logo

དགེ་རྒན་ཆེན་མོ་སངས་རྒྱས་མཆོག་གིས་སྒྱུར་པའི་ཡིག་གསུམ་མདོ། ཁག་གཉིས་པ།

རྩོམ་པ་པོ།:སངས་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-01 ཀློག་གྲངས།:
ཡིག་གསུམ་མདོ།
(སུང) ཝང་དབྱིན་ལིན་གྱིས་བརྩམས།
སངས་རྒྱས་ཀྱིས་སྒྱུར།

(སྤེལ་ཐེངས་སྔོན་མའི་འཕྲོར་མཐུད)
ཕ་དྲིན་བུ་ཡིས་གཟོ། །ཁྱོ་རྗེས་ཤུག་མོ་འབྲང་། །
父子恩,夫妇从。

གཅེན་པོས་གཅུང་ལ་བྱམས། །གཅུང་པོས་གཅེན་ལ་བཀུར། །
兄则友,弟则恭。

རྒན་གཞོན་གོ་རིམ་ལྡན། །གྲོགས་ལ་མཛའ་ཞིང་གཅུགས། །
长幼序,友与朋。

རྗེ་བོ་ཀུན་གྱིས་བཀུར། །བློན་པོ་བློ་སེམས་དཀར། །
君则敬,臣则忠。

དྲང་བདེན་བཅུ་བོ་ནི། །ཀུན་གྱི་བླང་བྱར་ངེས། །
此十义,人所同。

བློ་སྒོ་འབྱེད་པའི་ཐབས། །བརྟག་སྟེ་འཇུག་པ་གཅེས། །
凡训蒙,须讲究。

 གདམས་ངག་བསྲེལ་བར་བྱ། །ལེགས་བཤད་བློ་ལ་ཟུངས། །
详训诂,明句读。

བསླབ་པར་བྱ་བ་ལ། །གོ་རིམ་ངེས་པར་ལྡན། །
为学者,必有初。

སློབ་ཆུང་རྫོགས་ནས་ནི། །གཞུང་བཞིར་འཇུག་པར་བྱ། །
小学终,至四书。

ཁུང་ཙིའི་གསུང་སྒྲོས་ལ། །ལེའུ་ཉི་ཤུ་བཞུགས། །
论语者,二十篇。

བུ་སློབ་རྣམས་ཀྱིས་ནི། །བཀའ་བསྡུ་བྱས་ནས་བསྒྲིགས། །
群弟子,记善言。

མེང་ཙེ་ཞེས་པ་དེས། །བསྟན་བཅོས་བདུན་ཕྲག་བརྩམས། །
孟子者,七篇止。

ཀུན་གཞི་སྤྱོད་ལམ་དང་། །དྲང་བདེན་སྤེལ་ལུགས་གསུངས། །
讲道德,说仁义。

བཏང་སྙོམས་ཞེས་པའི་གཞུང་། །ཙི་སིས་བརྩམས་པར་གྲགས། །
作中庸,子思笔。

 གཡོ་མེད་བརྟན་པ་ནི། །དེ་ཡི་སྙིང་བོར་སྨྲ། །
中不偏,庸不易。

བསླབ་བྱ་ཆེན་པོ་ནི། །ཙིན་ཙིས་བརྩམས་པར་བཤད། །
作大学,乃曾子。

སྦྱངས་པ་མཐར་འཁྱོལ་ན། །རྒྱལ་སྐྱོང་མཁས་པར་འགྱུར། །
自修齐,至平治。

བཀུར་མདོ་ཤེས་པ་དང་། །གཞུང་བཞི་ཆུབ་པ་ན། །
孝经通,四书熟。

མདོ་ཆེན་དྲུག་པོ་ལ། །གཞི་ནས་འཇུག་པར་རིགས། །
如六经,始可读。

སྙན་ངག་བསྟན་བཅོས་རྩིས། །གུས་དང་ཁྲུན་ཆིག་སོགས། །
诗书易,礼春秋。

མདོ་ཆེན་དྲུག་པོ་ལ། །ཐོས་བསམ་ཡག་པོ་བྱ། །
号六经,当讲求。

