དུས་རབས་བརྒྱད་པའི་སྐབས་བོད་ཀྱི་ལོ་ཙཱའི་བྱ་གཞག་མངོན་པར་འཕེལ་བའི་རྒྱུ་རྐྱེན་ལ་དཔྱད་པ།
རྩོམ་པ་པོ།:མགོན་པོ་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-04-16
ཀློག་གྲངས།:
དང་པོ། དུས་རབས་བརྒྱད་པའི་ཡར་སྔོན་གྱི་ལོ་ཙཱའི་འཕེལ་རིམ་བརྗོད་པ།
དེ་ཡང་། སྐད་ཡིག་ཅིག་གི་བརྗོད་དོན་དེ་སྐད་ཡིག་གཞན་ཞིག་གིས་ཇི་བཞིན་མཚོན་པའི་ལས་ལ་ལོ་ཙཱ་ཞེས་འབོད་ཅིང་། དེ་ནི་སྐད་རིགས་ཤིག་གམ་ཡིག་རིགས་ཤིག་གིས་བསྟན་ཟིན་པའི་བརྗོད་དོན་དེ་སྐད་རིགས་སམ་ཡིག་རིགས་གཞན་ཞིག་གིས་སླར་མཚོན་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན། ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས་ཡོངས་སུ་ཐ་དད་པའི་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པར་སྐད་རིགས་དུ་མ་ལ་བྱང་བའི་ལོ་ཙཱ་བ་དགོས། དེ་བཞིན་དུ་རང་རེའི་ལོ་རྒྱུས་བསྟན་བཅོས་སུ་གཉའ་ཁྲི་བཙན་པོའི་མན་ཆད་ནས་གནམ་རི་སྲོང་བཙན་ཡན་ཆད་བར། བཙན་པོ་རེ་ལ་ཐར་ལམ་འདྲེན་པའི་སྐུ་གཤེན་རེ་དང་སྐད་ཡིག་བསྒྱུར་བའི་ལོ་པཎ་རེ་ཡོད་ཅེས་གསུངས་པ་ལྟར་དུ། མ་མཐར་ཡང་སྤྱི་ལོའི་སྔོན་གྱི་ལོ360ཡས་མས་ནས་བཟུང་ཞང་བོད་ཡིག་སྒྱུར་གྱི་སྲོལ་དར་ཡོད་པར་སྣང་། མཁས་དབང་ནམ་མཁའ་ནོར་བུའི«ཞང་བོད་ལོ་རྒྱུས་ཏི་སེའི་འོད»ལས། མུ་ཁྲི་བཙན་པོའི་སྐབས་སུ་བོན་པོའི་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ཏེ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ནས་བོན་བསྟན་རྒྱ་ཆེར་སྤེལ་ལ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཅན་གྱི་གཏིང་ཟབ་པའི་གཞུང་མང་པོའང་བསྒྱུར་ལ། པུ་དེ་གུང་རྒྱལ་གྱི་སྐབས་སུ་ཏ་ཟིག་གི་ཡུལ་ནས་སྐུ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེས་ཞང་ཞུང་གི་ཡུལ་ནས་བོན་ཆོས་བསྒྱུར་ཏེ་དར་བར་བྱས། ཕྱིས་སུ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་པ་དང་། སྒོས་སུ་ཐོན་མིས་སྤྱན་དྲངས་པའི་ཆོས་དང་རིག་པའི་གནས་མཐའ་དག་རང་ཅག་བོད་ཀྱི་སྐད་དུ་བསྒྱུར་ན་རིག་གནས་གསར་པའི་མཁའ་དབུགས་ཤིག་ཏུ་འགྱུར་བར་དགོངས་ནས་ཐོན་མི་སོགས་ལ་བཀའ་བཏང་ནས་ཆོས་གཞུང་བསྒྱུར་ཅིང་། རྒྱ་གར་ནས་པཎྜི་ཏ་ཀུ་ས་ར་དང་བྲམ་ཟེ་ཤཾ་ཀ་ར། ཁ་ཆེ་ཏ་ནུ་དང་གྷ་ནུ་ཏ། བལ་བོ་ཤི་ལ་མཉྫུ་སོགས་གདན་དྲངས་ནས་མཐུན་རྐྱེན་གང་མང་བསྐྲུན་ལ། སློབ་དཔོན་ཐོན་མི་ཁོང་ཉིད་དང་ཁོའི་མཆན་བུ་དྷརྨ་ཀོ་ཥ། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་ཀྱིས་ལོ་ཙཱ་བྱས་ཏེ་ཆོས་གཞུང་བོད་ཡིག་ཏུ་བསྒྱུར་བའི་ལས་གྲྭ་ཐོག་མ་དེ་བཙུགས་པའོ། །
