དོ་མཉམ་ལོ་ཙཱའི་གཞུང་ལུགས་ཀྱི་མཐོང་སྣེ་ནས«སྒ་གསུང་རབ་རྒྱ་མཚོའི་རྣམ་ཐར»གྱི་ལོ་ཙཱའི་སྐོར་གླེང་བ།
རྩོམ་པ་པོ།:སྙིང་ལྕགས་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-10-14
ཀློག་གྲངས།:
དང་པོ། དོ་མཉམ་ལོ་ཙཱའི་གཞུང་ལུགས་བཤད་པ།
དོ་མཉམ་ལོ་ཙཱའི་གཞུང་ལུགས་ནི་འགྱུར་ཡིག་གིས་མཚོན་པའི་བརྗོད་བྱའི་དོན་དེ་མ་ཡིག་དང་ཡོངས་སུ་མཐུན་པར་མ་ཟད། འགྱུར་ཡིག་གི་ཚིག་ཉམས་འདོན་སྟངས་དང་ཕན་ནུས་སོགས་ཀྱང་མ་ཡིག་དང་ཀུན་ནས་མཐུན་དགོས་པ་ཞིག་རེད།དེ་ནི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ཟུང་འབྲེལ་བྱས་ཏེ། རིམ་པ་དང་ཁ་ཕྱོགས་གང་མང་ནས་ལོ་ཙཱའི་འགུལ་འགྱུར་དང་འགུལ་མེད་ཀྱི་རྣམ་པ་ལྟར་ལོ་ཙཱར་ཚད་འཇལ་བྱེད་ཀྱིན་ཡོད། ལོ་ཙཱའི་འགུལ་འགྱུར་ཞེས་པ་ནི་ཚིག་དང་ཚིག་ཚོགས། རྗོད་པ། བརྗོད་ཕྲེང་། ལེ་ཚན་བཅས་ལ་ངོས་འཛིན་པ་དང་། འགུལ་མེད་ཞེས་པ་ནི་བརྡ་སྤྲོད་ནས་མགོ་ཚུགས་ཏེ་སྐབས་བབ་ཀྱི་ཚིག་ཉམས་སམ་ཚིག་སྤྱོར་སྤྱོད་ཡུལ་དང་སྤྲེལ་ནས་ནང་རིམ་དང་ཕྱི་རིམ། རྒྱན་ཚིག་གི་རིམ་པ་བཅས་ཕྱོགས་གསུམ་དུ་དགར་ཡོད། ཕྱི་རིམ་ཞེས་པ་ནི་སྐད་ཡིག་རང་ངོས་ལ་ངོས་འཛིན་དགོས་པ་དང་དེ་ནི་བསམ་གཞིག་གི་ཕྱིའི་རྣམ་པ་ལྟ་བུ་ཞིག་ཡིན། ཕྱི་རིམ་གྱི་གྲུབ་ལུགས་ལ་མཚོན་ན་ཚིག་གི་གྲུབ་ལུགས་ནི་གཙོ་བོར་ཆགས་ཡོད་པས་ཅི་ནུས་ཀྱིས་མ་ཡིག་གི་ཚིག་ཉམས་ཐོན་པར་བྱེད་དགོས། དེ་ནི་ཚིག་དང་ཚིག་ཚོགས། གྲུབ་ལུགས་བཅས་ཀྱིས་ངོས་ནས་འགྱུར་ཡིག་ཀློག་བདེ་བ་ཞིག་ཡོང་རྒྱུ་དེ་ཡིན། གཏིང་རིམ་གྱི་གྲུབ་ལུགས་ལ་བརྗོད་དོན་གྱི་རིམ་པ་ཡང་ཟེར། དེ་ནི་བསམ་གཞིག་གི་ནང་སྙིང་ལྟ་བུ་ཞིག་སྟེ་སྐད་བརྡའི་བརྗོད་དོན་དངོས་ལ་ཐོན་པའི་རྣམ་པ་ཞིག་ཡིན། རྒྱན་ཚིག་གི་རིམ་པ་ཞེས་པ་ནི་གཏིང་རིམ་དང་ཕྱི་རིམ་གྱི་བར་མཚམས་སུ་གནས་ཤིང་། དེ་ནི་སྐད་བརྡའི་རྣམ་པ་དང་མཚོན་དོན་ལ་གཞིགས་ནས་བེད་སྤྱོད་བཏང་ཚེ་སྐད་བརྡའི་བརྗོད་ཚུལ་མངོན་ཐུབ་པ་ཡིན་ནོ། །
