དཔྱད་ཀྱི་རིག་གནས། གསོ་བ་རིག་པ། འབྱུང་བའི་བསམ་བློ་སོགས་ལ་རྒྱའི་རིག་གནས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་དང་། རིན་ཐང་བྲལ་བའི་རིག་གནས་ཀྱི་ལས་གཞི་དེ་དག་ཀྱང་ལོ་ཙཱའི་བྱ་གཞག་དང་མ་འབྲེལ་བ་ཧ་ལམ་མེད།
ཕྱོགས་གཞན་ཞིག་ནས་བརྗོད་ན། ལོ་ཙཱའི་བྱ་གཞག་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ནི་དཀྱེལ་ཡངས་ཆེ་བའི་རིག་གནས་ཆེན་པོ་ཞིག་ཏུ་གྱུར་པ་དང་། ཉེ་འབྲེལ་གྱི་རྒྱ་གར་དང་རྒྱ་ནག་གི་རིག་གནས་སོགས་ལ་སློབ་སྦྱོང་དང་ནང་འདྲེན་བྱས་པར་བརྟེན་བོད་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མང་པོས་མཉམ་དུ་བསྐྲུན་པ་ཇི་བཞིན། བོད་ཀྱི་རིག་གནས་ཀྱང་བོད་དང་ཉེ་འབྲེལ་མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱིས་བསྐྲུན་པ་དང་།ལོ་ཙཱ་དང་མི་རིགས་འགྲོ་འོང་གི་ལས་ཀས་རིག་གནས་འགྲོ་འོང་གི་ལས་ཁོ་ན་ཙམ་བགྱིས་པ་མ་ཡིན་པར། དེས་ད་དུང་མི་རིགས་ཁག་བར་གྱི་མཛའ་བརྩེ་དང་རིག་གནས་ངོས་ལེན་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་ཏུ་གཏོང་བའི་གོ་རིམ་ཁྲོད། ང་ཚོས་ལོ་ཙཱའི་བྱ་གཞག་གིས་ཐོན་པའི་ནུས་པར་དོ་སྣང་དང་ཞིབ་འཇུག་གཏིང་ཟབ་བྱ་འོས་ཏེ། རིག་གནས་དང་མི་རིགས་ཕན་ཚུན་འགྲོ་འོང་སྤེལ་རེས་གནང་བར་སྐད་དང་ཡི་གེའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་དང་། ལོ་ཙཱ་ནི་སྐད་དང་ཡི་གེ་ཇི་བཞིན་ནུས་པ་གལ་ཆེན་ཞིག་བཏོན་དང་འདོན་མུས་ཡིན་པ་སྨོས་མ་དགོས་སོ། །
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་དང་མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ནི་ཏང་གི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཡིན་ལ། དེ་ནི་མི་རིགས་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་འབྱུང་བའི་རྩ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། དེ་བས། མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གང་ལེགས་གནང་རྒྱུ་ནི་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་ལས་ཀ་གཙོ་བོ་ཞིག་ཡིན། ལོ་ཙཱའི་བྱ་གཞག་གི་ངོས་ཐད་ནས་བརྗོད་ན། བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་། བོད་དང་རྒྱ་གར། ཁ་ཆེ། རྒྱ་ནག་གི་ལོ་ཙཱ་བ་མང་པོས་མཉམ་གཅིག་ཏུ་རིག་གནས་ལོ་ཙཱའི་ལས་ཀ་རྒྱ་ཆེན་པོ་བགྱིས་ཏེ། བོད་ཀྱི་རིག་གནས་འཛུགས་སྐྲུན་དང་ལོ་རྒྱུས་སྟེང་གི་མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་རྣམ་པར་བྱས་རྗེས་ཆེན་པོ་བཞག་ཡོད། རིག་གནས་འཛུགས་སྐྲུན་དང་མི་རིགས་ཁག་བར་གྱི་འགྲོ་འོང་གོ་རིམ་ཁྲོད་བསྐྲུན་པའི་ཕན་ཚུན་མཛའ་མཐུན་དང་ཞི་གནས་ཀྱི་ལོ་རྒྱུས་སྣང་ཚུལ་དེ་ནི་རིག་གནས་ཀྱི་ལོ་ཙཱའི་ལས་ཀ་དང་འཇིག་རྟེན་མིག་ཏུ་གྱུར་པའི་མི་རིགས་ཁག་མང་པོའི་ལོ་ཙཱ་བ་དང་འབྲལ་ཐབས་མེད་པས། ལོ་ཙཱས་ཀྲུང་གོའི་ལོ་རྒྱུས་སྟེང་གི་མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཐད་ལ་ནུས་པ་བླ་ལྷག་ཐོན་ཡོད་པ་ཤེས་དགོས་ཤིང་། མ་འོངས་པར་འདིའི་ཕྱོགས་ལ་དོ་སྣང་དང་སྔར་བས་གཏིང་ཟབ་ཀྱི་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་གོ །
ཟུར་ལྟའི་དཔྱད་གཞི།
[1][2][3] དུང་དཀར་བློ་བཟང་འཕྲིན་ལས། «དུང་དཀར་ཚིག་མཛོད་ཆེན་མོ» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4པའི་པར་གཞི་དང་པོ། ཤོག་ངོས2142ན་གསལ། ཤོག་ངོས2144ན་གསལ། ཤོག་ངོས1999ན་གསལ།
[4] 习近平:各民族共建美好家园共创美好未来。新华社北京9月27日。
[5][6] སྦ་གསལ་སྣང་། «དབའ་བཞེད་བཞུགས་སོ། །» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོའི་ཟླ2པའི་པར་གཞི་དང་པོ། ཤོག་ངོས288-289སྟེང་གསལ། ཤོག་ངོས290སྟེང་གསལ།
[7] 嘎藏陀美:《敦煌藏译佛教文献研究》,北京:民族出版社,2019年,第63-104页。

འབྲེལ་ཡོད་འོས་སྦྱོར།