མི་ལ་རས་པའི་རྣམ་ཐར་རྒྱ་འགྱུར་མ་ལས་འཕྲོས་ནས་ལོ་ཙཱའི་མཆན་འགྲེལ་གལ་ཆེ་ཚུལ་གླེང་བ།
རྩོམ་པ་པོ།:སྐལ་བཟང་སྐྱབས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-05-16
ཀློག་གྲངས།:
དང་པོ། མི་ལ་རས་པའི་རྣམ་ཐར་རྒྱ་འགྱུར་མ་ངོ་སྤྲོད།
མི་ལ་རས་པའི་རྣམ་ཐར་ནི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་ལ་རུས་པའི་རྒྱན་ཅན་གྱིས་སྐབས་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་གཞིར་བཟུང་ནས་མཛད་པ་ཞིག་རེད། ཕྱིས་སུ་བོད་ཀྱི་རྣམ་ཐར་རྩོམ་རིག་གི་འཐུས་ཚབ་ལྟ་བུར་གྱུར། ཉེ་རབས་སུ་རྒྱལ་ཁབ་ཕྱིའི་སྐད་ཡིག་ཏུ་ཚན་བསྒྱུར་བྱས་ཡོད་ལ། རྒྱལ་ནང་ལ་མཚོན་ན། བཅིངས་འགྲོལ་སྔོན་དུ་སོག་ཡིག་དང་རྒྱ་ཡིག་གི་ཚན་བསྒྱུར་ཡང་འདུག དཔྱད་རྩོམ་འདིར་འདྲེན་བྱའི་རྒྱ་འགྱུར་མ་ནི་ལོ་ཙཱ་བ་གྲགས་ཅན་ལིའུ་ལི་ཆན་ལགས་ཀྱི་འགྱུར་མ་ཡིན། 1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།དེ་ཡང་པར་གཞི་འདིའི་དཔེ་སྐྲུན་གསལ་བཤད་དུ། 1980ལོར། སི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་ང་ཚོར་སྐུ་ཞབས་ལིའུ་ལི་ཆན་གྱིས1946ལོར་ལོ་ཙཱ་གནང་བའི་འགྱུར་རྩོམ་འདོན་སྤྲོད་བྱས་སོང་། ཕྱི་ལོར། ང་ཚོས་སྐུ་ཞབས་ཁོང་གདན་དྲངས་ནས་ཁོང་ལ་རང་གི་འགྱུར་རྙིང་ལ་འགྱུར་ཞུ་དང་འགྱུར་མཆན་འདེབས་སུ་བཅུག་པ་ཡིན། སྐབས་དེའི་ཁུངས་གཏུག་སའི་མ་ཡིག་ནི1980ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དེ་ཡིན། ཞེས་བྲིས་འདུག ང་ཚོས་གོང་གི་དཔེ་སྐྲུན་གསལ་བཤད་ལས་ཤེས་པ་ནི། ལོ་ཙཱ་བས་རང་གི་འགྱུར་རྙིང་ལ་ཞུ་དག་གནང་ཞིང་འགྱུར་མཆན་བཏབ་པ་དེ་རེད། 1985ལོའི་པར་གཞི་ལ་བལྟས་ཚེ། འགྱུར་ཧྲིལ་པོར་འགྱུར་མཆན454བཏབ་འདུག་སྟེ། འདི་ནི་ཤོག་ངོས250ལས་མེད་པའི་དེབ་ཅིག་ལ་མཚོན་ན་གྲངས་ཤིན་ཏུ་མང་པོའི་གྲས་སུ་གཏོགས།
གཉིས་པ། འགྱུར་མཆན་གྱི་རིགས་དབྱེ་དང་དེའི་བྱེད་ནུས།