ལེན་ཧྲན་ཀོས་ཙང་དང་། །ཀྲིག་ཡུས་ཞེས་པ་ཡི། །
有连山,有归藏。

བསྟན་བཅོས་དེ་དག་ལ། །སྤོར་ཐང་གསུམ་དུ་བཞེད། །
有周易,三易详。

བཀའ་ལུང་ཇུས་གཞི་དང་། །ཞལ་གདམས་སྐུལ་བརྡ་དང་། །
有典谟,有训诰。

 དམ་ཚིག་བཀའ་རྒྱ་སོགས། །ཕུགས་དོན་བསམ་མི་ཁྱབ། །
有誓命,书之奥。

གནའ་བོའི་ཀྲིག་ཀུང་གིས། །ཀྲིག་ལུགས་རྣམ་པར་བསྐྱངས། །
我周公,作周礼。

དཔོན་རིམ་དྲུག་ཏུ་ཕྱེ། །རྒྱལ་སྲིད་ཚུལ་བཞིན་མཛད། །
著六官,存治体。

ཏེ་མིང་རྒན་གཞོན་གྱིས། །སྔ་ལུགས་རིམ་པར་བཀྲལ། །
大小戴,注礼记。

འཕགས་པའི་གསུང་བསྒྲགས་ཤིང་། །ལུགས་དང་རོལ་མོ་བསྒྲིགས། །
述圣言,礼乐备。

གཞས་ཚིག་དཔལ་ཆེན་དང་། །དཔལ་ཆུང་མཆོད་བསྟོད་ནི། །
曰国风,曰雅颂。

སྙན་ཚིག་བཞི་རུ་གྲགས། །གྱེར་ཀློག་བྱེད་པར་རིགས། །
号四诗,当讽咏。

སྙན་རྩོམ་ཉམས་དམས་པས། །ཁྲུན་ཆིག་གསར་དུ་བརྩམས། །
诗既亡,春秋作。

བསྟོད་སྨད་གཉིས་ཀ་ལྡན། །དགེ་སྡིག་རྣམ་པར་ཕྱེ། །
寓褒贬,别善恶。

རྣམ་ཐར་གསུམ་ཞེས་པ། །གཅིག་ནི་ཀུང་དབྱང་དང་། །
三传者,有公羊。

ཅིག་ཤོས་ཙོ་ཧྲིའམ། །གཞན་ཞིག་ཀུ་ལེང་བརྩམས། །
有左氏,有谷梁。

མདོ་ཆེན་ཆུབ་པའི་རྗེས། །དམ་པའི་གསུང་ལ་ཀློགས། །
经既明,方读子。

བརྗོད་བྱའི་འགག་གནད་ཟུངས། །མཛད་དོན་ངེས་འདྲོང་བྱ། །
撮其要,记其事。

དམ་པ་ལྔ་ཞེས་པ། །ཞུན་ཙི་དབྱང་ཙི་དང་། །
五子者,有荀扬。

ཝུན་ཀྲུང་ཙི་དང་ནི། །ལོ་ཙི་ཀྲོང་ཙིའོ། །
文中子,及老庄。

མདོ་དང་གསུང་ཆུབ་རྗེས། །ལོ་རྒྱུས་དེབ་ཐེར་ཀློགས། །
经子通,读诸史。

སྐྱེས་རབས་བརྒྱུད་ཁོངས་སོགས། །ཐོག་མཐའ་ཤེས་པར་བྱ། །
考世系,知始终。

དང་ཐོག་ཞིས་ནོང་ནས། །ཧོང་ཏིས་ཞེས་པའི་བར། །
自羲农,至黄帝。

གོང་མ་གསུམ་ཞེས་གྲགས། །ཐོག་མའི་རྗེ་བོར་བགྲང་། །
号三皇,居上世。

ཐང་དང་དབྱིག་དབྱི་གཉིས། །བཙན་པོ་གཉིས་སུ་འབོད། །
唐有虞,号二帝。

ཕན་ཚུན་གུས་བྱམས་ལྡན། །སྐྱིད་པའི་གདུང་རབས་ཟེར། །
相揖逊,称盛世。
(མུ་འགོད)
ཡོང་ཁུངས། རྨ་ལྷོའི་མི་རིགས་སྐད་ཡིག་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།