རྒྱ་བོད་འགྱུར་དེབ་དཔེ་སྐྲུན་རྩོམ་སྒྲིག་ཐད«སྒྲ་སྦྱོར་བམ་གཉིས»ཀྱི་དོན་སྙིང་རགས་ཙམ་གླེང་བ།
རྩོམ་པ་པོ།:རྟ་མགྲིན་སྐྱབས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-12-03
ཀློག་གྲངས།:
དེ་ཡང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་ལ་དུས་རབས་དང་མཐུན་པར་སྐད་གསར་བཅད་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། དུས་རབས་གསར་པར་སླེབས་པ་ན་བསམ་བློ་སྣ་ཚོགས་དང་རིག་གནས་ཚོགས་མཉམ་འདྲེས་བྱུང་བའི་མྱུར་ཚད་ཧ་ཅང་མགྱོགས་པ་དང་བྱ་དངོས་གསར་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་ཡིན་པས། བོད་སྐད་ལ་འགྱུར་ལྡོག་འབྱུང་བའི་མྱུར་ཚད་ཀྱང་སྔོན་མའི་དུས་རབས་གང་ཞིག་ལས་ཀྱང་མགྱོགས་པོ་ཡོད། དེ་བཞིན་བོད་སྐད་མིང་བརྡ་གསར་བཅད་བྱ་རྒྱུའང་སྔོན་ཆད་ལས་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།
མིག་སྔར་མི་རིགས་སྐད་ཡིག་གི་དམིགས་བསལ་གནས་བབ་ཀྱི་དབང་གིས་བོད་ཡིག་བཀས་བཅད་ཀྱི་དམིགས་བཙུགས་ལས་ཁུངས་ཤིག་མེད། རེད་དེ་བོད་ཡིག་དཔེ་སྐྲུན་ལས་ཁུངས་སོ་སོས་དཔེ་སྐྲུན་རྩོམ་སྒྲིག་གི་ལས་རིམ་ཁྲོད་ཐད་ཀར་རམ་གཞན་བརྒྱུད་ཀྱི་ལམ་ནས་བོད་སྐད་ཡིག་བཀས་བཅད་དམ་ཚད་ལྡན་ཅན་དུ་འགྱུར་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། མིག་སྔར་བོད་ཡིག་འབྲེལ་ཡོད་ཀྱི་གཞུང་བཙུགས་དཔེ་སྐྲུན་ཁང་བརྒྱད་པོ་ནི་བོད་ཡིག་སྐད་གསར་བཅད་བྱེད་པའི་ལས་ཁུངས་སུ་བལྟས་ཀྱང་མ་ཆོག་པ་མེད་སྙམ། དེས་ན་དཔེ་སྐྲུན་རྩོམ་སྒྲིག་ལས་གཉེར་མཁན་དག་གིས་ཀྱང་སྐད་གསར་བཅད་དང་འབྲེལ་བའི་ཤེས་བྱ་ཁོང་དུ་ཆུད་དགོས་པ་བཤད་མ་དགོས། བོད་ཡིག་སྐད་གསར་བཅད་ལ་རིག་གནས་གསར་པ་དང་སྐད་རིགས་གཞན་པར་བྱང་ཆ་ལྡན་དགོས་པ་དང་ལྷག་དོན་བོད་རང་གི་སྐད་ཡིག་རིག་གནས་དང་སྲོལ་རྒྱུན་གཞུང་ལུགས་ལ་དང་དོད་བྱས་ཚེ་གཞི་ནས་བོད་ཀྱི་སྐད་ཡིག་གི་རྩ་བ་བརྟན་པ་དང་འདབས་ལག་རྒྱས་སྲིད་པ་ལས་དུས་རབས་འགྱུར་སོང་ཟེར་ནས་བྱུང་རྒྱལ་དུ་མིང་བརྡ་གསར་བཟོ་བྱས་པ་ཡིན་ན་མི་རིགས་རིག་གནས་ཀྱི་སྲོག་རྩར་གྱུར་པའི་སྐད་ཡིག་འདི་ཉམས་པ་དང་ཐ་ན་རྨེག་མེད་གཏོང་བའི་རྒྱུ་རུ་འགྱུར་ངེས་རེད། གཤམ་དུ་ཁོ་བོས་ལོ་ངོ་ཆིག་སྟོང་ཡར་སྔོན་དུ་བོད་ཡིག་བཀས་བཅད་སྐོར་གྱི་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་གཞུང་ལུགས་ཐོག་མ«སྒྲ་སྦྱོར་བམ་གཉིས»ལས་འཕྲོས་ཏེ། དེབ་དེ་ཉིད་དང་ད་ལྟའི་རྒྱ་བོད་འགྱུར་དེབ་དཔེ་སྐྲུན་རྩོམ་སྒྲིག་ལས་ཀ་གཉིས་དབར་གྱི་འབྲེལ་བ་དང་དོན་སྙིང་སོགས་སྐོར་ལ་དཔྱད་གཏམ་ཙམ་བརྗོད་པར་བྱ་སྟེ།
