༄༅། །རྒྱ་བོད་ལོ་ཙཱའི་སྒྱུར་རྩལ་བཅུ་རྣམ་པར་བཤད་པ།
རྩོམ་པ་པོ།:དཔའ་རིས་སངས་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-02-12
ཀློག་གྲངས།:
ཚིགས་བཅད་དུ་སྡེབ་པ་པོ། སྒྲོལ་དཀར་ཚེ་རིང་།
རྒྱ་བོད་སྐད་གཉིས་ལོ་ཙཱ་བྱ་བ་ལ། །
མིང་དང་ཚིག་གི་སྦྱོར་ལུགས་ངོས་ཟིན་ཏེ། །
དོན་གཅིག་ལུས་མཚུངས་ཁ་གསལ་བརྗོད་བདེ་བཅས། །
སྒྱུར་ལུགས་རྩ་བ་འདི་བཞིས་གནད་ཀུན་ཟིན། །
༡
ཐ་སྙད་རེ་རེར་བསྒྱུར་ན་དོན་དང་མཐུན། །
ཡི་གེ་རེ་རེར་བསྒྱུར་ན་དོན་དང་འགལ། །
དོན་གྱི་ངོ་བོ་ཐོད་གཏུགས་མཁས་པ་སྟེ། །
ཡི་གེའི་རྣམ་པ་ཐོད་གཏུགས་བླུན་པོ་ཡིན། །
༢
རྒྱ་སྐད་ཚིག་གི་སྙིང་པོ་མཇུག་ཏུ་ཡོད། །
བོད་ལ་ཚིག་གི་སྙིང་པོ་མགོ་ན་ཡོད། །
འདི་གཉིས་སྦྱོར་ལུགས་ཐུན་མོང་མ་ཡིན་པ། །
དེང་དུས་མིང་ཚིག་མགོ་རྟིང་ཟློག་པ་མང་། །
༣
རྒྱ་ལ་མིང་གི་ངོ་བོ་འགྱུར་ལུགས་ནི། །
མིང་གང་ཞིག་ལ་སྒྲ་གཞན་སྦྱར་བའམ། །
མིང་གི་མགོ་རྟིང་ཟློག་དགོས་བོད་སྐད་དུ། །
མིང་མཐའ་སྒྱུར་བས་ཆོག་ཕྱིན་ཁྱད་པར་ཆེ། །
༤
འཕྲུལ་ཆས་དང་འབྲེལ་མིང་རྣམས་རྒྱ་སྐད་དུ། །
འཕྲུལ(机)ལམ་ཆས(器)ཞེས་སྦྱར་ཏེ་བསྒྱུར་དགོས་ལ། །
མ་སྦྱར་ན་ནི་བྱ་བའི་མིང་ཡིན་མོད། །
བོད་ལ་བྱ་མིང་ད་ལྟ་སྦྱར་བས་ཆོག །
༥
རྒྱ་བོད་གཉིས་ཀྱི་མིང་ཚིག་སྦྱོར་བའི་སྲོལ། །
ཚེག་བར་མང་ཉུང་ཉིད་ལ་ཐུག་མེད་པར། །
ངོ་བོ་གསལ་བ་ཞིག་ཏུ་བསྒྱུར་དགོས་ཤིང་། །
འབོད་སླ་ཁ་གསལ་བརྗོད་བདེར་མིང་གདགས་དགོས། །
༦
ལས་ལ་བྱ་བ་འཇུག་པར་རྒྱ་བོད་གཉིས། །
བྱ་བའི་མིང་རྐྱང་ལས་ལ་འཇུག་པ་འདྲ། །
རྒྱ་སྐད་བྱ་མིང་སྦྲགས་མ་ལས་ལ་སྦྱར། །
ལས་ཀྱི་དངོས་པོ་བསྐུངས་ནས་ཤུགས་ལ་བསྟན། །
བོད་སྐད་བྱ་མིང་ལས་ལ་འཇུག་པའི་ཚེ། །
དུས་ཀྱི་རྣམ་གཞག་ལྟར་དུ་ལས་དང་སྦྱར། །
༧
