དགེ་རྒན་ཆེན་མོ་སངས་རྒྱས་མཆོག་གིས་སྒྱུར་པའི་ཡིག་གསུམ་མདོ། ཁག་དང་པོ།
རྩོམ་པ་པོ།:སངས་རྒྱས་ཀྱིས་སྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-28
ཀློག་གྲངས།:
ཡིག་གསུམ་མདོ།
(སུང) ཝང་དབྱིན་ལིན་གྱིས་བརྩམས།
སངས་རྒྱས་ཀྱིས་སྒྱུར།
སངས་རྒྱས་ཀྱིས་སྒྱུར།
མི་ནི་སྐྱེས་ཉིད་ནས། །རང་གཤིས་བཟང་ཞིང་དྲང་། །
人之初,性本善。
ངང་རྒྱུད་འདྲ་ན་ཡང་། །བག་ཆགས་ཐ་དད་འགྱུར། །
性相近,习相远。
བསླབ་ལ་མ་གཞོལ་ན། །རང་གཤིས་ལང་ལ་ཤོར། །
苟不教,性乃迁。
བསླབ་པར་བྱ་བ་ལ། །གཡེང་མེད་གཏད་པ་གཅེས། །
教之道,贵以专。
གནའ་ཡི་མེང་ཡུམ་གྱིས། །ཁྱིམ་མཚེས་བདམས་ཏེ་གནས། །
昔孟母,择邻处。
བུ་ཡིས་མ་སྦྱངས་པས། །ཁྲོས་ཏེ་ཐགས་རས་བཅད། །
子不学,断机杼。
ཏིག་ཡན་ཧྲན་ཞེས་པར། །བུ་སྐྱོང་ཐབས་མཆོག་ལྡན། །
窦燕山,有义方。
བུ་ལྔ་བསྐྱངས་པའི་ཚུལ། །ཁ་ཡི་རྒྱན་དུ་གྱུར། །
教五子,名俱扬。
བསྐྱངས་ཀྱང་མ་གདམས་ན། །ཕ་ཡི་སྐྱོན་དུ་གླེང་། །
养不教,父之过。
གདམས་ཀྱང་མ་གཅུན་ན། །བཤེས་ཀྱི་སྒྱིད་ལུག་ཉིད། །
教不严,师之惰
བུ་ཡིས་མ་བསླབས་ན། །ཤིན་ཏུ་ནོངས་པར་འགྱུར། །
子不学,非所宜。
ཆུང་དུས་མ་སྦྱངས་ན། །རྒས་ཚེ་ཅི་ཞིག་བྱ། །
幼不学,老何为。
གཡང་ཊི་མ་བརྐོས་པར། །ཡོལ་གོར་འགྱུར་མི་སྲིད། །
玉不琢,不成器。
ཡོན་ཏན་མ་སྦྱངས་པར། །འཇིག་རྟེན་ལུགས་མི་ཤེས། །
人不学,不知义。
བུ་སློབ་བྱེད་པའི་དུས། །ན་ཚོད་གཞོན་པའི་སྒང་། །
为人子,方少时。
བཤེས་དང་གྲོགས་ལ་བསྟེན། །གུས་ལུགས་གོམས་པར་བྱ། །
亲师友,习礼仪。
ཧོང་ཤང་ལོ་དགུའི་ཚེ། །མལ་ཁྲི་སྲོ་བར་བྱེད། །
香九龄,能温席。
གཉེན་ལ་སྲི་ཞུར་ནི། །བརྩོན་པ་འོས་ཤིང་རིགས། །
孝于亲,所当执。
ཁུང་རོང་ལོ་བཞིའི་ཚེ། །གཅེན་ལ་ཤིང་ཏོག་ཕུལ། །
融四岁,能让梨。
སྤུན་གྱི་རྒན་གཞོན་ཁྱད། །སྔར་ནས་ཤེས་པ་གལ། །
弟于长,宜先知。
ཐོག་མར་རྒན་ལ་བཀུར། །བར་དུ་མཐོང་ཐོས་བྱ། །
首孝悌,次见闻。
གྲངས་ཀྱི་གནས་རྟོགས་ཤིང་། །རྩོམ་ལ་ཆུབ་པར་བྱ། །
知某数,识某文。