གཉིས་པ། ཐ་སྙད་ཀྱི་སྒྱུར་ཐབས་བཤད་པ།
དོ་མཉམ་སྨྲ་བའི་གཞུང་ལུགས་འདི་སྤྱོད་སྐབས“སྒྱུར་གྱི་བྱེད་ཐབས་མི་འདྲ་བ་ཚིག་གི་གོ་རིམ་བསྣོར་ཏེ་བསྒྱུར་བ་དང་། བརྗོད་པ་ཕྲལ་ཏེ་བསྒྱུར་བ། སྣོན་འཕྲི་ལྡོག་ཟློས་གང་འཚམ་པར་བསྒྱུར་བ། རིག་གནས་གོམས་སྲོལ་དང་མཐུན་པར་བསྒྱུར་བ”སོགས་བྱེད་ཐབས་འདྲ་མིན་བེད་སྤྱད་ཏེ་ཚིག་སྦྱོར་གྱི་ངོས་ནས་དོ་མཉམ་ཡོང་བར་བྱེད་ཆོག་པར་སྙམ། རྒྱུ་རྐྱེན་དེའི་དབང་གིས་གཤམ་གསལ་གྱི་དོ་མཉམ་སྨྲ་བའི་གཞུང་ལུགས་དང་སྤྲེལ་ཏེ་ལག་ལེན་སྐོར་གླེང་བར་བྱ།
གཅིག ནང་བསྟན་གྱི་ཐ་སྙད་སྒྱུར་ཐབས།
ལག་ལེན་ལ་གཞུང་ལུགས་ཀྱིས་མཛུབ་ཁྲིད་ནུས་པ་ཐོན་དགོས་ན། མཐའ་གཅིག་ཏུ་མ་ཡིག་ཇི་མ་ཇི་བཞིན་དུ་བུ་ཡིག་ལ་བསྒྱུར་རྒྱུ་ཡང་མ་ཡིན་པར། བབ་བསྟུན་རང་བཞིན་ལྟར་སྒྱུར་གྱི་བྱེད་ཐབས་འདྲ་མིན་སྤྱད་དེ་དོ་མཉམ་ཡོང་རྒྱུ་གལ་ཆེ་བར་སྙམ། རྣམ་ཐར་ཁྲོད་ཀྱི“天国的方舟”དང“灵魂的方舟”གཉིས་བོད་ཡིག་ཏུ“འོད་གསལ་གྱི་བགྲོད་ལམ”དང“མཁའ་སྤྱོད་ཀྱི་ཕོ་བྲང”ཞེས་བསྒྱུར་ཡོད། གལ་སྲིད་མ་ཡིག་ལྟར་ཐད་ཀར་དུ“དག་ཞིང་གི་གྲུ་གཟིངས”དང“རྣམ་ཤེས་ཀྱི་གྲུ་གཟིངས”ཞེས་བསྒྱུར་ན་ཚིག་གི་སྡེབ་སྦྱོར་ལ་ཡང་ཅུང་མི་བདེ་བའི་ཚོར་སྣང་ཞིག་སྟེར་བ་མ་ཟད། བརྗོད་དོན་ཧྲིལ་པོའི་གཙོ་ཚིག་སྐུ་གཤེགས་པའི་རྣམ་པ་དེ་ཡང་ཡོངས་སུ་མཚོན་ཐུབ་མེད་པ་ཞིག་ཏུ་ཆགས་ཡོད། དེ་ལྟར་དོ་མཉམ་སྨྲ་བའི་ངོས་ནས་ཀྱང་ཐ་སྙད་དང་ཐ་སྙད་ཕན་ཚུན་བར་གྱི་ཚིག་སྦྱོར་ལ་ཤན་ཞུགས་ཚུལ་དེ་ཡང་བུ་ཡིག་གིས་ཅི་ཐུབ་ཀྱིས་མ་ཡིག་གི་ཚིག་ཉམས་ཐོན་པ་དང་དོ་མཉམ་ཡོང་བར་བྱས་ཡོད།
