«ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཀྱི་པར་སྐྲུན་དོན་སྙིང་དང་བོད་འགྱུར་གྱི་སྐོར་གླེང་བ།
རྩོམ་པ་པོ།:གཅོད་པ་འཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-05-10
ཀློག་གྲངས།:
ནང་དོན་གནད་བསྡུས། «ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པའི་དེབ་འདི་ཉིད་ནི་ཀྲུང་གོའི་མི་རིགས་མང་པོའི་གྲུབ་ཚུལ་དང་འཕེལ་རྒྱས། སྲ་བརྟན་དུ་གཏོང་བའི་སྐོར་གླེང་བའི་རིག་གཞུང་ཆེད་དེབ་ཅིག་ཡིན་ལ།འདིར«ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པའི་དཔེ་དེབ་དེ་ཉིད་ཀྱི་པར་སྐྲུན་དོན་སྙིང་དང་བོད་འགྱུར་དགེ་མཚན་སོགས་ཞིབ་ཏུ་གླེང་ཡོད།
གནད་ཚིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། དོན་སྙིང་། བོད་འགྱུར།
«ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པ་ནི2023ལོར་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ་དཔར་བའི་རིག་གཞུང་ཆེད་དེབ་ཅིག་ཡིན་ལ། འདི་ནི་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མི་རིགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དག་གཞིར་བཟུང་། རང་རྒྱལ་གྱི་འདས་སོང་ལོ་རྒྱུས་དང་མ་འོངས་འཕེལ་ཕྱོགས་སོགས་ལ་དམིགས་ནས་བྲིས་པ་ཞིག་རེད། སྤྱིའི་ཆ་ནས་དེབ་འདི་ནི་ལོ་རྒྱུས་དང་རིག་གནས། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་སྣ་མང་མཐོང་ལམ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གྲུབ་ཚུལ་དང་འཕེལ་རྒྱས། དེའི་ནང་སྙིང་སོགས་ལ་ཕྱོགས་ཡོངས་ནས་འགྲེལ་བརྗོད་གནང་བའི་རིག་གཞུང་དེབ་ཅིག་ཡིན་པ་རེད།
གཅིག «ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཀྱི་དངོས་ཡོད་དོན་སྙིང་།
ལོ་རྒྱུས་ཀྱི་ངོས་ཐད་ནས་བརྗོད་ན། རྩོམ་པ་པོས་ཀྲུང་གོའི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ནི་ཇི་ལྟར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་གྱིས་གྲུབ་པ་དང་འཕེལ་རྒྱས་སོང་བའི་ཆ་གསལ་བོར་བསྟན་ཡོད་པ་དང་། གནའ་བོའི་མི་རིགས་མཉམ་བསྲེས་ནས་ད་ལྟའི་མི་རིགས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་འགྱུར་གོ་རིམ་སོགས་གླེང་བ་བརྒྱུད། ཀློག་པ་པོ་རྣམས་ལ་ལོ་རྒྱུས་ཀྱི་མཐོང་སྣེ་ཆེན་པོ་ཞིག་མཁོ་སྤྲོད་གནང་ཡོད།
རིག་གནས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། དཔེ་དེབ་འདིས་གསོན་ཉམས་ལྡན་པའི་དཔེ་བརྗོད་སྣ་མང་ལ་བརྟེན་ནས། ཀྲུང་ཧྭའི་རིག་གནས་ཀྱི་སྣ་མང་རང་བཞིན་བསྟན་ཡོད་པར་མ་ཟད། མི་རིགས་ཁག་བར་གྱི་རིག་གནས་འགྲོ་འོང་དང་མཉམ་བསྲེས་སོགས་ཀྱང་གླེང་འདུག འདི་ལས་ང་ཚོས་ཀྲུང་ཧྭའི་རིག་གནས་ནི་མི་རིགས་མང་པོས་མཉམ་དུ་བསྐྲུན་པའི་དགོངས་གཞི་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་དཀྱེལ་ཡངས་རང་བཞིན་དང་མཉམ་བསྲེས་རྣམ་པ་ཡང་རྟོགས་ཐུབ།