རྒྱ་སྐད་བྱ་མིང་སྦྲགས་མ་བོད་སྐད་དུ། །
བྱ་བ་ལས་ལ་སྦྱར་བའི་ཚིག་ཐུང་གཉིས། །
འཇུག་ཡུལ་དངོས་སུ་སྟོན་མིན་ཙམ་ཞིག་ལས། །
དོན་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །
༨
སྔོན་ཚེ་གཏན་ཆགས་གྲུབ་པའི་མིང་རྣམས་ནི། །
མི་རབས་མི་ཐོག་རྒྱུད་ལ་མངའ་བརྙེས་པས། །
བསྣོག་མི་ཆོག་པའི་འགྲིག་ལམ་རང་ཤུགས་སུ། །
ཆགས་པས་ཕྱིར་ན་སུ་ལའང་བཅོས་དབང་མེད། །
༩
སྒྲ་ཉུང་དོན་ཚང་གཏན་ཆགས་ཚིག་བརྗིད་པ། །
ལོ་རྒྱུས་གཏམ་རྒྱུད་ལས་བྱུང་ཞུན་ཐིགས་མང་། །
དཔེ་ཆོས་དཔེ་ཆོས་ལྟར་དུ་ལེགས་བསྒྱུར་ན། །
ཚིག་རྒྱན་བརྡ་སྤྲོད་ནུས་པ་ཆེས་ཆེར་འདོན། །
༡༠
ཚིག་གི་རྣམ་པ་སྣ་ཚོགས་ཡོད་པ་ལྟར། །
འགྱུར་ལའང་དེ་བཞིན་སྣ་ཚོགས་ཡོད་པ་དགོས། །
རྒྱ་བོད་ཚིག་གི་ཁྱད་པར་ཁོང་ཆུད་ནས། །
ཐད་ལྡོག་སྣོལ་གསུམ་སྒྱུར་ཚུལ་གསུམ་དུ་དྲིལ། །
རྒྱ་བོད་སྐད་གཉིས་ལོ་ཙཱ་བྱ་བ་ལ། །
མིང་དང་ཚིག་གི་སྦྱོར་ལུགས་ངོས་ཟིན་ཏེ། །
དོན་གཅིག་ལུས་མཚུངས་ཁ་གསལ་བརྗོད་བདེ་བཅས། །
སྒྱུར་ལུགས་རྩ་བ་འདི་བཞིས་གནད་ཀུན་ཟིན། །
༡
ཐ་སྙད་རེ་རེར་བསྒྱུར་ན་དོན་དང་མཐུན། །
ཡི་གེ་རེ་རེར་བསྒྱུར་ན་དོན་དང་འགལ། །
དོན་གྱི་ངོ་བོ་ཐོད་གཏུགས་མཁས་པ་སྟེ། །
ཡི་གེའི་རྣམ་པ་ཐོད་གཏུགས་བླུན་པོ་ཡིན། །
༢
རྒྱ་སྐད་ཚིག་གི་སྙིང་པོ་མཇུག་ཏུ་ཡོད། །
བོད་ལ་ཚིག་གི་སྙིང་པོ་མགོ་ན་ཡོད། །
འདི་གཉིས་སྦྱོར་ལུགས་ཐུན་མོང་མ་ཡིན་པ། །
དེང་དུས་མིང་ཚིག་མགོ་རྟིང་ཟློག་པ་མང་། །
༣
རྒྱ་ལ་མིང་གི་ངོ་བོ་འགྱུར་ལུགས་ནི། །
མིང་གང་ཞིག་ལ་སྒྲ་གཞན་སྦྱར་བའམ། །
མིང་གི་མགོ་རྟིང་ཟློག་དགོས་བོད་སྐད་དུ། །
མིང་མཐའ་སྒྱུར་བས་ཆོག་ཕྱིན་ཁྱད་པར་ཆེ། །
༤
འཕྲུལ་ཆས་དང་འབྲེལ་མིང་རྣམས་རྒྱ་སྐད་དུ། །
འཕྲུལ(机)ལམ་ཆས(器)ཞེས་སྦྱར་ཏེ་བསྒྱུར་དགོས་ལ། །
