༄༅། །རྒྱ་བོད་གཏམ་དཔེ་ལོ་ཙཱ་བྱེད་སྟངས་སྐོར་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:ཚེ་བརྟན་གཡུ་སྒྲོན།
ཡོང་ཁུངས།:དཔལ་མགོན་རྫོང་བོད་སྐད་ཨུད་རྩོམ་སྒྱུར་ཅུད།
དུས་ཚོད།:2024-01-31
ཀློག་གྲངས།:
གཏམ་དཔེ་ལོ་ཙཱ་བྱེད་པར་ཐོག་མར་གཏམ་དཔེ་དང་རིག་གནས་དབར་གྱི་འབྲེལ་བར་རྒྱུས་མངའ་ངེས་ཅན་ཞིག་དགོས་པ་སྨོས་མི་དགོས། འོན་ཀྱང་། གཏམ་དཔེ་དང་རིག་གནས་དབར་གྱི་འབྲེལ་བར་རྒྱུས་མངའ་ཡོད་པ་ཙམ་གྱིས་ཀྱང་གཏམ་དཔེ་ཡིག་སྒྱུར་ལེགས་པོ་ཞིག་འཁྱོངས་བའི་ངེས་པ་མེད་དེ། ད་དུང་གཏམ་དཔེ་ཡིག་སྒྱུར་སྐབས་སྤྱོད་པའི་ལོ་ཙཱའི་ཐབས་ལམ་དེ་ཁ་ལ་འཚམ་པའི་སོ་ལྟ་བུ་ཞིག་དགོས་པ་གང་ཞིག བུ་ཡིག་གི་ནང་དོན་ཁ་གསལ་ཞིང་གོ་བདེ་བ་དང་ཚིག་སྦྱོར་དམངས་ཀྱིས་བློ་ལ་ངེས་བདེ་བ་དང་། ངག་ནས་སྨྲ་བདེ་བ། སྙན་ཆ་དོད་པོ་ཞིག་དགོས་པ་ཡིན།
རྒྱ་བོད་གཏམ་དཔེ་ལོ་ཙཱའི་སྔོན་འགྲོའི་རྒྱུན་ཤེས།
གཏམ་དཔེ་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་། འཚོ་བ། སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ལྟ་ཞིབ་ཡུན་རིང་དང་རྒྱུས་མངའ་ངེས་ཅན་བྱས་པ་ལས་གྲུབ་པའི་སྐད་ཆའི་སྙིང་བཅུད་ལྟ་བུ་ཞིག་དང་སྐད་ཆའི་ནང་དོན་མདོར་འདྲིལ་བ་ལྟ་བུ་ཞིག་ཡིན་པས། དེ་ནི་འགྲོ་བ་མིའི་རིགས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ཤེས་རིག་གི་གསོག་འཇོག་ཅིག་ཀྱང་རེད། མི་རིགས་གང་འདྲ་ཞིག་གི་གཏམ་དཔེ་ཡིན་རུང་། དེར་མི་རིགས་དེའི་ལོ་རྒྱུས་དང་རིག་གནས། རིན་ཐང་ལྟ་བ། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ནང་དོན་འདུས་ཡོད། གལ་ཏེ་སྐད་ཆ་ནི་མི་ཁོ་ནར་དབང་བའི་འབྲེལ་འདྲིས་ཀྱི་ལག་ཆ་ཁྱད་དུ་འཕགས་པ་ཞིག་ཡིན་ན། གཏམ་དཔེ་ནི་སྐད་ཆའི་ལེགས་ཚོགས་འདུས་པའི་སྙིང་ནོར་ལྟ་བུ་ཞིག་ཏུ་འཁུམས།