དང་པོ། «སྒྲ་སྦྱོར་བམ་གཉིས»ངོ་སྤྲོད་མདོར་བསྡུས།
དེ་ཡང་བོད་ཀྱི་རྒྱལ་རབས་སོ་དགུ་པ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཏེ་སྤྱི་ལོ814ལོར་བོད་བཙན་པོའི་རྒྱལ་རབས་ཀྱིས་ཕྱོགས་མཐའི་གར་ལོག་སོགས་རྒྱལ་ཁབ་ཁག་ལ་དམག་བརྒྱབ་པ་ལས་རྣམ་པར་རྒྱལ་ཅིང་ཕ་རོལ་ལས་རྒྱུ་ནོར་གྱ་ནོམ་པ་ཐོབ་པའི་གླགས་དང་བསྟུན་ནས་རྒྱ་བོད་ཀྱི་མཁན་པོ་དང་ལོ་ཙཱ་བ་རྣམས་རྩ་འཛུགས་བྱས་ནས་དམ་པའི་ཆོས་བསྒྱུར་བ་ལ་ངེས་པར་མཁོ་བའི་གཞུང་ལུགས«སྒྲ་སྦྱོར་བམ་གཉིས»འདི་གསར་དུ་མཛད་པ་རེད། “ཞང་བློན་མན་ཆད་སོ་སོར་བྱ་དགའ་བསྩལ་བའི་ལན་ལ། གཉི་འོག་གི་མཁན་པོ་ཨཱ་ཙརྱཛི་ན་མི་ཏྲ་དང་། སརེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། ༄༅། །བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨྨ་ཏཱ་ཤཱི་ལ་དང་། ལོ་ཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤཱི་ཝརྨ་དང་། རེནྡྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས།”(རྩོམ་འདིར་འདྲེན་རྟགས་སུ་བཀོད་པའི་ཡི་གེ་རྣམས་ནི་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི«སྒྲ་སྦྱོར་བམ་གཉིས»ལྕགས་པར་མ་ལས་དྲངས་པ་ཡིན།) གནའ་དཔེ་དེ་ཉིད་ཁག་གཉིས་སམ་བམ་པོ་གཉིས་ལས་གྲུབ་པ་ནི་མཚན་བྱང་ལས་ཀྱང་རྟོགས་པར་འགྱུར་ཏེ་བམ་པོ་དང་པོར་ཐ་སྙད་བཀས་བཅད་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་དང་དགོས་པ། བཀས་བཅད་ཀྱི་ལས་རིམ། ངྷརྨ་བསྒྱུར་བའི་ཐབས་སམ་ཡིག་བསྒྱུར་གཞུང་ལུགས་བཅས་བྲིས་ཡོད་པ་དང་། བམ་པོ་གཉིས་པར་སཾ་བོད་ཤན་སྦྱར་གྱི་མིང་མཛོད་སྡེ་ཚན43ལ་བཀར་ནས་བསྒྲིགས་ཡོད།
སྤྱིར་བོད་བཙན་པོའི་དུས་སུ་དམ་པའི་ཆོས་བསྒྱུར་བ་ལ་དུས་སྐབས་ཆེན་པོ་གསུམ་ཡོད་པར་འདོད་དེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནི་ཆོས་བསྒྱུར་བའི་དབུ་ཚུགས་པའི་དུས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དུས་ནི་འཕེལ་རྒྱས་བྱུང་བའི་དུས་ཡིན་ལ། ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་དུས་ནི་རྩེར་སོན་པའི་དུས་ཡིན། སྐབས་དེར་བསྒྱུར་བའི་ནང་བསྟན་གཙུག་ལག་ཕལ་ཆེ་བ་ནི་དཀར་ཆག་ལྡན་དཀར་མ་དང་། དཀར་ཆག་མཆིམས་ཕུ་མ། དཀར་ཆག་འཕང་ཐང་མ་བཅས་བོད་བཙན་པོའི་དུས་ཀྱི་དཀར་ཆག་ཆེན་པོ་གསུམ་དུ་གསལ་བ་ལྟར་ཡིན། དེ་དག་ལ་ཆོས་དཔེ་ཁོ་ན་ཙམ་དུ་མ་ཟད་ཆབ་དཔལ་རིག་གསུམ་དང་། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ། སྐར་རྩིས་རིག་པ་སོགས་ཕྱོགས་པོ་འདུས་ཡོད། དམ་ཆོས་བསྒྱུར་བའི་དམིགས་ཡུལ་ཡང་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་རྒྱལ་སྲིད་སྲ་བརྟན་གཏོང་བ་དང་ཆོས་ལུགས་དད་མོས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་གཅིག་གྱུར་བཟོ་རྒྱུ་ཡིན་པར་སྙམ། བོད་བཙན་པོའི་དུས་སུ་དམ་པའི་ཆོས་བསྒྱུར་བའི་དུས་སྐབས་དང་པོ་དང་གཉིས་པར་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་འཇོག་བྱས་དང་། རིམ་བཞིན་དམ་ཆོས་བསྒྱུར་བའི་ཆུ་ཚད་ཐད་ཀྱི་བླང་བྱ་ཡང་ཇེ་མཐོར་ཕྱིན་པས། ཡིག་བསྒྱུར་གཞུང་ལུགས་ཚད་ལྡན་ཞིག་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ལ་ཆོས་བསྒྱུར་བའི་དུས་མཚམས་གསུམ་པར་ཉེ་བའི་དུས་སུ“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱཙརྱ་བྷོ་ཏི་སཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་གཉེན་ཞ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཚྩ་བ་ཛྙ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་དག་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས”ཞེས་པ་ལྟར་སྔ་མའི་དུས་སུ་བཀས་བཅད་བྱས་ཟིན་པའི་རྨང་གཞིའི་ཐོག«སྒྲ་སྦྱོར་བམ་གཉིས»ཞེས་པ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པའི་གཞུང་ལུགས་འདི་ངང་ངམ་ཤུགས་ཀྱིས་བྱུང་བ་སྟེ། “ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ། སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ། མཁས་པ་༄༅།། །།རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་བར་བཞག་པ་རྫོགས་སོ།། །།”
གཉིས་པ། «སྒྲ་སྦྱོར་བམ་གཉིས»ལས་བྱུང་བའི་དཔེ་སྐྲུན་མིང་བརྡའི་སྐོར།
གཞུང་འདིར་ང་ཚོས་དེང་དུས་སུ་རྒྱུན་སྤྱོད་བྱེད་བཞིན་པའི་དཔེ་སྐྲུན་མིང་བརྡ་ཁ་ཤས་ཡང་མཐོང་ཐུབ་པ་གཤམ་གསལ་ལྟར་ཡིན།
དཀར་ཆག བོད་ཡིག་ཚིག་མཛོད་ཆེན་མོར། སྡེ་ཚན་སོ་སོའི་མིང་གི་གོ་རིམ་འཁོད་པའི་ཐོ་ཡིག དཀར་ཆག་སྒྲིག་པ། དཔེ་ཆའི་དཀར་ཆག དགོན་པའི་དཀར་ཆག ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་དཀར་ཆག ཡང་དུང་དཀར་ཚིག་མཛོད་ཆེན་མོར། ཉིན་དཀར་གྱི་དུས་སུ་གཟུགས་ཀྱི་ཁྱད་ཆོས་རྣམས་མ་འདྲེས་པར་གསལ་པོར་མཐོང་བ་ལྟར་འགོད་བྱའི་དོན་དེ་གསལ་པོར་བཀོད་པའི་དོན་དང་། ཆག་ཅེས་པ་ནི་རྩྭའི་ཆུན་པོ་བསྡམས་པ་ལྟར་འགོད་བྱའི་དོན་དེ་སྡེ་ཚན་མ་འདྲེས་པར་སོ་སོར་ཕྱེ་ནས་གསལ་པོར་བཀོད་པའི་དོན་ཡིན་ཞེས་འགྲེལ་ཡོད། གང་ལྟར་ཐོག་མའི་དུས་སུ་དཀར་ཆག་ཅེས་པའི་ཐ་སྙད་འདིར་དོན་མང་པོ་འདུས་པར་སྙམ་སྟེ། གོང་དུ་བརྗོད་པའི་གོ་དོན་ལས་གཞན་ཚིག་མཛོད་དང་དགོན་པའི་གདན་རབས་ལོ་རྒྱུས་སོགས་ཀྱང་འདུས་ཡོད། སྤྱིའི་གོ་དོན་ནི་འཚོལ་བཤེར་ལ་སྤྱོད་པའི་དཔེ་ཆར་གོ་བ་མ་ཡིན་ནམ་སྙམ། དེའི་ཕྱིར«སྒྲ་སྦྱོར་བམ་གཉིས»འདི་ཡང“བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱིས་སུ་བསྣན་ནོ། །”ཞེས་དཀར་ཆག་གི་ཁོངས་སུ་བསྡུས་པ་ལ་འགལ་བ་མེད།
བཀས་བཅད། ཡིག་བསྒྱུར་གྱི་ཐབས་དང་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་སོགས་བཀའ་ཁྲིམས་ཀྱིས་ཐག་གིས་བཅད་པ་སྟེ། “བཙན་པོའི་སྤྱན་སྔར་བན་དྷེ་ཆེན་པོ་ཡོན་ཏན་དང་། བན་དྷེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་པ་ཞུས་ནས། དྷརྨ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་སྐད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ།། །།”བཀས་བཅད་ཀྱི་ཐབས་འདི་ནི་གནའ་སྔ་མོ་ཙམ་དུ་མ་ཟད་པར་དུས་ད་ལྟའང་སྤྱོད་དུ་རུང་བའི་ཐབས་མཆོག་ཅིག་ཡིན་ཏེ། མིག་སྔའི་རྒྱལ་ཡོངས་བོད་སྐད་མིང་བརྡ་ཚད་ལྡན་ཅན་བྱ་བའི་ཨུ་ཡོན་ལྷན་ཚོགས་ནི་ད་ལྟའི་བོད་ཡིག་མིང་གསར་བཀས་བཅད་ཀྱི་ལས་ཁུངས་མཐོ་ཤོས་ཡིན་ལ། དེས་ལོ་རེ་བཞིན་གསར་བྱུང་བོད་ཡིག་མིང་བརྡ་རྣམས་བཀས་བཅད་བྱས་ནས་དབང་གྲགས་ཅན་གྱི་ཡིག་ཆ་དང་ཚིག་མཛོད་སོགས་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་ལྟ་བུ་ཡིན།
ཞུས་ཆེན། བོད་ཡིག་ཚིག་མཛོད་ཆེན་མོར། ཞུས་ཆེན་ལོ་ཙཱ་བ་ཞེས་པར་གོ་དོན་གཉིས་ཡོད་པར་བསྟན་ཏེ། གཅིག་ནི་གཞུང་སྒྱུར་མཁན་གྱི་ལོ་ཙཱ་བ་ཡིན། གཉིས་ནི་གཞུང་ལུགས་སྒྱུར་ཚར་རྗེས་དཔེ་ཆ་ལ་ཞུ་དག་གཏོང་མཁན་ལོ་ཙཱ་བ་ཡིན། དོན་དམ་པར་མིང་འདི་ཁག་གཉིས་སུ་བགོས་ནས་འགྲེལ་ན་ལྷག་ཏུ་འབྱོར་བར་སྙམ། གཞུང་བསྒྱུར་མཁན་ལ་ལོ་ཙཱ་བ་བྱ་ཞིང་། འགྱུར་ཡིག་ལ་ཞུ་དག་གཏོང་མཁན་གྱི་མཁས་པ་ཆེན་པོའམ་ཆེས་མཇུག་མཐའི་གཏན་འབེབས་བྱེད་མཁན་ལ་ཞུས་ཆེན་ཟེར་ན་མི་འགྲིག་གམ་སྙམ། མིང་འདི་ཡང་ད་ལྟ་དཔེ་སྐྲུན་ལས་ཀའི་ནང་རྒྱུན་བཀོལ་བྱེད་བཞིན་ཡོད།