གཉིས་པ། དུས་རབས་བརྒྱད་པའི་སྐབས་ཀྱི་བོད་ཀྱི་ལོ་ཙཱའི་བྱ་གཞག་གི་སྐོར།
དུས་རབས་བརྒྱད་པའི་དུས་སྟོད་ཙམ་ལ་བཙན་པོ་ཁྲི་གཙུག་ལྡེ་བཙན་ནམ་མེས་ཨག་ཚོམ་གྱིས་སྲིད་དབང་བསྒྱུར་བ་ནས་བཟུང་མཛད་འཕྲིན་རབ་དང་རིམ་པར་སྤེལ་ཞིང་། རིག་གནས་འཕེལ་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་ནས་ཡབ་མེས་གོང་མ་རྣམས་ཀྱི་སྲོལ་བཟང་ལེགས་པར་བསྐྱངས་པ་དང་། དམ་ཆོས་སྒྱུར་སྤེལ་གྱི་རྒྱུན་དེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་། ཐོག་མར་གཉགས་ཛྙཱ་ན་ཀུ་མ་ར་དང་བྲན་ཀ་མུ་ལེ་ཀོ་ཥ་གཉིས་རྒྱ་གར་དུ་ཆོས་འཚོལ་བར་བཏང་བ་དང་། གཞན་ཡང་ལོ་ཙཱ་བ་སང་ཤི་སོགས་རྒྱ་ནག་ཏུ་ཆོས་ལེན་པར་མངགས་ཏེ། རྒྱའི་སྐད་ནས་བསྒྱུར་བའི་ནང་བསྟན་གྱི་ཆོས་གཞུང་ལ«ལས་བརྒྱ་བ»(百业经)དང«གསེར་འོད་དམ་པ»(金光明经)སོགས་བཞུགས། དེ་ནས་སྔོན་གྱི་སྲོལ་བཟང་ལེགས་པར་བསྐྱངས་ཏེ་ཐང་བོད་གཉིས་ནམ་ཞར་དུ་ཞི་མཐུན་དང་མཛའ་བརྩེ་རྒྱུན་མཐུད་དུ་ཡོང་ཆེད་སྤྱི་ལོ710ལོར་རྒྱའི་གྱིམ་ཤིང་ཀོང་ཇོ་བཙན་པོས་ཁབ་ཏུ་བཞེས་པ་དང་། རྒྱའི་སྨན་རྩིས་གཞུང་ལུགས་སྐོར་འཁོད་པའི་གཞུང་ལུགས«རྒྱུད་བདུན»(算学七续圣典)དང«ལེ་ལག་བརྒྱད་པ»(八支)སོགས་བོད་སྐད་དུ་བསྒྱུར་བར་གྲགས། སྤྱི་ལོ756པ་ལ་ཁྲི་སྲོང་ལྡེ་བཙན་སྐུ་ནར་སོན་རྗེས། སྲིད་ཀྱི་དབང་ཆ་བཟུང་བ་དང་། ཁོང་གིས་ཡབ་ཀྱི་དགོངས་པ་བསྐྱངས་ནས་དམ་ཆོས་བརྒྱུད་སྤེལ་དང་ལོ་པཎ་དུ་མ་སྤྱན་དྲངས་ནས་ལོ་ཙཱའི་བྱ་གཞག་ལའང་ཤུགས་བསྣན། ཆོས་བློན་རྦ་སང་ཤི་དང་རྦ་གསལ་སྣང་སོགས་ཀྱིས་རྒྱབ་སྐྱོར་བླ་མེད་བསྐྲུན་པའི་འོག་ཏུ། ཡབ་མེས་རིང་གི་ཆོས་རྒྱུན་བསྐྱངས་ནས་ལོ་ཙཱ་བའི་དཔུང་སྡེ་རབ་དང་རིམ་པ་ཞིག་བསྐྲུན་པ་དང་ཕྱི་ནང་གི་ལོ་པཎ་མང་པོ་གདན་དྲངས་ཏེ་ནང་བའི་ཆོས་བསྒྱུར་བའི་ཕྱོགས་སུ་ཤུགས་བསྣན། དེ་ཡང་། «བཀའ་ཐང་སྡེ་ལྔ»རུ། “ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། །ལོ་ཙཱ་པ་ཀོར་བེེ་རོ་ཙ་ན་བྱོན། །རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར། །ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི། །བོ་དྷི་ས་ཏྭ་བོད་དུ་གདན་དྲངས་ནས། །ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས། །མཁན་པོ་བོ་དྷི་ས་ཏྭའི་གསུང་འགྲོས་བསྒྱུར། །རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི། །ཧྭ་ཤང་མ་ཧ་ཡ་ན་གདན་དྲངས་ནས། །རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས། །ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར། །ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི། །པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས། །མན་ངག་ཟབ་མོ་དཔག་མེད་གསུང་བ་རྣམས། །ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་། །ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས། །སྒྲ་སྒྱུར་རྒྱ་གར་གླིང་དུ་བཀོད། །”ཅེས་བཙན་པོ་སྐུ་ཉིད་ཀྱིས་སྔ་ཕྱིར་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་གདན་དྲངས་ཏེ་དཔལ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། སྒྲ་སྒྱུར་གླིང་ཞེས་ལོ་ཙཱའི་བྱ་བ་ཆེད་དུ་གཉེར་བའི་སྡེ་སོགས་བཏབ་ནས་ལོ་ཙཱའི་རིག་པ་འདི་ཆེས་ཆེར་དར་བར་བཏང་བ་དང་། ཆོས་རྒྱལ་འདིའི་རིང་དུ་ཞུས་ཆེན་འཕེར་བའི་སཾ་བོད་ཀྱི་ལོ་ཙཱ་བ15དང་། རྒྱ་བོད་ཀྱི་ལོ་ཙཱ་བ9བྱུང་ནས་ལོ་ཙཱའི་ཕྱོགས་སུ་ཤུགས་བསྣན།
གསུམ་པ། དུས་རབས་བརྒྱད་པའི་སྐབས་བོད་ཀྱི་ལོ་ཙཱའི་བྱ་གཞག་མངོན་པར་འཕེལ་བའི་རྒྱུ་རྐྱེན་གྱི་སྐོར།
དུས་རབས་བརྒྱད་པའི་སྐབས་ཀྱི་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཆེན་པོ་ཞིག་བྱུང་བ་ནི་སྟེས་དབང་ཙམ་མིན་པར། དེ་ནི་སྐབས་དེའི་བོད་རང་གི་འཚོ་གཞེས་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་སོགས་ཀྱི་རྒྱབ་ལྗོངས་འོག་ཏུ་གྲུབ་པར་ངེས་ལ། སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་། ཕྱི་ནང་གཉིས་ཀའི་མཐུན་རྐྱེན་མང་པོ་ཞིག་འཛོམས་པ་དང་། ཕྱིའི་རིག་གནས་དང་ནང་འཁོར་གྱི་རིག་གནས་གཉིས་ཀྱི་ལེགས་ཉེས་ཀྱི་ཤན་ཕྱེ་ནས་ལེགས་ཆ་རྣམས་དགོངས་པ་དཀྱེལ་ཡངས་སྒོས་ཚུར་བླངས་པའི་བྱེད་ནུས་དང་རྐྱེན་དུ་མ་ལས་ད་གཟོད་དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་ལོ་ཙཱའི་བྱ་གཞག་མངོན་པར་འཕེལ་བ་ཞིག་ཡིན་པར་འདོད།
གཅིག བསམ་ཡས་སྒྲ་སྒྱུར་གླིང་བཙུགས་ནས་ལོ་ཙཱའི་བྱ་བ་དར་སྤེལ་བཏང་བ།