འགྱུར་མཆན454ལས། མང་ཤོས་ལ་ཚེག་ཁྱིམ90ཡས་མས་དང་། ཉུང་ཤོས་ལ་ཡིག་འབྲུ2ལས་མེད། ནང་བསྟན་གྱི་བརྡ་ཆད་ཀྱིས་འགྱུར་མཆན་ཡོངས་ལས90%ཟིན་པས་དེ་ནི་ཤིན་ཏུ་གླེང་རིན་ཡོད་པ་ཞིག་ཏུ་མཐོང་། མི་ལ་རས་པའི་རྣམ་ཐར་ནི་རྩོམ་རིག་དང་ལོ་རྒྱུས་དང་ཆོས་ལུགས་བཅས་ཀྱི་ཐད་ནས་འཐུས་ཚབ་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་པས། དེར་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་དཀའ་ཁག་ངེས་ཅན་འཕྲད་སྲིད། གལ་ཏེ་གཞུང་དངོས་ཀྱི་ལོ་ཙཱ་ནི་སྐད་ཡིག་མི་འདྲ་བའི་སྦྲེལ་ཟམ་ལྟ་བུ་ཡིན་ཚེ། མ་ཡིག་ལ་མེད་པའི་འགྱུར་མཆན་ནི་ཟམ་པར་ལན་ཀན་བརྩིགས་པ་ལྟ་བུ་ཡིན། ལྷག་པར་ནང་པའི་གཞུང་གི་ཆེད་ལས་བརྡ་ཆད་ལ་འཕྲད་དུས་མཆན་གྱིས་དོན་གོ་བདེ་བར་བྱེད་པ་ལ་རོགས་ཆེན་པོ་ཐུབ། སྐད་ཆའི་ཁྱད་ཆོས་ཀྱི་ཐོག་ནས། འགྱུར་མཆན་ནི་སྤྱིར་བཏང་གི་ཀློག་པ་པོ་རྣམས་ལ་གོ་བདེ་ཞིང་། འཇིག་རྟེན་ཐུན་མོང་དུ་མ་གྲགས་པའི་གཞུང་གི་བརྡ་ཆད་དག་གི་རྣམ་གྲངས་འདྲེན་པའམ། ཡང་ན་མི་སྣ་དང་རྒྱབ་ལྗོངས་གསལ་བཤད་ལ་བརྟེན་ནས་གོ་བརྡ་གསལ་པོར་སྤྲོད་ཀྱིན་ཡོད། དཔེར་ན། ཚོགས་གཉིས(བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས)ལ་འགྲེལ་བརྒྱབ་པ་སྟེ། “二资粮—指福德资粮和智慧资粮,是众生趋往佛道时必须备办的两种路资。”ཞེས་པ་ལྟར། ཀློག་པ་པོས་མཆན་ལ་བལྟས་ནས་བརྡ་ཆད་ཀྱི་རིག་གནས་རྒྱབ་ལྗོངས་སོགས་ཧ་གོ་ཐུབ་པ་ཡིན།
ཡིན་ཡང་འགྱུར་མཆན་བཀོད་པ་ལའང་སྐྱོན་ཁ་ཤས་ཡོད་དེ། གཅིག་ཏུ་མཆན་ཁ་ཤས་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་སྐྱོན། གཉིས་སུ་མཆན་ཤིན་ཏུ་མང་བའི་སྐྱོན། དེ་ལས་སྐྱོན་དང་པོ་དཔེར་ན། “族—指家族,指血缘或血统关系。”ལྟ་བུ། རིགས་རྒྱུད་ལ་ཁྱིམ་རྒྱུད་དང་། གདུང་རྒྱུད་དང་། ཁྲག་རྒྱུད་ཀྱི་འབྲེལ་བ་ཞེས་མཆན་བཏབ་པ་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་སྐྱོན་དུ་འགྲོ་སྟེ། ཀློག་མཁན་སུ་ཞིག་གིས་བལྟས་ཀྱང་ཡིག་ངོས་ཙམ་ལས་དོན་གོ་བར་འགྱུར། ཡིན་ཡང་། སྐྱོན་དང་པོ་ནི་ཉུང་ངུ་ཙམ་ལས་མ་མཐོང་།སྐྱོན་གཉིས་པ་གཙོར་བཟུང་ནས་གླེང་བར་བྱ་བ་ལ། མཆན་འདེབས་པའི་དགེ་མཚན་ནི་ཀློག་མཁན་གྱིས་གོ་བ་ལེན་པ་དང་། དོགས་གནས་སེལ་བ་དང་། མ་ཡིག་གི་དོན་སྙིང་རང་རྒྱུད་དུ་ལེན་པར་གྲོགས་བྱེད་པ་ཡིན། འགྱུར་མཆན་གྱི་གྲངས་ཀ་མ་ཡིག་ལས་མང་ཚེ། འགྱུར་ཡིག་དང་མཆན་གྱི་གཙོ་ཕལ་གྱི་གོ་གནས་ལྡོག་འགྲོ་ལ། ཡིག་ཚོགས་སྤུངས་ཚེ་ཀློག་འདོད་ཀྱི་བྲོ་བའང་རིམ་གྱིས་ཉམས་ཤིང་རྨོངས་པར་འགྱུར། དཔེར་ན། རྣམ་ཐར་གྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ལ་མཆན132ཡོད་ཅིང་། དེས་མཆན་ཡོངས་ཀྱི30%ཙམ་ཟིན། ཡིན་ཡང་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ཡིས་གཞུང་གི7.6%ཙམ་ལས་མི་ཟིན་པས། ཀློག་པ་པོས་གཞུང་དངོས་ལ་བལྟ་དགོས་སམ་མཆན་ལ་བལྟ་དགོས། དེའི་ཕྱིར། གཞུང་ཐུང་ངུ་ལ་མཆན་རི་རབ་བཞིན་བརྩིགས་ན་མི་མཛེས་ཤིང་། འགྱུར་ཡིག་དང་མཆན་གྱི་གཙོ་ཕལ་ལྡོག་ཉེན་ཆེ་བས། འགྱུར་མཆན་ནི་རྒྱས་བསྡུས་རན་པ་དང་བརྗོད་བྱ་རྗོད་བྱེད་གང་ཐད་ནས་དཀའ་སླ་རན་པ་དང་གོ་བདེ་ཀློག་བདེ་ཞིག་ཡིན་དགོས། །
ཟུར་ལྟའི་དཔྱད་ཡིག
1.རུས་པའི་རྒྱན་ཅན། «མི་ལ་རས་པའི་རྣམ་ཐར» [M]. ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1979
2.央宗.铸就译者风范沟通汉藏文化 —以刘立千翻译实践为例,[J].《西藏研究》2024年第6期
3.刘立千译:《米拉日巴传》,[M].成都,四川民族出版社1985
4.余鸿:浅谈译者的注释意识——以林语堂译《浮生六记》为例,[J].《语言研究》
མི་ལ་རས་པའི་རྣམ་ཐར་ནི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཙམ་ལ་རུས་པའི་རྒྱན་ཅན་གྱིས་སྐབས་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་གཞིར་བཟུང་ནས་མཛད་པ་ཞིག་རེད། ཕྱིས་སུ་བོད་ཀྱི་རྣམ་ཐར་རྩོམ་རིག་གི་འཐུས་ཚབ་ལྟ་བུར་གྱུར། ཉེ་རབས་སུ་རྒྱལ་ཁབ་ཕྱིའི་སྐད་ཡིག་ཏུ་ཚན་བསྒྱུར་བྱས་ཡོད་ལ། རྒྱལ་ནང་ལ་མཚོན་ན། བཅིངས་འགྲོལ་སྔོན་དུ་སོག་ཡིག་དང་རྒྱ་ཡིག་གི་ཚན་བསྒྱུར་ཡང་འདུག དཔྱད་རྩོམ་འདིར་འདྲེན་བྱའི་རྒྱ་འགྱུར་མ་ནི་ལོ་ཙཱ་བ་གྲགས་ཅན་ལིའུ་ལི་ཆན་ལགས་ཀྱི་འགྱུར་མ་ཡིན། 1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།དེ་ཡང་པར་གཞི་འདིའི་དཔེ་སྐྲུན་གསལ་བཤད་དུ། 