སྤྱིར“袈裟”ཞེས་པ་ནི་གྲྭ་བཙུན་རྣམས་ཀྱི་གྱོན་པར་ངོས་འཛིན་དགོས་ཤིང་། རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས“袈裟”ལ་བོད་སྐད་དུ་གཟན་དང་ཆོས་གོས། ངུར་སྨིག་ཅེས་བསྒྱུར་ཡོད། དོ་མཉམ་སྨྲ་བའི་གཏིང་རིམ་གྱི་གྲུབ་ལུགས་ལྟར་ན། དེ་ནི་བསམ་གཞིག་གི་ནང་སྙིང་ལྟ་བུ་སྟེ་སྐད་བརྡའི་བརྗོད་དོན་དངོས་ལ་ཐོན་པའི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། སྒྱུར་གྱི་བྱེད་ཐབས་ངོས་ནས་རིག་གནས་གོམས་སྲོལ་དང་མཐུན་པར་བསྒྱུར་བ་གཉིས་ཟུང་དུ་སྦྲེལ་ན། ད་གཟོད་སྐབས་བབ་ཀྱི“袈裟”ཞེས་པ་སྐུ་ལྕུགས་སུ་བསྒྱུར་ན་ཅུང་འོས་ཤིང་འཚམས་པ་ཞིག་རེད་སྙམ། དེ་ལྟར་བསྒྱུར་ན་རིག་གནས་གོམས་སྲོལ་དང་ཡང་མཐུན་པ་མ་ཟད། སློབ་གཉེར་གྱི་རྣམ་འགྱུར་ཡང་ཚིག་ཤུགས་ལས་རང་བཞིན་གྱི་ཐོན་པའི་ཚོར་བ་ཞིག་ཀྱང་སྟེར་སྲིད་པས། ཕྱོགས་ངེས་ཅན་ཞིག་ནས་སྐད་བརྡའི་བརྗོད་དོན་གྱི་གྲུབ་ལུགས་ལ་ཤུགས་རྐྱེན་ཐེབས་ཏེ་དོ་མཉམ་གྱི་རྣམ་པ་ཞིག་ཀྱང་མངོན་ཡོད་པར་སྙམ།
དོ་མཉམ་སྨྲ་བའི་རྒྱན་ཚིག་གི་རིམ་པ་ཞེས་པ་ནི་གཏིང་རིམ་དང་ཕྱི་རིམ་གྱི་བར་མཚམས་སུ་གནས་ཤིང་། དེ་ནི་རྩོམ་ལུས་དང་རྩོམ་གཤིས་སོགས་འདུས་པས་བསམ་གཞིག་གི་ཕྱི་རིམ་དང་གཅིག་མཚུངས་སུ་མངོན་པས་ན། མ་ཡིག་ཁྲོད་ཀྱི“黄金时代” “才华” “精明” “学子”སོགས་ནི་གཙོ་ཚིག་ལྟ་བུ་ཡིན་པ་དང་། ཚུར་བོད་ཡིག་ཏུ“རྫོགས་ལྡན་གྱི་དུས་རབས”དང“འཇོན་ཐང་།” “རྣམ་དཔྱོད།” “སློབ་མ”ཞེས་བསྒྱུར་དགོས་པའི་ངེས་པ་མེད་ཅིང་། བབ་བསྟུན་གྱིས་བསྒྱུར་རྒྱུ་ཡང་གལ་ཆེན་པོ་ཞིག་རེད། སྤྱིར་མ་ཡིག་རང་ངོས་ལ་མཚོན་ན་ཚིག་རྐྱང་བའི་སྒོ་ནས་ཞིབ་འབྲི་བྱས་ཡོད་ན་ཡང་། ཚུར་བུ་ཡིག་ཏུ་བསྒྱུར་སྐབས་མ་ཡིག་དང་བསྟུན་ནས་ཚིག་ཕལ་བའི་ལམ་ནས་བསྒྱུར་དང་མི་བསྒྱུར་ལོ་ཙཱ་པའི་འདོད་མོས་ཤིག་ཡིན་པས། རྣམ་ཐར་རྩོམ་རིག་གི་ཚིག་སྦྱོར་གྱི་ཁྱད་ཆོས་དང་བསྟུན་ནས་བསྒྱུར་རྒྱུ་ཡང་