གསུམ་པ། «སྒྲ་སྦྱོར་བམ་གཉིས»ལས་མིང་གསར་བཀས་བཅད་ཀྱི་ལས་རིམ་དང་བསྒྱུར་ཐབས་ཀྱི་བླང་བྱ།
གཅིག «སྒྲ་སྦྱོར་བམ་གཉིས»ལས་མིང་གསར་བཀས་བཅད་བྱེད་པར་ལས་རིམ་དྲུག་ཙམ་ཡོད་དེ། ༡ སྔོན་གྱི་ཚད་ལྡན་གྱི་བརྩམས་ཆོས་དང་། མི་སྣ་གྲགས་ཅན་ཀྱི་གསུང་བཤད། བརྡ་སྤྲོད་པའི་གཞུང་ལུགས་བཅས་ལ་ཟུར་ལྟ་བྱེད་པ། ༢ འགྱུར་ཡིག་སྔོན་མ་དག་ལས་གཞུང་ལུགས་དང་མི་མཐུན་པ་རྣམས་བཅོས་པ། ༣ གསར་བྱུང་གི་ཚིག་རྣམས་གཏན་ཚིགས་སམ་རིགས་པས་དཔྱད་པ་བཏང་ནས་ཐ་སྙད་སོ་སོར་ཕྲལ་ནས་གཞུང་དུ་འགོད་པ། ༤ བསྒྱུར་བྱའི་ནང་དོན་གཞིར་བཟུང་ནས་སྒྲ་བཙན་པའམ་དོན་བཙན་པར་བགྱིས་ནས་སྒྲ་སྒྱུར་རམ་དོན་བསྒྱུར་སོགས་བྱེད་པ། ༥ ཞུས་ཆེན་གྱིས་གཏན་ལ་ཕབ་པའི་རྗེས་སུ་མཁས་པ་ཚོགས་པའི་དབུས་དང་རྒྱལ་པོའི་སྤྱན་སྔར་ཕུལ་ནས་བཀས་བཅད་བྱེད་པ། ༦ བཀས་བཅད་བྱས་རྗེས་དཀར་ཆག་གི་དཀྱུས་སུ་སྣོན་པ་སྟེ་ད་ལྟར་མཚོན་ན་མིང་མཛོད་དུ་བཅུག་ནས་དཔེ་སྐྲུན་བྱེད་རྒྱུ་དེ་ཡིན།
གཉིས། «སྒྲ་སྦྱོར་བམ་གཉིས»ནི་ཚིག་མཛོད་ཅིག་ཡིན་པར་མ་ཟད། བམ་པོ་དང་པོའི་ནང་དྷརྨ་བསྒྱུར་བའི་ཐབས་སམ་ཡིག་བསྒྱུར་གྱི་བླང་བྱ་ཁག་བཅུ་གཉིས་ཙམ་བཏོན་ཡོད་དེ། ༡ སྤྱིའི་རྩ་དོན་ནི་དོན་དང་མི་འགལ་ཞིང་བོད་སྐད་ལ་ཡང་གར་བདེ་བར་བྱེད་པ། ༢ མ་ཡིག་དང་འགྱུར་ཡིག་གཉིས་གོ་རིམ་གཅིག་པར་བསྒྱུར་ན་ཚིག་དོན་འགལ་བ་མེད་ན་མ་བསྣོར་བར་བསྒྱུར་བ་དང་། ཚིག་བདེ་ཞིང་དོན་གོ་བའི་ཕྱིར་བསྣོར་དགོས་པ་བྱུང་ན་བསྣོར་ནས་བསྒྱུར་ཆོག་པ། ༣ འགྱུར་ཡིག་དོན་གཅིག་མིང་གི་རྣམས་གྲངས་ཅན་ལ་གོང་འོག་གི་ཚིག་དོན་ལ་བསྟུན་ནས་མིང་འདོགས་དགོས། ༤ མ་ཡིག་ནི་གར་ཡང་དྲང་དུ་རུང་བའི་ཚིག་གཅིག་བྱུང་ན་བྲེ་བྲག་དང་ཕྱོགས་གཅིག་ཏུ་ཆད་པ་མི་བྱེད་པར་སྤྱིར་སྙེགས་སམ་ཀུན་མཐུན་ཅན་དུ་བསྒྱུར་དགོས། ༥ ཆེད་སྤྱོད་ཐ་སྙད་ཡུལ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་སྒྲ་བསྒྱུར་བྱེད་འོས་ཤིང་དོན་འཁྲུལ་བ་སེལ་བའི་ཕྱིར་ཐ་སྙད་ཀྱི་མགོར་ཡུལ་དང་མེ་ཏོག་དང་རྩི་ཤིང་སོགས་བཀོད་ནས་ཁ་གསལ་དུ་གཏོང་དགོས། ༦ གྲངས་བསྒྱུར་སྐབས་བོད་སྐད་ཀྱི་ལུགས་བཞིན་བྱེད་པ་ལས་ཐད་བསྒྱུར་བྱེད་མི་འོས་པ། ༧ ཚིག་ཕྲད་དང་རྒྱན་ཚིག་སོགས་ལས་བྱེ་བྲག་གི་ནང་དོན་ཅན་རྣམས་ཐད་ཀར་བསྒྱུར་བ་ལས་གཞན་ནང་དོན་བྱེ་བྲག་མེད་པ་རྣམས་ཚིག་བདེ་ཞིང་དོན་འབྱོར་བའི་ཕྱིར་སྣོན་མི་དགོས། ༨ མ་ཡིག་མིང་གི་རྣམས་གྲངས་ཅན་ལ་བོད་སྐད་དུ་གང་གྲགས་ཆེ་ཞིང་གར་བདེ་བར་བསྒྱུར་དགོས། ༩ སངས་རྒྱས་སོགས་ལ་ཞེ་ས་འཇོག་པའི་རིམ་པ་ནི་སངས་རྒྱས་ལ་ཞེ་ས་དགོས་པ་ལས་གཞན་རྣམས་ལ་ཚིག་འབྲིང་པོ་མན་ཆད་བྱེད་དགོས། ༡༠ སྔོན་ཆད་བསྒྱུར་ཟིན་པའི་ཡིག་ཆ་གཞིར་འཛིན་ཞིང་ཟུར་ལྟ་བྱེད་དགོས་པ། ༡༡ བཀས་བཅད་བྱས་རྗེས་མིང་གསར་པ་འདོགས་མི་རུང་བ་དང་། གལ་སྲིད་མིང་གསར་འདོགས་དགོས་པ་བྱུང་ན་མཁས་པའི་ཚོགས་ཀྱི་མདུན་སར་ཕུལ་ནས་ཡང་བསྐྱར་བཀས་བཅད་བྱས་རྗེས་དཀར་ཆག་ཏུ་འཇུག་དགོས། ༡༢ དམིགས་བསལ་གྱི་དབང་གིས་བླ་ནས་བཀའ་བསྩལ་ཏེ་བསྒྱུར་ཏུ་བཅུག་པ་མ་གཏོགས་སྔགས་ཀྱི་རྒྱུད་དང་ཚིག་ཐུ་རྣམས་བསྒྱུར་མི་རུང་བ་བཅས་སོ། །
གོང་གསལ་གྱི་བླང་བྱ་དེ་དག་ལ་སྔོན་བྱོན་ཞིབ་འཇུག་པ་དག་གིས་གཏན་ཚིགས་དང་མཐུན་པའི་རིགས་དབྱེ་ཞིབ་གསལ་བྱས་ཏེ། རྩ་དོན་གསུམ་དང་། བསྒྱུར་ཐབས་བཞི། མཉམ་འཇོག་དགོས་པ་བཞི་བཅས་སུ་དབྱེ་ཡོད། རྩ་དོན་གསུམ་ནི། མ་ཡིག་གི་དོན་དང་མི་འགལ་བ་དང་། བརྡ་སྤྲོད་པའི་རིག་པ་དང་མཐུན་པ། བུ་ཡིག་གོ་བདེ་མོ་ཡོད་པ་བཅས་ཡོང་དགོས། བསྒྱུར་ཐབས་བཞི་ནི། རང་སོར་འཇོག་པ་དང་། ཐད་བསྒྱུར། དོན་བསྒྱུར། བསྣོར་བསྒྱུར་བཅས་ཡིན། མཉམ་འཇོག་དགོས་པ་ལྔ་ནི། ཞེ་སའི་ཚིག་བཀོལ་བའི་རིམ་པ་ལ་མཉམ་འཇོག་པ། བཀས་བཅད་ཟིན་པའི་མིང་བརྡ་བཀོལ་བ་ལ་མཉམ་འཇོག་པ། མིང་བརྡ་གསར་པ་བྱུང་བ་ལ་ཡང་བསྐྱར་བཀས་བཅད་བྱེད་པར་མཉམ་འཇོག་པ། གོང་གི་བཀའ་མེད་པར་གསང་སྔགས་ཀྱི་གཞུང་བསྒྱུར་བ་ལ་མཉམ་འཇོག་པ་བཅས་ཡིན།
བཞི་པ། ལག་ལེན་ནང་རྒྱུན་མཐོང་གི་བསྒྱུར་ཐབས་དཔེ་ཡིས་བསྟན་པ།
«སྒྲ་སྦྱོར་བམ་གཉིས»ལས་གྲངས་ཀྱི་བསྒྱུར་ཐབས་སྐོར་ལ་འདི་སྐད་དུ། “གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་ཀྱི་ལུགས་བཞིན་བསྒྱུར་ན། དོན་དང་ཡང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས། གྲངས་སྡོམ་དུ་རུང་བ་རྣམས་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག”ཅེས་བསྟན་པ་ལྟར། ད་ལྟ་ང་ཚོས་རྒྱ་བོད་ཡིག་བསྒྱུར་བྱེད་སྐབས་ཀྱང་དེ་མཚུངས་ཀྱི་གནད་དོན་ལ་འཕྲད་པ་གཤམ་དུ་དཔེ་མཚོན་ཙམ་བཀོད་ན། 诵读十万次六字箴言:༡ མ་ཎི་ཁྲི་བཅུ་བཏོན་ཡོད། ༢ མ་ཎི་འབུམ་ཐེར་གཅིག་བཏོན་ཡོད། 