1980ལོར། སི་ཁྲོན་མི་རིགས་ཞིབ་འཇུག་ཁང་གིས་ང་ཚོར་སྐུ་ཞབས་ལིའུ་ལི་ཆན་གྱིས1946ལོར་ལོ་ཙཱ་གནང་བའི་འགྱུར་རྩོམ་འདོན་སྤྲོད་བྱས་སོང་། ཕྱི་ལོར། ང་ཚོས་སྐུ་ཞབས་ཁོང་གདན་དྲངས་ནས་ཁོང་ལ་རང་གི་འགྱུར་རྙིང་ལ་འགྱུར་ཞུ་དང་འགྱུར་མཆན་འདེབས་སུ་བཅུག་པ་ཡིན། སྐབས་དེའི་ཁུངས་གཏུག་སའི་མ་ཡིག་ནི1980ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དེ་ཡིན། ཞེས་བྲིས་འདུག ང་ཚོས་གོང་གི་དཔེ་སྐྲུན་གསལ་བཤད་ལས་ཤེས་པ་ནི། ལོ་ཙཱ་བས་རང་གི་འགྱུར་རྙིང་ལ་ཞུ་དག་གནང་ཞིང་འགྱུར་མཆན་བཏབ་པ་དེ་རེད། 1985ལོའི་པར་གཞི་ལ་བལྟས་ཚེ། འགྱུར་ཧྲིལ་པོར་འགྱུར་མཆན454བཏབ་འདུག་སྟེ། འདི་ནི་ཤོག་ངོས250ལས་མེད་པའི་དེབ་ཅིག་ལ་མཚོན་ན་གྲངས་ཤིན་ཏུ་མང་པོའི་གྲས་སུ་གཏོགས།
གཉིས་པ། འགྱུར་མཆན་གྱི་རིགས་དབྱེ་དང་དེའི་བྱེད་ནུས།
ཧྥ་རན་སིའི་རྩོམ་རིག་དཔྱད་བརྗོད་པ་ཅེ་ལ་ཏེ་རེ་ནེ་ཐེ་ཡི(Gérard Genette)«ཡིག་ཆ་ཕལ་བ་སྟེ་འཆན་འགྲེལ་གྱི་སྒོ་ཐེམ»ཞེས་པར་མཆན་འགྲེལ་ནི་ཡིག་ཆ་ཕལ་བའི་ཁོངས་སུ་བཅུག་པ་དང་། མཆན་འགྲེལ་ནི་ཡིག་ཆའི་མཐའ་འཁོར་དུ་ཡོད་པའི་ཡིག་ཆ་ཕལ་བའི་གྲུབ་ཆ་ཞིག་ཡིན་ལ། མཆན་འགྲེལ་ལ་སྒྲིག་སྲོལ་མེད་ལ་ཁ་ཐོར་དུ་གནས་ཡོད་པས། མི་རྣམས་ཀྱིས་མཆན་འགྲེལ་གྱི་གལ་ཆེན་རང་བཞིན་རྟག་པར་དྲན་གྱི་མི་འདུག་ཅེས་གསུངས། དེ་ནས་ཁོང་གིས་མཆན་འགྲེལ་རིགས་མི་འདྲ་བར་དགར་ཞིང་། དེའི་ཚད་འཛིན་ས་ནི་དཔེར་ན། ཤོག་བུའི་ངོས་ཀྱི་མཆན་འགྲེལ་ཡོད་སའི་གནས་དང་། འགྲེལ་བརྒྱབ་པའི་དུས་ཚོད་སྔ་གཞུག་དང་། འགྲེལ་རྒྱག་པ་པོ་སོགས་བྱས་ཡོད། གཤམ་དུ་རེའུ་མིག་ལས་རྟོགས་པར་བྱའོ། །

གོང་གི་རེའུ་མིག་ལས། རེ་ནེ་ཐེ་ཡིས་རིགས་དགར་སྟངས་ནི་མ་ལག་ལྡན་ཞིང་ཆ་ཚང་ལ། ང་ཚོའི་སྲོལ་རྒྱུན་གྱི་ཞབས་མཆན་ལྟ་བུ་ལས་ཐོད་བརྒལ་བྱུང་ཡོད་པས། འགྱུར་མཆན་ལ་ཞིབ་འཇུག་བྱེད་པར་མཐོང་སྣེ་གསར་པ་ཞིག་ཕྱེ་ཡོད།