གདམ་ཀ་གཞན་ཞིག་ཡིན་སྲིད། དེ་ལྟར་མ་ཡིག་གི་ཐ་སྙད་རྣམས་བུ་ཡིག་ཏུ་སྒྱུར་སྐབས་རྒྱན་ཚིག་དང་འཕྲི་སྒྱུར། སྣོན་སྒྱུར་གྱི་ཐབས་བཀོལ་ཏེ་ཕྱི་རིམ་དང་གཏིང་རིམ་གྱི་མཚམས་སུ་གནས་པའི་རྒྱན་ཚིག་གི་ངོས་ནས་དོ་མཉམ་ཡོང་ཐབས་བྱས་ཡོད།
གཉིས། ཆབ་སྲིད་ཀྱི་ཐ་སྙད་སྒྱུར་ཐབས།
ཆབ་སྲིད་ཀྱི་ཐ་སྙད་སྒྱུར་སྐབས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་དང་གཟབ་ནན་གྱི་བྱ་བའི་རྣམ་འགྱུར་བཟུང་ནས་བསྒྱུར་དགོས་པ་ཞིག་ཀྱང་རེད། རྣམ་ཐར་ལས“国民” “统一”ཚུར་བུ་ཡིག་ཏུ་སྒྱུར་སྐབས“མི་སེར་དང་རྒྱལ་དམངས།”“གཅིག་སྡུད་དང་གཅིག་གྱུར”ཞེས་འགྱུར་མི་འདྲ་བ་གཉིས་ཡོད། མི་སེར་དང་གཅིག་སྡུད་ཅེས་པའི་ཐ་སྙད་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི1954ལོའི་རྩ་ཁྲིམས་བོད་ཡིག་ཏུ་བསྒྱུར་སྐབས་བྱུང་བ་དང་། མེས་རྒྱལ་དང་གཅིག་གྱུར་ནི་ད་ལྟའི་ཐ་སྙད་ཀྱི་སྤྱོད་སྟངས་ཤིག་ཡིན་པས། འདི་ནས་ཀྱང་ཆེད་དུ་རྒྱལ་དམངས་དང་གཅིག་གྱུར་གྱི་ཐ་སྙད་སོར་བཞག་དང་། གཞན་རྒྱལ་དམངས་སྲིད་གཞུང་དང་ནན་ཅིན་སྲིད་གཞུང་གཉིས་དོན་ལ་སྲིད་གཞུང་གཅིག་ཡིན་མོད། འོན་ཀྱང་འདི་ནས་ཆེད་དུ་འཕྲི་བསྒྱུར་གྱི་བྱེད་ཐབས་མ་བཀོལ་བར་དོན་གཅིག་མིང་གི་རྣམ་གྲངས་ལྟར་བཀོལ་བ་ཡིན། དེ་ཡིན་ན་ད་གཟོད་མ་ཡིག་དང་བུ་ཡིག་གཉིས་ལ་བར་ཐག་མེད་པ་མ་ཟད། གཞུང་ཡིག་གི་སྒྱུར་སྟངས་དང་ཡང་ཡོངས་སུ་མཐུན་པར་སྙམ།
གཞུང་ཡིག་གི་སྒྱུར་ཚུལ་དང་ཡང་ན་ཆབ་སྲིད་ཀྱི་ཐ་སྙད་སྒྱུར་ཚུལ་གང་ཞིག་ཡིན་རུང་། “ལོ་ཙཱ་བའི་རང་ཉིད་ཀྱི་ལོ་ཙཱའི་མྱོང་བ་དང་བསྟུན་ནས་བཀས་བཅད་ཀྱི་ཐ་སྙད་སྤྱོད་རྒྱུ་ཡང་གལ་ཆེན་པོ་ཞིག་ཡིན”པས། མ་ཡིག་ཚུར་བུ་ཡིག་ཏུ་བསྒྱུར་སྐབས།ཐད་སྒྱུར་གྱི་ཐབས་སྤྱད་དེ་མ་ཡིག་གི་ནང་དོན་ཇི་བཞིན་དུ་ཐོན་པར་བྱས་ཡོད། ཡང་ན“抗日战争”ཚུར་བུ་ཡིག་ཏུ“རི་འགོག་དམག་འཁྲུག”ཅེས་བསྒྱུར་བ་ནི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལ་ཁུངས་བཅོལ་བ་ཡིན། གཞན་ལ་ཤས་ཀྱིས“འཇའ་འགོག་དམག་འཁྲུག”ཅེས་བསྒྱུར་ཡོད་ན་ཡང་མཐའ་གཅིག་ཏུ་ནོར་འདུག་ཅེས་ཁ་མཚོན་གཅོད་དཀའ། “无条件投降”ལྟ་བུར་མཚོན་ན། རྣམ་ཐར་ཁྲོད་དུ་བྱུང་ཡོད་ན་ཡང་བུ་ཡིག་ཁྲོད་ཇི་བཞིན་དུ་ཐོན་མེད། ཚིག་གི་སྔ་ཕྱིའི་འབྲེལ་བ་ལ་གཞིགས་ནས་བསྒྱུར་ན། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མགོ་བཏགས་ཞུས་ཞེས་བསྒྱུར་དགོས་པའི་ངེས་པ་མེད་ཀྱང་། དེ་ནི་བདག་པོ་དང་གཞན་གྱི་འབྲེལ་བ་ལྟར་དུ་རྒྱལ་ཁ་བླངས་མཁན་ནི་ཀྲུང་གོ་ཡིན་པ་དང་། ཕམ་ཁ་མྱངས་མཁན་ནི་འཇའ་ཕན་ཡིན་པས། འཇའ་ཕན་རང་ངོས་ནས་དམག་འཁྲུག་བསླངས་ཤིང་འགོ་འདོགས་ཞུ་ས་ཡང་ཀྲུང་གོར་ཆགས་ཡོད་པས། བུ་ཡིག་ཏུ“ཀྲུང་གོ་ཕྱོགས་ལ་མགོ་བཏགས་ཞུས”ཞེས་བདག་གཞན་གྱི་འབྲེལ་བ་ལྟར་བསྒྱུར་བས་ན། དོ་མཉམ་སྨྲ་བའི་ལུགས་དང་ཆབ་སྲིད་ཀྱི་ཐ་སྙད་སྒྱུར་ཐབས་དང་ཡང་ཡོངས་སུ་མཐུན།
གསུམ། རྒྱུན་སྤྱོད་ཀྱི་ཐ་སྙད་སྒྱུར་ཐབས།
སྤྱིར་དོ་མཉམ་སྨྲ་བའི་ལུགས་ལྟར་ན། ཐ་སྙད་རང་སྟེང་གི་སྒྱུར་ཐབས་ལ་ཆ་རྐྱེན་མེད་མོད། འོན་ཀྱང་བུ་ཡིག་ལེགས་པར་བསྒྱུར་ཏེ་ཀློག་བདེ་ཞིང་ངག་ལ་སྙན་པ་ཡོང་རྒྱུར་གཞིགས་ན། ཐ་སྙད་རང་ངོས་ལ་ཡང་བབ་བསྟུན་རང་བཞིན་མཆིས་ཤིང་། མཇུག་མཐར་དེ་ནི་རྗོད་པ་རང་སྟེང་ལ་འབབ་དགོས་པ་ཞིག་རེད། རྣམ་ཐར་ལས་སྒ་གསུང་རབ་རྒྱ་མཚོའི་གཟུགས་བྱད་ཞིབ་འབྲི་བྱེད་སྐབས་ཀྱང་གཙོ་བོར་དཔེ་དང་དཔེ་ཅན་གྱི་རྣམ་པར་བརྟེན་ཡོད་པས་ཚུར་བུ་ཡིག་ཏུ་བསྒྱུར་སྐབས་སླར་ཡང་དཔེ་དང་དཔེ་ཅན་གྱི་རྣམ་པ་ཡོང་ཐབས་བྱེད་དགོས། ཕྱག་ཟུང་དང་དེའི་ཁྱད་ཆོས་སོགས་དཔེའི་ཚུལ་དུ“像被烟火熏过的枯树枝,皲开许多裂纹”ཞེས་ཞིབ་འབྲི་གནང་ཡོད་ལ། ཚུར་བུ་ཡིག་ཏུ་བསྒྱུར་དུས