中国有九千多万共产党员 ༡ ཀྲུང་གོར་གུང་ཁྲན་ཏང་ཡོན་ཁྲི་དགུ་སྟོང་ལྷག་ཡོད། ༢ ཀྲུང་གོར་ཏང་ཡོན་བྱེ་བ་དགུ་ལྷག་ཡོད་ཅེས་པ་ལྟ་བུ་ལས་འགྱུར་དང་པོ་ནི་རྒྱ་ཡིག་ཐད་བསྒྱུར་ལས་བྱུང་བ་དང་། འགྱུར་གཉིས་པ་ནི་དོན་དང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས་བོད་སྐད་ཀྱི་ལུགས་བཞིན་དུ་བཏགས་པ་ཞིག་ཡིན་པས་དེ་ཉིད་དང་ལེན་བྱེད་འོས།
“སྐད་གཅིག་ལས་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག”ཅེས་པའི་དཔེ་ལ། 你是我的骄傲。ཁྱེད་ནི་ངའི་གཟི་བརྗིད་ཡིན། 请不要骄傲。ང་རྒྱལ་མ་བྱེད་ཅིག མ་ཡིག骄傲ལ་དོན་དུ་མ་མཆིས་པས་གོང་འོག་གི་དོན་དང་བསྟུན་ནས་བསྒྱུར་པ་ལས་རྡོ་ཆག་བཙན་སྒྲིག་ལྟར་ཐད་བསྒྱུར་བྱེད་མི་རུང་།
“ཡུལ་དང་སེམས་ཅན་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི། སྒྲ་འོ་ལེ་ཙམ་བསྒྱུར་དུ་བཏུབ་ཀྱང་དོན་དུ་ཐེ་ཚོམ་ཟ་བ་རྣམས་ནི། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”ལྟ་བུའི་དཔེ་ལ། 黑龙江ཧེ་ལུང་ཅང་གཙང་པོ། 渤海པའོ་ཧེ་རྒྱ་མཚོ། 太行山རི་བོ་ཐེ་ཧང་ཧྲན་ཞེས་མ་ཡིག་སོར་འཇོག་བྱས་ཤིང་གང་ལ་བྱ་བའི་མིང་སྟེ་གཙང་པོ་དང་རྒྱ་མཚོ་ཁ་སྣོན་བྱས་ནས་དོན་གོ་བར་རོགས་བྱེད་པ་ལྟ་བུ་ཡིན།
དེ་མིན“སྔགས་ཀྱི་རྒྱུད་རྣམས་གཞུང་གིས་ཀྱང་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་པར་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱིས། ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་བསྩལ་ཏེ་བསྒྱུར་ཏུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །”ཞེས་པ་ལྟ་བུར་མཚོན་ན། ལེགས་སྦྱར་བོད་སྐད་ལ་བསྒྱུར་བའི་ཐོག་མའི་དུས་སུ་དུས་རབས་ཀྱི་དབང་གིས་དམིགས་བསལ་གྱིས་སྔགས་ཀྱི་རྒྱུད་བསྒྱུར་བ་ལ་བླ་ནས་བཀའ་བསྩལ་མ་གཏོགས་བསྒྱུར་མི་རུང་བར་བཤད་པ་དང་། དེའི་རྒྱུ་མཚན་ནི་དོན་གོ་དཀའ་བས་ལོག་པར་གོ་བའམ་སྤྱོད་པའི་ཉེན་ཁ་ཡོད་པས་ཡིན། དོན་དམ་པར་དུས་ད་ལྟའང་རྒྱ་བོད་ཡིག་བསྒྱུར་སྐབས་སུ་གནད་དོན་འདི་ལྷག་ཡོད་པར་སྙམ་སྟེ། མ་ཡིག་ཤིན་ཏུ་གོ་དཀའ་བ་སྟེ་གནའ་བོའི་ཡིག་རྙིང་ལྟ་བུ་ཆེད་མཁས་ཞིབ་འཇུག་པས་ཀྱང་འགྲེལ་དཀའ་བ་རྣམས་ལོ་ཙཱ་དག་གིས་བྱུང་རྒྱལ་དུ་བོད་ཡིག་ལ་བསྒྱུར་བར་ཤིན་ཏུ་འཛེམ་པར་བྱ་དགོས་ཏེ། ཡིག་བསྒྱུར་བྱེད་སྐབས་མ་ཡིག་གདམ་གསེས་ལ་གཟབ་པར་འཚལ།
ལྔ་པ། དོན་སྙིང་སྐོར།
«སྒྲ་སྦྱོར་བམ་གཉིས»ནི་བོད་ཀྱི་ཡིག་བསྒྱུར་གྱི་གཞུང་ལུགས་ཐོག་མ་ཡིན་པ་ཀུན་ལ་ཁྱབ་པ་དང་། དེ་མིན་ཁོ་བོའི་བསམ་པར་བོད་ཡིག་འགྱུར་དེབ་དཔེ་སྐྲུན་ལ་ཁྲིད་སྟོན་གྱི་དོན་སྙིང་ལྡན་པའི་དཔེ་ཆ་ཐོག་མའང་ཡིན་པར་འདོད། ང་ཚོས་རྒྱུན་པར་དཔེ་སྐྲུན་རྩོམ་སྒྲིག་པའི་བྱང་ཚད་གླེང་སྐབས་སུ། དཔེ་སྐྲུན་རྩོམ་སྒྲིག་པའི་ལས་ཀ་ནི་ཆེད་ལས་ཀྱི་བྱ་བ་ཞིག་ཡིན་པར་མ་ཟད་ཤེས་བྱ་ཀུན་འདུས་ཀྱི་ལས་ཀ་ཞིག་ཀྱང་ཡིན་ཞེས་བརྗོད་པ་ལྟར་བོད་ཡིག་དཔེ་སྐྲུན་རྩོམ་སྒྲིག་པའི་ལས་ཀའང་དེ་ལས་མ་འདས། ལྷག་པར་དུ་དེང་རབས་རིག་གནས་སྐོར་གྱི་འགྱུར་དེབ་དཔེ་སྐྲུན་བྱེད་པ་ལ་ཅིས་ཀྱང་ཤེས་བྱ་སྣ་མང་པོ་ཁོང་དུ་ཆུད་དགོས། དེ་ལས་ཀྱང་རྩ་བའི་བླང་བྱ་ནི་མ་ཡིག་དང་བུ་ཡིག་སྟེ་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་དགོས་པར་མ་ཟད། ཡིག་བསྒྱུར་གྱི་གཞུང་ལུགས་སམ་ཐབས་ཤེས་ལའང་མཁས་པོ་ཡོད་དགོས། དེ་ལྟར་མ་ལགས་ན་ལོ་ཙཱ་བ་དག་གི་བརྩམས་ཆོས་ལ་དག་ཞུས་བྱེད་པའི་ལས་འགན་འགྲུབ་ག་ལ་ཐུབ། «སྒྲ་སྦྱོར་བམ་གཉིས»ལས་བམ་པོ་དང་པོར་ཡིག་བསྒྱུར་གྱི་གཞུང་ལུགས་ཉིང་བསྡུས་ཤིང་ཆ་ཚང་བར་བསྟན་ཡོད་པ་དང་། བམ་པོ་གཉིས་པར་བཀས་བཅད་པའི་ཐ་སྙད་རྣམས་དཀར་ཆག་གམ་མིང་མཛོད་ཀྱི་ཚུལ་དུ་བསྟར་ཆགས་སུ་བཀོད་ཡོད། དེ་ལས་ངེད་ཅག་གིས་འགྱུར་དེབ་ཀྱི་མ་ཡིག་ལ་དག་ཞུས་བྱེད་སྐབས་བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་བསྒྱུར་གྱི་བླང་བྱ་གཞི་འཛིན་རྒྱུ་ཡོད་པ་དང་། བརྡ་ཆད་གསར་པ་བཀོལ་སྤྱོད་བྱེད་སྐབས་ཚད་ལྡན་གྱི་ཚིག་མཛོད་དམ་བཀས་བཅད་ཀྱི་ཡིག་ཆའི་ནང་གསལ་པོར་བཀོད་པའི་ཐ་སྙད་ཚད་གཞིར་འཛིན་པ་ལས་བྱུང་རྒྱལ་དུ་བཀོལ་སྤྱོད་བྱེད་མི་རུང་བའང་རྟོགས་ཐུབ། མདོར་ན་ལོ་ངོ་ཆིག་སྟོང་གཉིས་བརྒྱ་ལྷག་རིང་ལ་ཞུས་ཆེན་ལོ་ཙཱ་བ་དག་གིས«སྒྲ་སྦྱོར་བམ་གཉིས»སོགས་བོད་ཀྱི་ཚད་ལྡན་གྱི་ཡིག་བསྒྱུར་གཞུང་ལུགས་གཞིར་བཟུང་ནས་རི་བོའི་གཏོས་དང་མཉམ་པའི་འགྱུར་དེབ་ཕོན་ཆེན་པོ་ལོ་ཙཱ་དང་དག་ཞུས་གནང་ཡོད། དུས་རབས་གསར་པའི་ནང་ང་ཚོས་སྔོན་ཆད་བྱུང་མ་མྱོང་བའི་རྒྱ་བོད་ཡིག་བསྒྱུར་གྱི་དཔེ་ཆ་འབོར་ཆེན་པོ་དཔེ་སྐྲུན་བྱེད་བཞིན་ཡོད་པ་ལ། འགྱུར་དེབ་དེ་དག་དཔེ་སྐྲུན་བྱེད་སྐབས«སྒྲ་སྦྱོར་བམ་གཉིས»ཀྱིས་རྩོམ་སྒྲིག་གི་ལས་ཀ་ལ་ཁྲིད་སྟོན་གྱི་ནུས་པ་དང་ཟུར་ལྟའི་རིན་ཐང་ཕུན་སུམ་ཚོགས་པ་ལྡན་ནོ། །

འབྲེལ་ཡོད་འོས་སྦྱོར།