གསུམ་པ། རྣམ་ཐར་རྒྱ་འགྱུར་མའི་འགྱུར་མཆན་གྱི་རིགས་དབྱེ་དང་དེའི་ཁྱད་ཆོས།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི1985ལོའི་པར་གཞིའི་དཔེ་སྐྲུན་གསལ་བཤད་དུ་བྱུང་བ་བཞིན། རྒྱ་འགྱུར་མའི་འགྱུར་མཆན་ཐམས་ཅད་ནི་ལོ་ཙཱ་བ་སྐུ་དངོས་ཀྱིས་བཏབ་འདུག་ལ། མི་ལ་རས་པའི་རྣམ་ཐར་གྱི་འགྱུར་དེབ་ཀྱི་ནང་དོན་སྤྱིའི་ཆ་ནས་ཁག་གཉིས་ལས་གྲུབ་པ་སྟེ། ཐུན་མོང་སྲིད་པ་འཇིག་རྟེན་པའི་མཛད་པ་ནི་དང་པོ་དང་། མཆོག་འགྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་ནི་གཉིས་པ་ཡིན། དེ་ལས་བྱེ་བྲག་ཏུ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་དང་མཇུག་བསྡུ་བའི་གཏམ་བཅས་ལེའུ་བཅུ་བཞི་ཡིས་གྲུབ། སྡོམ་རྩིས་བྱས་པ་ལྟར་ན། པར་གཞི་འདིར་འགྱུར་མཆན454ཡོད་ཀྱང་། དེའི་ཁྲོད་དུ་ཁོང་གིས1946ལོའི་འགྱུར་རྙིང་ལ་འགྱུར་མཆན་ག་ཚོད་བཏབ་ཡོད་པ་ད་ལྟ་རྩད་ཆོད་མ་བྱུང་། ཡིན་ཡང་།ད་ལྟ་མཐོང་དུ་ཡོད་པའི་འགྱུར་མཆན454ནི་འགྱུར་རྙིང་གི་རྨང་གཞིའི་སྟེང་ཁ་སྣོན་བྱས་ནས་ཡོང་བ་ནི་གསལ་ཐག་ཆོད་ལ། དེར་མ་ཟད། འགྱུར་མཆན་ཁ་ཤས་ནི་རྩོམ་སྒྲིག་པ་སོགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་མི་སྣས་བཏབ་ཀྱང་སྲིད། གཤམ་དུ་རེའུ་མིག་ལས་ལེའུ་རེ་རེའི་འགྱུར་མཆན་གྱི་ཁ་གྲངས་མཚོན་པར་བྱའོ། །

གོང་གི་རེའུ་མིག་ལས། འགྱུར་མཆན་གྱི་ཁ་གྲངས་ཤིན་ཏུ་མང་ལ་ལེའུ་རེ་རེར་མ་ཁྱབ་པ་མེད། མི་ལ་རས་པའི་རྣམ་ཐར་འདི་ཙམ་མ་ཟད། ཁོང་གིས་རྒྱ་ཡིག་ཏུ་བསྒྱུར་བའི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི«དབུས་གཙང་གནས་ཡིག་ངོ་མཚར་ལུང་སྟོན་མེ་ལོང»ལའང་འགྱུར་མཆན613བཏབ་ཡོད་ཅིང་། དེའི་ཚེག་ཁྱིམ་ནི་འགྱུར་དེབ་རང་ལས་ལྡབ་དྲུག་གིས་མང་། དེའི་ཕྱིར། མཆན་འདེབས་པ་ནི་ཁོང་གི་ལོ་ཙཱའི་ཆེས་ཆེ་བའི་ཁྱད་ཆོས་ཤིག་ཏུ་གྲུབ། རེ་ནེ་ཐེ་ཡི་མཆན་འགྲེལ་གྱི་རིགས་དབྱེ་ལྟར་ན། ཁོང་གི་འགྱུར་མཆན་ནི་གནས་ཀྱི་ཆ་ནས་ཞབས་མཆན་དུ་འགྲོ་སྟེ་ལེའུ་རེ་རེའི་མཇུག་ཏུ་བཏབ་ཡོད། དུས་ཀྱི་ཆ་ནས་བསྐྱར་པར་གྱི་མཆན་དང་དུས་ཕྱིའི་མཆན་དུ་འགྲོ་སྟེ1946ལོའི་འགྱུར་རྙིང་གི་པར་གཞིའི་ཐོག་ཏུ་ཁ་གསབ་ཀྱིས་བཏབ་པ་དང་། མཆན་འདེབས་མཁན་གྱི་ཆ་ནས་ལོ་ཙཱ་པའི་མཆན་དང་རྩོམ་སྒྲིག་པའི་མཆན་དུ་འགྲོ།