ཆབ་སྲིད་ཀྱི་ངོས་ཐད་ནས་བརྗོད་ན། རྩོམ་པ་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་སྲིད་ཇུས་དང་གཞུང་ལུགས་ལག་ལེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། མི་རིགས་འདྲ་མཉམ་གྱི་དབང་ཆ་ཁག་ཐེག་ཡོང་བའི་རྨང་གཞིའི་སྟེང་། མི་རིགས་ས་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱེད་པའི་ཆ་གླེང་ཡོད། དཔེ་ཆའི་ནང་དུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་དང་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་སོགས་ལ་འགྲེལ་བརྗོད་གཏིང་ཟབ་བྱས་པ་བརྒྱུད། ཀློག་པ་པོས་ཀྲུང་གོའི་མི་རིགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པར་མཐོང་སྣེ་ལེགས་པོ་ཞིག་མཁོ་སྤྲོད་གནང་ཡོད། དཔལ་འབྱོར་ནི་མི་རིགས་གཅིག་མཐུན་ཚོགས་པ་བརྟན་རླིང་དང་འཕེལ་རྒྱས་ཡོང་བའི་དངོས་པོའི་རྨང་གཞི་ཡིན་པས། ཆེད་དེབ་འདི་ཉིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ཐད་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་བཏང་སྟེ་མཉམ་དུ་འཕེལ་རྒྱས་འགྲོ་བའི་སྐོར་ལ་ཐུན་མིན་གྱི་ལྟ་ཚུལ་གང་མང་བཏོན་ཡོད།
མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་ནི་ཏང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་དགོངས་པ་གལ་ཆེན་དང་། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇེ་རྒྱས་ཇེ་ལེགས་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བར་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བའི་དགོངས་གཞི་ཟབ་མོར་ངེས་ཤེས་ཡང་དག་ཅིག་རྙེད་པ་དང་། ལོ་རྒྱུས་དང་ཆབ་སྲིད་ཀྱི་ངོས་ཐད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཇི་ལྟར་གྲུབ་པའི་ལོ་རྒྱུས་དང་འཕེལ་རྒྱས་སྐོར་ལ་ངོས་འཛིན་ཡང་དག་ཅིག་ཡོད་དགོས་པའི་ཆ་ནས། «ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པའི་དཔེ་དེབ་འདི་ཉིད་ནི་དུས་ཐོག་ཆར་བ་བཞིན། འདིའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་གནང་མཁན་གྱི་ཞིབ་འཇུག་པ་དག་ལ་ལོ་རྒྱུས་དང་དངོས་ཡོད་ཀྱི་མཐོང་སྣེ་གལ་ཆེན་ཞིག་མཁོ་སྤྲོད་གནང་ཡོད་པས། དཔེ་དེབ་འདི་ཉིད་ཀྱི་དགེ་མཚན་ནི་ཕྱོགས་དང་ཟུར་མང་པོ་ནས་གླེང་ཆོག་པ་ཞིག་རེད།
གཉིས། དཔེ་དེབ་འདི་ཉིད་བོད་འགྱུར་སྐོར་གྱི་དངོས་ཡོད་རིན་ཐང་།
«ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་ནས་བཟུང་། རིག་གཞུང་ཞིབ་འཇུག་སྡེ་ཁག་དང་སློབ་གྲྭ་སོ་སོ་ནས་གདེང་འཇོག་གང་ལེགས་ཐོབ་པ་དང་། ཆེད་དུ་དེར་བགྲོ་གླེང་དང་དཔྱད་འཇོག་གནང་བའི་རྩོམ་ཡིག་ཀྱང་མང་པོ་ཞིག་སྤྱི་ཚོགས་སྟེང་བཀྲམ་ཡོད། སྤྱི་ཚོགས་སྟེང་དེབ་དེ་ནི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་པའི་གཞི་རྐང་ལྟ་བུ་ཡིན་པ་དང་། དེ་ནི་ཆེས་ཐོག་མ་བཞིས་གྲུབ་པ་ཞིག་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་དེབ་ཆེས་ཐོག་མ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་མཚན་ཉིད་དང་རྩ་བའི་གཞུང་ལུགས་ཀྱི་སློབ་དེབ་ཆེས་ཐོག་མ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཇི་ལྟར་གྲུབ་པའི་སྐོར་གླེང་བའི་སློབ་དེབ་ཆེས་ཐོག་མ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཐུས་ཚང་སྒོས་འགྲེལ་བརྗོད་གནང་བའི་སློབ་དེབ་ཆེས་ཐོག་མ”ཞེས་གདེང་འཇོག་ཆེན་པོ་གནང་ཡོད། གཞན་དཔེ་དེབ་དེ་ཉིད་ལ“གསེར་གྱི་སློབ་དེབ”ཅེས་པའི་མཚན་སྙན་དང་གདེང་འཇོག་ཀྱང་གནང་གིན་ཡོད། ཡིན་ཡང་། ད་ལྟའི་བར་དུ་དཔེ་དེབ་འདི་ཉིད་རྒྱ་ཡིག་གི་པར་མ་མ་གཏོགས་མི་རིགས་སྐད་ཡིག་སྟེང་ལོ་ཙཱ་བྱས་ཡོད་པའི་གནས་ཚུལ་མ་མཐོང་རྐྱེན། ཁོ་མོས་དཔེ་དེབ་འདི་ཉིད་མི་རིགས་སྐད་ཡིག་སྟེང་ཕབ་སྒྱུར་བྱེད་པའི་དགེ་མཚན་གྱི་སྐོར་ཅུང་ཟད་ཞུ་བར་འདོད་དེ།
དང་པོ། “ལོ་ཙཱ་ནི་རིག་གནས་ཤེས་བྱ་སྤེལ་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་དང་། གནའ་དེང་ལོ་རྒྱུས་གང་ལ་མཚོན་ན་ཡང་། ལོ་ཙཱ་བ་ནི་ཤེས་བྱ་སྤེལ་མཁན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་དེ་ཡིན་པར་མ་ཟད། ཤེས་བྱའི་ཁྱབ་ཁོངས་ཁྲོད། ལོ་ཙཱའི་ནུས་པ་ནི་ཡི་གེའི་ནུས་པ་དང་གཅིག་མཚུངས་ཡིན།” མི་རིགས་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ན་ཡང་ལོ་ཙཱའི་བྱ་གཞག་ནི་རིག་གནས་འཛུགས་སྐྲུན་དང་བསམ་བློ་བརྗེ་རེས་ཐད་མེད་དུ་མི་རུང་ཞིང་། ལོ་ཙཱ་ལ་བརྟེན་ནས་མི་རིགས་ཕན་ཚུན་བར་རིག་གནས་དང་བསམ་བློ་བརྗེ་རེས་དང་མཉམ་བསྲེས་ཀྱང་བྱེད་ཐུབ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་དཔེ་དེབ་འདི་ལྟ་བུར་མཚོན་ན། དུས་ལྟར་མི་རིགས་སྐད་ཡིག་སྟེང་ཕབ་སྒྱུར་བྱས་ཏེ་མི་རིགས་ས་ཁུལ་དུ་ཁྱབ་གདལ་གཏོང་བ་ནི་ཤིན་ཏུ་གལ་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། མི་རིགས་མང་པོས་གྲུབ་པའི་རང་རྒྱལ་ལ་མཚོན་ན་བྱ་གཞག་འདི་ནི་ལྷག་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་ཏང་གི་ཆེས་གལ་ཆེ་བའི་མི་རིགས་ལས་དོན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་དང་སྲ་བརྟན་གཏོང་བར་མི་རིགས་ས་ཁུལ་གྱི་མི་རྣམས་ཀྱིས་དུས་ལྟར་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