གཅིག་ནས་བཅུ་ལ་གཞལ། །བཅུ་ནས་བརྒྱ་ལ་བགྲང་། །
一而十,十而百。
བརྒྱ་ནས་སྟོང་ལ་རྩིས། །སྟོང་ནས་ཁྲི་ལ་ཟིན། །
百而千, 千而万。
གནམ་ས་མི་གསུམ་ནི། །ཡོན་ཏན་གསུམ་ཞེས་བྱ། །
三才者,天地人。
ཉི་ཟླ་སྐར་གསུམ་ལ། །འོད་སྣང་གསུམ་དུ་བཞེད། །
三光者,日月星。
རྗེ་བློན་ཕན་ཚུན་གཞུངས། །ཕ་བུ་དགའ་ཞིང་ཞེན། །
三纲者,君臣义。
ཁྱོ་ཤུག་མཛའ་ཞིང་མཐུན། །རྩ་བ་གསུམ་དུ་གྲགས། །
父子亲,夫妇顺。
དཔྱིད་ནས་དབྱར་ལ་འཕོ། །སྟོན་ནས་དགུན་ལ་བགྲོད། །
曰春夏,曰秋冬。
དུས་བཞི་རེས་མོས་སུ། །འཁོར་བའི་མཐའ་མི་ཟད། །
此四时,运不穷。
ལྷོའམ་བྱང་དང་ནི། །ཤར་དང་ནུབ་བཅས་ལ། །
曰南北,曰西东。
ཕྱོགས་བཞིར་འབོད་པ་དང་། །དབུས་ལ་རམ་འདེགས་བྱེད། །
此四方,应乎中。
མེའམ་ཆུ་དང་ནི། །ལྕགས་ཤིང་ས་བཅས་ལ། །
曰水火,木金土。
འབྱུང་བ་ལྔ་རུ་བཤད། །གྲངས་ཀྱི་གཞི་རུ་མཐོང་། །
此五行,本乎数。
བྱམས་དང་དྲང་བདེན་དང་། །གུས་ཤེས་ཡིད་རྟོན་སོགས། །
曰仁义,礼智信。
ལུགས་ལྔར་གྲགས་པ་དེ། །ཕན་ཚུན་འཁྲུགས་མི་རུང་། །
此五常,不容紊。
འབྲས་ཁྲེ་སྲན་ཏིལ་གྲོ། །མ་རྨོས་ལོ་ཏོག་བཅས། །
稻粱菽,麦黍稷。
འབྲུ་དྲུག་བརྗོད་པ་དག །འགྲོ་བའི་ཟས་སུ་བསྟེན། །
此六谷,人所食。
རྟ་ནོར་ལུག་གསུམ་དང་། །བྱ་ཁྱི་ཕག་ཅེས་པ། །
马牛羊,鸡犬豕。
སྒོ་ཕྱུགས་དྲུག་ཡིན་ཏེ། །མི་ཡི་གསོ་བྱར་གྱུར། །
此六畜,人所饲。
དགའ་དང་ཁྲོ་བའམ། །སྐྱོ་སྡུག་འཇིགས་སྐྲག་དང་། །
曰喜怒,曰哀惧。
ཞེན་སྡང་ཆགས་བཅས་ལ། །ཡིད་འགྱུར་བདུན་དུ་བརྩི། །
爱恶欲,七情具。
ཧོའུ་ས་ཀོ་ཤིང་རྡོ། །ཟངས་ལྕགས་རྒྱུད་ཐག་སྨྱུག །
匏土革,木石金。
བརྒྱད་ལས་གྲུབ་པའི་སྒྲར། །དབྱངས་བརྒྱད་ཅེས་པར་བཏགས། །
丝与竹,乃八音。
མེས་ལས་མེས་པོ་དང་། །ཕ་ལས་རང་ལུས་ཏེ། །
高曾祖,父而身。
རང་ལས་བུ་ཕོ་དང་། །བུ་ལས་ཚ་བོ་འབྱུང་། །
身而子,子而孙。
ཚ་ལས་ཡང་ཚ་སྟེ། །དེ་ལས་ཡང་རབས་ཚ། །
自子孙,至玄曾。
མི་རབས་དགུར་བཤད་པ། །མི་ཡི་ཆོས་སུ་གྲུབ། །
乃九族,人之伦。

ཡོང་ཁུངས། རྨ་ལྷོའི་མི་རིགས་སྐད་ཡིག་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།