ཨུ་རྒྱན་ཡུལ་ནས་མཁས་པའི་དབང་བོ་སློབ་དཔོན་པདྨ་འབྱུང་གནས་དང་། ཟ་ཧོར་ཡུལ་ནས་མཁན་ཆེན་ཞི་བ་འཚོ་སོགས་གདན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་། དེ་ནས་བཙན་པོ་རང་ཉིད་ཀྱིས་དེའི་དབུ་འཛིན་པའི་འགན་བཞེས་ཤིང་། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སློབ་ཁྲིད་བྱེད་པའི་འགན་གཙོ་བོ་འཁུར་བ་དང་། བཻ་རོ་ཙ་ན་དང་། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་བཅས་ཀྱིས་སློབ་ཁྲིད་ཀྱི་ཕྱག་རོགས་གནང་སྟེ་ལོ་ཙཱ་བའི་སྡེ་གསོ་སྐྱོང་གང་ལེགས་མཛད་ལ། བསམ་ཡས་གཙུག་ལག་ཁང་གི་གླིང་བཅུ་གཉིས་ཀྱི་ནང་ཚན་བསམ་ཡས་སྒྲ་སྒྱུར་གླིང་དུ་ཡིག་སྒྱུར་ཁང་བཙུགས་ནས་ལོ་ཙཱའི་བྱ་གཞག་གོང་དུ་སྤེལ་བར་མཐུན་རྐྱེན་བླ་མེད་བསྐྲུན།
གཉིས། དུས་རིམ་འདིར་ལོ་ཙཱ་བའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་བསྐྲུན།
ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཡུལ་བྱིངས་ནས་ལོ་ཙཱ་སློབ་མཁན་བསྡུ་གཉེར་བྱས་ཤིང་། «པདྨ་བཀའ་ཐང»ལས། “བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པཿ ལོ་ཙཱ་བརྒྱ་དང་རྩ་བརྒྱད་འཚོལ་དགོས་སྙམཿ མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱིཿ ལོ་བརྒྱད་ཡན་ཆོད་བཅོ་བརྒྱད་མན་ཆད་ཀྱིཿ ལུས་ལ་སྐྱོན་མེད་སེམས་ལ་ཐག་མ་ཞུགསཿ བློ་གསལ་གཡེར་ཞིང་དྲན་གཞུངས་མང་དུ་བསྡུསཿ ”ཞེས་བློ་རྣོ་ལ་སྙིང་རུས་ཆེ་བའི་བུ་ཕྲུག་བརྒྱ་རྩ་བརྒྱད་བདམས་ནས། ལོ་ཙཱའི་བྱ་བ་གཙིགས་སུ་བཟུང་སྟེ་ལོ་ཙཱ་བ་མང་དུ་གསོ་སྐྱོང་བྱས་པ་དང་། དམིགས་སུ་ལོ་ཙཱ་བ་དེ་དག་གི་འཚོ་བ་བླ་ནས་སྦྱོར་བ་སོགས་ཀྱི་ཐོབ་དང་གོ་ས་གནང་ནས་ཕྱིས་ཀྱི་ལོ་ཙཱ་བ་དག་གིས་བྱ་གཞག་འདི་ལ་བརྩོན་དགོས་པར་སྐུལ་ལྕག་བཏང་ཡོད།
གསུམ། ལོ་ཙཱའི་གཞུང་ལུགས་བསྐྲུན་ནས་བཀས་བཅད་མཛད།
དུས་རབས་བརྒྱད་པའི་དུས་སྨད་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ཀྱིས་བཙན་པོའི་དགོངས་དོན་ལྟར་སྔོན་གྱི་ལོ་ཙཱའི་ཉམས་མྱོང་ཕྱོགས་སྡོམ་དང་ཐ་སྙད་གཅིག་གྱུར་བྱེད་པ་དང་། དེ་མིན་ལོ་ཙཱའི་ཁྲོད་བྱུང་བའི་གནད་དོན་ཐག་གཅོད་བྱ་ཆེད། སཾ་བོད་ཐ་སྙད་ཤན་སྦྱར་དང་ལོ་ཙཱའི་གཞུང་ལུགས་སྤེལ་མའི«སྒྲ་སྦྱོར་བམ་གཉིས»བརྩམས་པ་དང་། སྐབས་དེ་ནས་བཟུང་བོད་ཀྱི་ལོ་ཙཱའི་བྱ་གཞག་མངོན་པར་འཕེལ་བ་རེད། །

འབྲེལ་ཡོད་འོས་སྦྱོར།