་ངོས་འཛིན་ཡང་དག་ཅིག་ཡོང་དགོས་པ་དང་། གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པར་མི་རིགས་གང་དེའི་སྐད་དང་ཡི་གེའི་སྟེང་གི་དཔེ་དེབ་ཅིག་ཡོད་རྒྱུ་དེ་གནད་འགག་ཅིག་ཏུ་ཆགས་ཡོད། དེ་བས། དཔེ་དེབ་འདི་ཉིད་མི་རིགས་སྐད་ཡིག་ལ་བསྒྱུར་བ་ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་མཐའ་འཁྱོལ་ཡོང་བ་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་དུས་ལྟར་ཏང་གི་སྲིད་ཇུས་འཕེལ་ཕྱོགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐད་ལོ་རྒྱུས་དང་ཆབ་སྲིད། རིག་གནས་བཅས་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་ཞིག་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། དཔེ་དེབ་འདི་བརྒྱུད་ནས་མི་རིགས་ཁག་གི་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་རིག་གནས་ལྟ་བ་སྐྱེད་སྲིང་བྱ་ཐུབ།
གཉིས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། “ང་ཚོའི་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་གིས་རྒྱ་བསྐྱེད་པ་དང་། ང་ཚོའི་རྒྱུན་རིང་བའི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་གིས་བྲིས་པ་དང་། ང་ཚོའི་འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་གིས་བསྐྲུན་ལ། ང་ཚོའི་རླབས་ཆེ་བའི་འདུ་ཤེས་ནི་མི་རིགས་ཁག་གིས་ཐུན་མོང་གིས་གསོས་པ་ཡིན།”ཞེས་པའི་དགོངས་དོན་ལ་གོ་བ་ཟབ་མོ་ཞིག་བསྐྱེད་པར་དཔེ་དེབ་འདི་ཉིད་ནི་ངེས་པར་ཀློག་དགོས་པ་ཞིག་ཡིན་ལ། དཔེ་དེབ་འདི་ཉིད་མི་རིགས་སྐད་ཡིག་ལ་བསྒྱུར་བ་ལས་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་སོ་སོའི་འབྲེལ་འདྲིས་དང་མཉམ་བསྲེས་བརྒྱུད། མི་རིགས་ཐུན་མོང་གིས་གྲུབ་པའི་རླབས་ཆེ་བའི་རིག་གནས་ཤིག་ཡིན་པའི་ཀྲུང་གོའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་ཀྱང་རྟོགས་ཐུབ།
མདོར་ན། «ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད»ཅེས་པའི་དཔེ་དེབ་འདི་ནི་ཕྱོགས་ཡོངས་དང་མ་ལག་ཚང་བའི་རིག་གཞུང་ཞིབ་འཇུག་གི་ཆེད་དེབ་གལ་ཆེན་ཞིག་ཡིན་པ་དང་། དེའི་རིན་ཐང་ནི་རིག་གཞུང་ཞིབ་འཇུག་གི་ཚད་ལྡན་རང་བཞིན་དང་ཟུར་ལྟའི་རིན་ཐང་ཁོ་ན་ཙམ་མ་ཡིན་པར། ཀློག་པ་པོ་རྣམས་ཀྱིས་དེབ་འདི་བརྒྱུད་དེ་ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་འབྲེལ་བར་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དང་རིག་གནས། ཆབ་སྲིད་དང་དཔལ་འབྱོར་སོགས་ཟུར་གང་མང་ནས་ཀྲུང་གོའི་མི་རིགས་མང་པོའི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་གོ་བ་ཟབ་མོ་ཞིག་ལོན་ཐུབ། །

འབྲེལ་ཡོད་འོས་སྦྱོར།