རྒྱ་བོད་གཏམ་དཔེ་ཡིག་སྒྱུར་བྱེད་སྐབས། མ་ཡིག་གི་གཏམ་དཔེའི་གོ་དོན་དང་ཤུགས་ཀྱི་བསྟན་དོན་ལ་བསམ་གཞིག་ནན་ཏན་བྱེད་དགོས། མི་རིགས་གང་ཞིག་གི་རིག་གནས་ཡིན་རུང་། སྤྱིའི་ཆ་ནས་རིག་གནས་དབར་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་གང་ལ་གང་འཚམ་ཞིག་ཡོད་ཅིང་། ང་ཚོས་ཁྱད་ཆོས་དེ་ལ་གཞིགས་ཏེ་ལོ་ཙཱའི་ཐབས་ལམ་ཡང་མི་འདྲ་བ་སྤྱོད་དགོས། དཔེར་ན། “太阳从西边出来了”ཞེས་པ་བོད་སྐད་དུའང“ཉི་མ་ནུབ་ནས་ཤར”ཞེས་ཟེར་སྲོལ་ཡོད་པས། དེ་ལྟ་བུ་ནི་མི་རིགས་དབར་གྱི་ཐུན་མོང་གི་གཏམ་དཔེ་ལྟ་བུར་གྱུར་པས་ན་ང་ཚོས་ཐད་སྒྱུར་བྱས་ན་ཆོག་པས། འདི་ལྟ་བུའི་གཏམ་དཔེ་ནི་རྒྱ་བོད་མི་རིགས་གང་ལ་མཚོན་ཡང་ཚིག་དོན་དང་ཤུགས་ཀྱི་བསྟན་དོན་སོགས་གཅིག་མཚུངས་སུ་སྣང་ཡང་གཏམ་དཔེ་ལ་ལ་ནི་འདི་ལྟར་མ་ཡིན་པར་ཐུན་མིན་གྱི་ཁྱད་ཆོས་ངེས་ཅན་ཡོད་དེ། དཔེར་ན། “红光满面、 赤胆忠心 一片赤心”ལྟ་བུའོ། ཀྲུང་གོའི་རིག་གནས་དང་ལོ་རྒྱུས་སུ་ཁ་མདོག་དམར་པོ་ནི་བཀྲ་ཤིས་པ་དང་བདེ་སྐྱིད་ལོངས་སྤྱོད་ཀྱི་མཚོན་དོན་དུ་བརྩི་བཞིན་ཡོད་ཀྱང་། བོད་ཀྱི་རིག་གནས་སུ་དམར་པོ་ནི་བཀྲ་ཤིས་པ་དང་བསམ་པ་རྣམ་དག་གི་རྟགས་སུ་མི་འགྲོ་སྟེ། བོད་ཀྱི་རིག་གནས་ཀྱི་ཁྲོད་དུ་ལྷག་བསམ་རྣམ་དག་དང་བསམ་པ་བཟང་པོའི་རྟགས་སུ་ཁ་བཏགས་དང་ཁ་བ་སོགས་ཁ་དོག་དཀར་པོའི་རྫས་ལ་དཔེ་སྦྱར་བའི་སྲོལ་ཡོད་པ་མ་གཏོགས། སེམས་པ་དང་ཁ་དོག་དམར་པོ་མཉམ་དུ་སྦྱོར་སྲོལ་མེད། གཞན་ད་དུང“雨后春笋”ཞེས་པར་འགའ་རེས་ཆར་ཤུལ་གྱི་སྨྱུག་རྩ་ཞེས་ཐད་སྒྱུར་བྱེད་བཞིན་ཡོད་མོད། བོད་སྐད་དུ“ཆར་ཤུལ་གྱི་སྤང་ལ་ཤ་མོ་རྡོལ་བ་བཞིན”ཞེས་སྤྱོད་བཞིན་ཡོད། གཞན་ཡང་། “身在操营心在汉、三个臭皮匠顶个诸葛亮”ཞེས་པ་ལྟ་བུ་རྒྱ་ཡིག་ཇི་བཞིན་དུ་བོད་ཡིག་ཏུ་བསྒྱུར་ན་དམངས་ཀྱིས་གོ་དཀའ་བས། ང་ཚོས་ངེས་པར་དུ་སྒྱུར་བྱེད་བུ་ཡིག་གི་རིག་གནས་དང་། ལོ་རྒྱུས། དམངས་སྲོལ་སོགས་ལ་གཞིགས་ནས། ཁག་སོ་སོར“འབྲུག་མོ་ཧོར་དང་བསམ་པ་གླིང” “ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ”ཞེས་པར་བསྒྱུར་ན། གཅིག་ནས་མ་ཡིག་གི་ནང་དོན་ཇི་བཞིན་སྟོན་ཐུབ་པ་མ་ཟད། ལོ་ཙཱ་འཕར་མ་བྱེད་པའི་ངལ་བའང་དང་དུ་ལེན་མི་དགོས་པ་ཡིན།
རྒྱ་བོད་གཏམ་དཔེའི་ལོ་ཙཱ་བྱེད་ཐབས།
དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་འཇར་མན་གྱི་སྐད་བརྡ་རིག་པ་མཁས་ཅན་ཧོང་པོའོ(洪堡)ཡིས། “སྐད་ཡིག་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་དང་། གཞན་དང་མི་མཚུངས་པའི་གྲུབ་ལུགས་རེ་ཡོད་ལ། དེ་བཞིན་དུ་མིང་བརྡ་རེ་རེ་ལའང་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པས། སྐད་ཡིག་གཞན་ཞིག་གི་ཁྲོད་དུ་བརྗོད་དོན་ཡོངས་སུ་མཚུངས་པའི་མིང་བརྡ་ཞིག་རྙེད་པར་དཀའ”ཞེས་གསུངས་པ་དང་། རྒྱའི་ལོ་ཙཱ་བ་ཅིས་ཤན་ལིན(季羡林)གྱིས། “ལོ་ཙཱ་བ་ཞིག་ལ་མཚོན་ན། རྨང་གཞིའི་ཆུ་ཚད་ཇི་ལྟར་མཐོ་ནའང་། མ་ཡིག་དང་ཉེ་མཚུངས་སུ་བསྒྱུར་བ་ལས་མ་ཡིག་གི་བརྗོད་དོན་དང་མཛེས་ཉམས་མཐའ་དག་ཡོངས་སུ་བསྒྱུར་མི་ཐུབ”ཅེས་གསུངས་པ་སོགས་ལས་མ་ཡིག་དང་བུ་ཡིག་གཉིས་ཀྱི་བར་དུ་ཕྱིའི་རྣམ་པ་དང་ནང་གི་བརྗོད་དོན་གང་རུང་གི་ཆ་ནས་གཟུགས་མེད་ཀྱི་བར་ཐག་ཅིག་ཡོད་པ་དང་། ལོ་ཙཱ་བས་རང་ནུས་ཅི་ལྕོགས་ཀྱིས་བར་ཐག་དེ་ཇེ་ཐུང་དུ་གཏོང་བ་ལས་མེད་པར་བཟོ་ཐབས་མེད། རྒྱ་བོད་གཏམ་དཔེ་ལོ་ཙཱ་བྱེད་སྐབས་ཀྱང་དེ་ལྟ་བུའི་དཀའ་ཁག་རང་བཞིན་དུ་ཕྲད་ཀྱིན་ཡོད། དེས་ན་ང་ཚོས་རྒྱ་བོད་གཏམ་དཔེ་ལོ་ཙཱ་བྱེད་སྐབས་མི་རིགས་སོ་སོའི་རིག་གནས་ལ་ནང་བྱན་ཆུད་པའི་རྨང་གཞིའི་ཐོག གཏམ་དཔེ་མི་འདྲ་བར་གང་ལ་ཅི་འགབ་ཀྱི་སྒྱུར་ཐབས་མི་འདྲ་བ་སྤྱད་ན་ད་གཟོད་མ་ཡིག་གི་ནང་དོན་དང་ཐག་ཉེ་བ་ཡིན།
གཅིག ཐད་སྒྱུར།
ཐད་སྒྱུར་ནི་རྒྱ་བོད་གཏམ་དཔེ་གཉིས་ཀྱི་གོ་དོན་འདྲ་བའམ་ཡང་ན་གོ་དོན་ཧ་ལམ་དོ་མཉམ་པའི་སྐབས་སུ་སྤྱོད་ཆོག་པའི་སྒྱུར་ཐབས་ཤིག་ཡིན་ཏེ། “青黄不接”དང“སྐྱ་ཟད་སྔོ་ཐུག”ཅེས་པ་གཏམ་དཔེ་འདི་གཉིས་ཀྱི་བསྟན་དོན་དང་རྣམ་པ་གཅིག་མཚུངས་ཡིན་སྟབས་ཐད་སྒྱུར་བྱས་ན་འཐུས་པ་ཡིན། རྒྱ་བོད་སྐད་ཡིག་གཉིས་ལ་བསྟན་དོན་དང་རྣམ་པ་གཉིས་རྦད་དེ་མཚུངས་པའི་གཏམ་དཔེ་ཧ་ཅང་མང་པོ་ཡོད་དེ། དཔེར་ན། “良药苦口利于病”ཞེས་པར“སྨན་རོ་བསྐ་རུང་ནད་ལ་ཕན”ལྟ་བུ་དང་། “忠言逆耳利于行”ཞེས་པར“ཤ་ཚའི་ཁ་ནས་གཏམ་སྙན་མེད”ལྟ་བུ་ནི་བསྟན་དོན་དང་རྣམ་པ་སོགས་གཅིག་མཚུངས་སམ་ཡང་ན་ཕལ་ཆེར་མཚུངས་པའི་གཏམ་དཔེ་ཡིན་སྟབས་ཐད་སྒྱུར་བྱས་ན་ཆོག་སྙམ། འོན་ཀྱང་། དཔེར་ན“空口说白话”ཞེས་པ་ལྟ་བུར“ཁ་སྟོང་པར་སྐད་ཆ་དཀར་པོ”ཞེས་ཐད་སྒྱུར་བྱས་ན། བསྒྱུར་བྱའི་གཏམ་དཔེའི་ནང་དོན་གང་ཡིན་ཆ་མི་འཚལ་བ་དང་། མ་ཡིག་གི་གཏམ་དཔེའི་མཚར་ཉམས་ཡལ་འགྲོ་བ། འགྱུར་མའི་ནང་དོན་ཡང་ཇི་བཞིན་མཚོན་མི་ཐུབ་པ་མ་ཟད། བློ་ལ་འཇགས་དཀའ་བ་དང་། སྨྲ་མི་བདེ་བ། སྙན་ཆ་ཡང་དོད་པོ་ཡོང་དཀའ་བས། གཏམ་དཔེ་འདི་རིགས་ལོ་ཙཱ་བྱེད་སྐབས་ང་ཚོས་ཐད་སྒྱུར་མ་བྱས་པར་ལོ་ཙཱའི་ཐབས་ལམ་གཞན་པ་སྤྱོད་དགོས་པ་ཡིན།
གཉིས། དོན་སྒྱུར།
རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་རྒྱ་བོད་གཏམ་དཔེ་ལོ་ཙཱ་བྱེད་སྐབས་ཐད་སྒྱུར་ཁོ་ནར་བརྟེན་ན་གཏམ་གྱི་མདོ་ཁ་འགྲིལ་དཀའ་བས། འདི་འདྲའི་སྐབས་སུ་ང་ཚོས་དོན་སྒྱུར་གྱི་ཐབས་ལ་བརྟེན་ནས་མ་ཡིག་གི་གཏམ་དཔེའི་ནང་དོན་ཇི་བཞིན་མཚོན་གང་ཐུབ་བྱེད་དགོས། དཔེར་ན“胸有成竹”ལྟ་བུ་ལ་མཚོན་ན་ཐད་སྒྱུར་གྱི་ཐབས་ལ་བརྟེན་ནས“ཁོག་ཏུ་སྨྱུག་མ་ཡོད་པ”ཞེས་པར་བསྒྱུར་ན་དགོད་བྲོ་བ་ཙམ་ལས་ཡང་སྙིང་དོན་ཅི་ཞིག་སྟོན་མིན་ཐེ་ཚོམ་གྱི་གནས་སུ་གྱར་ངེས་པས། གལ་ཏེ་ང་ཚོས་དོན་སྒྱུར་གྱི་ཐབས་ལ་བརྟེན་ན་གནད་དོན་འདི་འདྲ་ཐོན་མི་སྲིད། གཞན་ད་དུང“南辕北辙”ལ“ལྷ་མདུན་ལ་བཞག ཕྱག་རྒྱབ་ལ་འཚལ”ལྟ་བུ་དང་། “狗眼看人低”ལྟ་བུར“གཟུགས་ཆུང་བར་བྱིས་པའི་མཐོང་དང་། རྒྱུ་མེད་པར་སྤྲང་པོའི་མཐོང” “撑死胆大的 饿死胆小的”ཞེས་པར“སེམས་ཆུང་ལ་ཆག་སྒོ་མང་། ཧམ་ཆེན་ལ་ཟ་སྒོ་མང” “覆巢无完卵”ལྟ་བུར“ལུང་པ་ཆུ་ཡིས་ཁེངས་ན། རྡོ་ལེབ་སྐམ་པོར་མི་སྡོད”སོགས་དོན་སྒྱུར་གྱི་ཐབས་ལ་བརྟེན་ན། མ་ཡིག་གི་ནང་དོན་དང་མི་འགལ་བ་མ་ཟད་ཀློག་པ་པོས་ཀྱང་དང་ལེན་བྱེད་སླ་བའི་ཁྱད་ཆོས་ལྡན།
གསུམ། གཡར་སྒྱུར།