མ་སྦྱར་ན་ནི་བྱ་བའི་མིང་ཡིན་མོད། །
བོད་ལ་བྱ་མིང་ད་ལྟ་སྦྱར་བས་ཆོག །
༥
རྒྱ་བོད་གཉིས་ཀྱི་མིང་ཚིག་སྦྱོར་བའི་སྲོལ། །
ཚེག་བར་མང་ཉུང་ཉིད་ལ་ཐུག་མེད་པར། །
ངོ་བོ་གསལ་བ་ཞིག་ཏུ་བསྒྱུར་དགོས་ཤིང་། །
འབོད་སླ་ཁ་གསལ་བརྗོད་བདེར་མིང་གདགས་དགོས། །
༦
ལས་ལ་བྱ་བ་འཇུག་པར་རྒྱ་བོད་གཉིས། །
བྱ་བའི་མིང་རྐྱང་ལས་ལ་འཇུག་པ་འདྲ། །
རྒྱ་སྐད་བྱ་མིང་སྦྲགས་མ་ལས་ལ་སྦྱར། །
ལས་ཀྱི་དངོས་པོ་བསྐུངས་ནས་ཤུགས་ལ་བསྟན། །
བོད་སྐད་བྱ་མིང་ལས་ལ་འཇུག་པའི་ཚེ། །
དུས་ཀྱི་རྣམ་གཞག་ལྟར་དུ་ལས་དང་སྦྱར། །
༧
རྒྱ་སྐད་བྱ་མིང་སྦྲགས་མ་བོད་སྐད་དུ། །
བྱ་བ་ལས་ལ་སྦྱར་བའི་ཚིག་ཐུང་གཉིས། །
འཇུག་ཡུལ་དངོས་སུ་སྟོན་མིན་ཙམ་ཞིག་ལས། །
དོན་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །
༨
སྔོན་ཚེ་གཏན་ཆགས་གྲུབ་པའི་མིང་རྣམས་ནི། །
མི་རབས་མི་ཐོག་རྒྱུད་ལ་མངའ་བརྙེས་པས། །
བསྣོག་མི་ཆོག་པའི་འགྲིག་ལམ་རང་ཤུགས་སུ། །
ཆགས་པས་ཕྱིར་ན་སུ་ལའང་བཅོས་དབང་མེད། །
༩
སྒྲ་ཉུང་དོན་ཚང་གཏན་ཆགས་ཚིག་བརྗིད་པ། །
ལོ་རྒྱུས་གཏམ་རྒྱུད་ལས་བྱུང་ཞུན་ཐིགས་མང་། །
དཔེ་ཆོས་དཔེ་ཆོས་ལྟར་དུ་ལེགས་བསྒྱུར་ན། །
ཚིག་རྒྱན་བརྡ་སྤྲོད་ནུས་པ་ཆེས་ཆེར་འདོན། །
༡༠
ཚིག་གི་རྣམ་པ་སྣ་ཚོགས་ཡོད་པ་ལྟར། །
འགྱུར་ལའང་དེ་བཞིན་སྣ་ཚོགས་ཡོད་པ་དགོས། །
རྒྱ་བོད་ཚིག་གི་ཁྱད་པར་ཁོང་ཆུད་ནས། །
ཐད་ལྡོག་སྣོལ་གསུམ་སྒྱུར་ཚུལ་གསུམ་དུ་དྲིལ། །
ཞེས་པ་འདི༢༠༢༥ལོའི་ཟླ༡༡པའི་ཚེས༢༨ཉིན་སྒྲོལ་དཀར་ཚེ་རིང་དུ་འབོད་པས་རྒན་དཔའ་རིས་སངས་རྒྱས་ཀྱིས་མཛད་པའི«རྒྱ་བོད་ལོ་ཙཱའི་བསྒྱུར་རྩལ་རྣམ་པར་བཤད་པ»ཞེས་པ་ཚིགས་བཅད་དུ་བསྡེབས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།