་མ་ཡིག་གི་ཚིག་ཉམས་དང་བསྟུན་ནས“ཕྱག་ཟུང་དེ་ནི་ལུང་མདོའི་ཆུ་ཤུར་དང་མཚུངས་པར་གསལ་བོ་མཐོང་ཐུབ”ཅེས་བསྒྱུར་བས་ན། དོ་མཉམ་སྨྲ་བའི་རྒྱན་ཚིག་གི་རིམ་པའི་ངོས་ནས་ཀྱང་སྐད་བརྡའི་རྣམ་པ་དང་མཚོན་དོན། ཐ་སྙད་བཅས་དོ་མཉམ་ཡོང་ཐུབ།
“回过头”ཞེས་པ་སྤྱིར་ཁ་ཕྱིར་འཁོར་བའམ་ཕྱིར་ལོག་པའི་དོན་དུ་འཇུག་ཀྱང་། ཡིན་ཡང་སྐབས་བབ་ཀྱི་ཚིག་ཉམས་ལ་གཞིགས་ན། ཁ་ཕྱིར་འཁོར་སའི་ཡུལ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་དཔང་བོ་རྣམས་ཡིན་པས། བུ་ཡིག་ཏུ་ཡང“མིང་ངམ་ཚིག་གཞན་དག་ལའང་དོན་གྱི་དགོས་དབང་ལྟར་གང་ལ་གང་འཚམ་གྱིས་གསལ་བྱེད་ཀྱི་མིང་ངམ་ཚིག་བསྣན་ནས་བསྒྱུར”བ་ཡིན། དེ་བཞིན་དུ“回过头”ཚུར་བུ་ཡིག་ཏུ་ཁ་ཕྱིར་འཁོར་བའམ་ཕྱིར་ལོག་པའི་དོན་དུ་འཇུག་པ་གཅིག་པུ་ཙམ་མ་ཡིན་པར། ལོ་རྒྱུས་ཀྱི་བགྲོད་ལམ་གསར་པ་འདི་མཚོན་ཆེད་རིག་གནས་གོམས་སྲོལ་དང་ཡང་མཐུན་པར་སྣོན་སྒྱུར་བྱས་ཏེ། མ་ཡིག་ཁྲོད་ཀྱི་གསལ་ཁ་མ་ཐོན་པའི་ཆ་བུ་ཡིག་གི་སྟེང་ནས་ཁ་གསལ་བར་བཏང་ཡོད། དེ་ལྟར་དོ་མཉམ་སྨྲ་བའི་ཕྱི་རིམ་གྱི་ངོས་ཐད་ནས་མ་ཡིག་དང་བུ་ཡིག་གཉིས་ཁ་གསལ་གོ་བདེ་དང་ཀློག་བདེ་བའི་ཆ་ནས་དོ་མཉམ་ཡོང་བར་བྱས་ཡོད།
མདོར་ན། དོ་མཉམ་ལོ་ཙཱའི་གཞུང་ལུགས་ཀྱི་མཐོང་སྣེ་ནས«སྒ་གསུང་རབ་རྒྱ་མཚོའི་རྣམ་ཐར»ལ་ལག་ལེན་དང་བསམ་གཞིག འགྲེལ་དཔྱོད་བྱེད་སྐབས།གཞུང་ལུགས་ཀྱི་མཛུབ་ཁྲིད་འོག་ནས་ཐོན་པའི་ཁོང་ཡངས་ཀྱི་རང་བཞིན་དང་ཤུགས་བསྟན་གྱི་རང་བཞིན། བརྗེ་རེས་ཀྱི་རང་བཞིན་བཅས་ནི་བླང་བྱ་གལ་ཆེན་ཞིག་དུ་ཆགས་ཡོད་སྙམ། གཞུང་ལུགས་ཀྱི་མཐོང་སྣེ་ཐ་དད་པའི་མཛུབ་ཁྲིད་འོག་གི་ལོ་ཙཱའི་ལག་ལེན་ཡང་སྔར་བཞིན་འགྱུར་བ་མེད་པ་ཞིག་མ་ཡིན་པར་དེ་ནི་ལག་ལེན་དངོས་ཀྱི་གནས་ཚུལ་དང་བསྟུན་ནས་སྦྱོར་དགོས་པ་ཞིག་རེད་དོ། །

འབྲེལ་ཡོད་འོས་སྦྱོར།