གཡར་སྒྱུར་ནི་གཏམ་དཔེ་ཡིག་སྒྱུར་ཁྲོད་ཀྱི་སྒྱུར་ཐབས་གལ་ཆེན་ཞིག་ཡིན། གཏམ་དཔེ་འགའ་ཞིག་ཕྱིའི་རྣམ་པ་མི་འདྲ་ཡང་དེའི་བསྟན་དོན་འདྲ་བའམ་ཡང་ན་ཧ་ལམ་འདྲ་བའི་རིགས་མང་དུ་ཡོད་པས། གལ་ཏེ་མ་ཡིག་གི་གཏམ་དཔེའི་སྒྱུར་ཐབས་ཆེས་ལེགས་པ་ཞིག་མ་རྙེད་ན། འགྱུར་བྱེད་ཡིག་རིགས་ཀྱི་སྐད་ཆའི་ཁྲོད་དུ་མ་ཡིག་གི་གཏམ་དཔེའི་བསྟན་དོན་དང་འདྲ་བའི་གཏམ་དཔེ་ཞིག་གཡར་ཏེ་དེའི་ཚབ་བྱས་ན་ཆོག་སྙམ། རྩ་བའི་ཆ་ནས་བཤད་ན་སྒྱུར་ཐབས་དེ་རིགས་ནི་དོན་སྒྱུར་ཡིན་ཏེ། མི་འདྲ་ས་ནི་ད་ཡོད་ཀྱི་གཏམ་དཔེའི་བསྟན་དོན་འདྲ་བ་ཞིག་གཡར་ནས་ཚབ་བྱས་པ་ཡིན་སྟབས་གཡར་སྒྱུར་གྱི་ཐབས་ཟེར་བ་ཡིན། དཔེར་ན། “对牛弹琴”ཞེས་པ“བ་གླང་ལ་སྒྲ་སྙན་གཏོང་བ”ཞེས་པར་བསྒྱུར་ན་གོ་རྒྱུ་ཅི་ཡང་མེད་པས། བོད་ཀྱི་གཏམ་དཔེ“བོང་བུའི་རྣ་བར་གསེར་བླུག”གམ“སྤྱང་ཀིའི་རྣ་བར་ཆོས་བཤད”ཅེས་གཡར་སྒྱུར་བྱས་ན་ལེགས་སྙམ། གཏམ་དཔེ་འདི་རིགས་ད་དུང་མང་པོ་ཡོད་དེ། དཔེར་ན། “杀鸡警猴”ལྟ་བུར“ར་བསད་ནས་ལུག་འདར”ཞེས་དང་། “留得青山在 不怕没柴烧”ཞེས་པར“མི་མ་ཤི་ཟོག་གི་སྡོང་པོ” “杀鸡焉用牛刀”ཞེས་པར“ཤིག་གསོད་པར་སྟ་རེ་འཕྱར་མི་དགོས” “麻雀虽小,五脏俱全”ཞེས་པར“རི་བོང་སུག་ལག་ཐུང་ཡང་། ལ་མོ་འདྲ་འདྲ་བརྒྱབ་ཡོད”ལྟ་བུའོ། །
གོང་དུ་གླེང་བ་ནི་རྒྱ་བོད་སྐད་རིགས་གཉིས་ལས་གཏམ་དཔེའི་ལོ་ཙཱ་བྱེད་ཐབས་གཞིར་བཞག་ནས་དཔྱད་བསྡུར་རགས་ཙམ་བྱས་པ་ཡིན་ཞིང་། ལོ་ཙཱའི་ལག་ལེན་དངོས་ལ་འཇུག་པའི་སྐབས་སྒྱུར་ཐབས་རིགས་དེ་གསུམ་པོ་ཁོ་ནར་བརྟེན་དགོས་པའི་ངེས་པ་མེད་པར། ད་དུང་དེ་ལས་མང་བའི་ཐབས་ལམ་གང་མང་ཞིག་ཡོད་སྲིད་པས། ང་ཚོས་རྣམ་ཀུན་རྒྱ་བོད་གཏམ་དཔེ་ལོ་ཙཱ་བྱེད་སྐབས། ཐོག་མར་གཏམ་དཔེའི་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེ་རྗེས་བུ་ཡིག་ཏུ་མ་ཡིག་གི་གཏམ་དཔེའི་ནང་དོན་དང་ཁ་འཕྲོད་པའི་གཏམ་དཔེ་ཡོད་མེད་ལ་དོ་སྣང་བྱས་ཏེ། གལ་ཏེ་བུ་ཡིག་ཏུའང་མ་ཡིག་གི་གཏམ་དཔེའི་ནང་དོན་དང་ཆ་འདྲ་བའི་གཏམ་དཔེ་ཡོད་ཚེ་དེ་བསྟུན་གྱིས་སྤྱད་ན་ལེགས་པར་མཐོང་ཞིང་། གལ་ཏེ་བུ་ཡིག་ཏུ་མ་ཡིག་གི་གཏམ་དཔེའི་ནང་དོན་དང་ཆ་འདྲ་བའི་གཏམ་དཔེ་མེད་ཚེ། ད་གཟོད་ལོ་ཙཱའི་ཐབས་ལམ་གང་འཚམ་ཞིག་སྤྱད་དེ་བུ་ཡིག་ཏུ་བསྒྱུར་དགོས་པ་ཡིན།

འབྲེལ་ཡོད་འོས་སྦྱོར།