ནང་དོན་གྱི་ཆ་ནས། ཁོང་གི་མཆན་ནི་གཙོ་བོ་རིགས་གསུམ་དུ་གཏོགས་ཏེ། དང་པོ་ནི་ནང་བསྟན་གྱི་བརྡ་ཆད་ཀྱི་མཆན་དང་། གཉིས་པ་ནི་ས་མིང་མི་མིང་སོགས་ཀྱི་མཆན་དང་། གསུམ་པ་ནི་གཏམ་དཔེ་དང་རིག་གནས་གོམས་སྲོལ་གྱི་མཆན་བཅས་སུ་འདུ། དེ་ལས་རིགས་དང་པོ་ནི་མང་ཤོས་ཡིན། དཔེར་ན། “五蕴身—即色、受、想、行、识五种,据佛经说,人的身体是这些精神和物质聚合而成的。”ཡང་དཔེར་ན། “光明母子相聚会—这是密宗修证中一种境界,本体的光明称为母光,修证中出现的光明称子光,证到两种光相契合则称为母子会聚。” ས་མིང་མི་མིང་གི་མཆན་ལྟ་བུ་དཔེར་ན། ས་མིང་ལྟ་བུ་ལ། “达尼扎—洛扎附近一个修行山洞,又名达尼隆丹浦。” མི་མིང་ལྟ་བུ་ལ། “八日大师—本名仁钦扎(1041-1111)后弘期大译师之一。萨迦派多继承其法统。”གཏམ་དཔེ་ཡི་མཆན་ལ་དཔེར་ན།“兔随狮子跳岩—藏族古代寓言,这里用来比喻不量力行事。”ཞེས་པ་ལྟ་བུ།འགྱུར་མཆན454ལས། མང་ཤོས་ལ་ཚེག་ཁྱིམ90ཡས་མས་དང་། ཉུང་ཤོས་ལ་ཡིག་འབྲུ2ལས་མེད། ནང་བསྟན་གྱི་བརྡ་ཆད་ཀྱིས་འགྱུར་མཆན་ཡོངས་ལས90%ཟིན་པས་དེ་ནི་ཤིན་ཏུ་གླེང་རིན་ཡོད་པ་ཞིག་ཏུ་མཐོང་། མི་ལ་རས་པའི་རྣམ་ཐར་ནི་རྩོམ་རིག་དང་ལོ་རྒྱུས་དང་ཆོས་ལུགས་བཅས་ཀྱི་ཐད་ནས་འཐུས་ཚབ་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་པས། དེར་འཇུག་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་དཀའ་ཁག་ངེས་ཅན་འཕྲད་སྲིད། གལ་ཏེ་གཞུང་དངོས་ཀྱི་ལོ་ཙཱ་ནི་སྐད་ཡིག་མི་འདྲ་བའི་སྦྲེལ་ཟམ་ལྟ་བུ་ཡིན་ཚེ། མ་ཡིག་ལ་མེད་པའི་འགྱུར་མཆན་ནི་ཟམ་པར་ལན་ཀན་བརྩིགས་པ་ལྟ་བུ་ཡིན། ལྷག་པར་ནང་པའི་གཞུང་གི་ཆེད་ལས་བརྡ་ཆད་ལ་འཕྲད་དུས་མཆན་གྱིས་དོན་གོ་བདེ་བར་བྱེད་པ་ལ་རོགས་ཆེན་པོ་ཐུབ། སྐད་ཆའི་ཁྱད་ཆོས་ཀྱི་ཐོག་ནས། འགྱུར་མཆན་ནི་སྤྱིར་བཏང་གི་ཀློག་པ་པོ་རྣམས་ལ་གོ་བདེ་ཞིང་། འཇིག་རྟེན་ཐུན་མོང་དུ་མ་གྲགས་པའི་གཞུང་གི་བརྡ་ཆད་དག་གི་རྣམ་གྲངས་འདྲེན་པའམ། ཡང་ན་མི་སྣ་དང་རྒྱབ་ལྗོངས་གསལ་བཤད་ལ་བརྟེན་ནས་གོ་བརྡ་གསལ་པོར་སྤྲོད་ཀྱིན་ཡོད། དཔེར་ན། ཚོགས་གཉིས(བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས)ལ་འགྲེལ་བརྒྱབ་པ་སྟེ། “二资粮—指福德资粮和智慧资粮,是众生趋往佛道时必须备办的两种路资。”ཞེས་པ་ལྟར། ཀློག་པ་པོས་མཆན་ལ་བལྟས་ནས་བརྡ་ཆད་ཀྱི་རིག་གནས་རྒྱབ་ལྗོངས་སོགས་ཧ་གོ་ཐུབ་པ་ཡིན།
ཡིན་ཡང་འགྱུར་མཆན་བཀོད་པ་ལའང་སྐྱོན་ཁ་ཤས་ཡོད་དེ། གཅིག་ཏུ་མཆན་ཁ་ཤས་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་སྐྱོན། གཉིས་སུ་མཆན་ཤིན་ཏུ་མང་བའི་སྐྱོན། དེ་ལས་སྐྱོན་དང་པོ་དཔེར་ན། “族—指家族,指血缘或血统关系。”ལྟ་བུ། རིགས་རྒྱུད་ལ་ཁྱིམ་རྒྱུད་དང་། གདུང་རྒྱུད་དང་། ཁྲག་རྒྱུད་ཀྱི་འབྲེལ་བ་ཞེས་མཆན་བཏབ་པ་ནི་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བའི་སྐྱོན་དུ་འགྲོ་སྟེ། ཀློག་མཁན་སུ་ཞིག་གིས་བལྟས་ཀྱང་ཡིག་ངོས་ཙམ་ལས་དོན་གོ་བར་འགྱུར། ཡིན་ཡང་། སྐྱོན་དང་པོ་ནི་ཉུང་ངུ་ཙམ་ལས་མ་མཐོང་།སྐྱོན་གཉིས་པ་གཙོར་བཟུང་ནས་གླེང་བར་བྱ་བ་ལ། མཆན་འདེབས་པའི་དགེ་མཚན་ནི་ཀློག་མཁན་གྱིས་གོ་བ་ལེན་པ་དང་། དོགས་གནས་སེལ་བ་དང་། མ་ཡིག་གི་དོན་སྙིང་རང་རྒྱུད་དུ་ལེན་པར་གྲོགས་བྱེད་པ་ཡིན། འགྱུར་མཆན་གྱི་གྲངས་ཀ་མ་ཡིག་ལས་མང་ཚེ། འགྱུར་ཡིག་དང་མཆན་གྱི་གཙོ་ཕལ་གྱི་གོ་གནས་ལྡོག་འགྲོ་ལ། ཡིག་ཚོགས་སྤུངས་ཚེ་ཀློག་འདོད་ཀྱི་བྲོ་བའང་རིམ་གྱིས་ཉམས་ཤིང་རྨོངས་པར་འགྱུར། དཔེར་ན། རྣམ་ཐར་གྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ལ་མཆན132ཡོད་ཅིང་། དེས་མཆན་ཡོངས་ཀྱི30%ཙམ་ཟིན། ཡིན་ཡང་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ཡིས་གཞུང་གི7.6%ཙམ་ལས་མི་ཟིན་པས། ཀློག་པ་པོས་གཞུང་དངོས་ལ་བལྟ་དགོས་སམ་མཆན་ལ་བལྟ་དགོས། དེའི་ཕྱིར། གཞུང་ཐུང་ངུ་ལ་མཆན་རི་རབ་བཞིན་བརྩིགས་ན་མི་མཛེས་ཤིང་། འགྱུར་ཡིག་དང་མཆན་གྱི་གཙོ་ཕལ་ལྡོག་ཉེན་ཆེ་བས། འགྱུར་མཆན་ནི་རྒྱས་བསྡུས་རན་པ་དང་བརྗོད་བྱ་རྗོད་བྱེད་གང་ཐད་ནས་དཀའ་སླ་རན་པ་དང་གོ་བདེ་ཀློག་བདེ་ཞིག་ཡིན་དགོས། །
ཟུར་ལྟའི་དཔྱད་ཡིག
1.རུས་པའི་རྒྱན་ཅན། «མི་ལ་རས་པའི་རྣམ་ཐར» [M]. ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1979
2.央宗.铸就译者风范沟通汉藏文化 —以刘立千翻译实践为例,[J].《西藏研究》2024年第6期
3.刘立千译:《米拉日巴传》,[M].成都,四川民族出版社1985
4.余鸿:浅谈译者的注释意识——以林语堂译《浮生六记》为例,[J].《语言研究》
འབྲེལ་ཡོད་འོས་སྦྱོར།