དགེ་རྒན་ཆེན་མོ་སངས་རྒྱས་མཆོག་གིས་སྒྱུར་པའི་ཡིག་གསུམ་མདོ། ཁག་གསུམ་པ།
རྩོམ་པ་པོ།:སངས་རྒྱས་ཀྱིས་སྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-06
ཀློག་གྲངས།:
ཡིག་གསུམ་མདོ།
(སུང) ཝང་དབྱིན་ལིན་གྱིས་བརྩམས།
སངས་རྒྱས་ཀྱིས་སྒྱུར།
(སྤེལ་ཐེངས་སྔོན་མའི་འཕྲོར་མཐུད)
སངས་རྒྱས་ཀྱིས་སྒྱུར།
ཞ་ལ་ཡུས་ཡོད་ཅིང་། །ཧྲང་ལ་ཐེང་རྒྱལ་དང་། །
夏有禹,商有汤。
ཀྲིག་ལ་ཝིན་ཝུའུ་བཅས། །རྒྱལ་བོ་གསུམ་དུ་གྲགས། །
周文武,称三王。
ཞ་སྲིད་བུ་ལ་གཏད། །གནམ་འོག་ཁྱིམ་གྱིས་བསྐྱངས། །
夏传子,家天下。
ལོ་གྲངས་བཞི་བརྒྱ་ཐལ། །ཞ་སྲིད་ཉམས་པར་གྱུར། །
四百载,迁夏社。
ཐེང་གིས་ཞ་བསྣུབས་ཤིང་། །རྒྱལ་མིང་ཧྲང་ཞེས་བཏགས། །
汤伐夏,国号商。
ལོ་ངོ་དྲུག་བརྒྱ་ཕྱིན། །ཀྲུག་གི་སྐབས་སུ་ཉམས། །
六百载,至纣亡。
ཀྲིག་རྒྱལ་ཝུའུ་ཝང་གིས། །ཀྲུག་ལ་འདུལ་བར་བརྩམས། །
周武王,始诛纣。
བགྲང་བྱ་བརྒྱད་བརྒྱ་ཐལ། །སྲིད་ཡུན་རིང་ཤོས་སྨྲ། །
八百载,最长久。
ཀྲིག་རྒྱལ་ཤར་དུ་སྤོར། །རྒྱལ་ཁྲིམས་ཉམས་དམས་གྱུར། །
周辙东,王纲坠。
གཡུལ་འཁྲུག་ཟམ་མི་ཆད། །འཁྱམས་བཤད་ངག་ལ་ལན། །
逞干戈,尚游说。
ཁྲུན་ཆིག་ཚུགས་པ་ནས། །ཀྲན་གོ་རྫོགས་པའི་བར། །
始春秋,终战国。
བཙན་བདག་ལྔ་བོ་དྲག །དཔའ་རྟུལ་བདུན་ཡང་བྱོན། །
五霸强,七雄出。
དབྱིན་ཆིན་ཟེར་བ་དེས། །གནམ་འོག་གཅིག་ཏུ་བསྡུས། །
嬴秦氏,始兼并。
རྒྱལ་རབས་གཉིས་ཙམ་བརྒྱུད། །ཁྲུའུ་ཧན་འཐབ་པར་བརྩམས། །
传二世,楚汉争。
ཀའོ་ཙུའུ་དཔུང་ཤུགས་རྒྱས། །ཧན་གྱི་རྒྱལ་རབས་བཙུགས། །
高祖兴,汉业建。
དེ་ནས་ཞོ་ཕིན་སྐབས། །ཝང་མེང་རྒྱལ་སྲིད་ཕྲོགས། །
至孝平,王莽篡。
ཀོང་ཝུའུ་དར་ཅིང་དྲག །ཧན་རྒྱལ་ཤར་མར་གྲགས། །
光武兴,为东汉。
ལོ་ངོ་བཞི་བརྒྱ་ཟིན། །ཞཱན་གྱི་སྐབས་སུ་རྫོགས། །
四百年,终于献。
ཧྲུའུ་ཝེ་ཝུའུ་གསུམ་གྱིས། །ཧན་གྱི་སྲིད་ཁྲི་བརྩད། །
魏蜀吴,争汉鼎。
རྒྱལ་ཁབ་གསུམ་དུ་གྲགས། །ཇིང་གཉིས་བར་དུ་གནས། །
号三国,迄两晋。
སུང་ལ་ཆི་ཡིས་བསྟུད། །ལེང་རྗེས་ཁྲིན་གྱིས་བསྐྱངས། །
宋齐继,梁陈承。
ནན་ཁྲའོ་ཞེས་པར་གྲགས། །རྒྱལ་ས་ཅིན་ལིན་བྱས། །
为南朝,都金陵。
ཡོན་ཝེ་བྱང་མ་ནས། །ཤར་ནུབ་གཉིས་སུ་ཆད། །
北元魏,分东西。
ཡུས་ཝིན་ཀྲིག་དང་ནི། །ཀའོ་ཆི་དུས་མཉམ་གནས། །
宇文周,与高齐。
དེ་ནས་སོས་རྒྱལ་དུས། །གནམ་འོག་གཅིག་ཏུ་བསྡུས། །
迨至隋,一土宇。
རྒྱལ་བོའི་གདུང་རབས་ཆད། །དབང་སྒྱུར་སྲོལ་ལུགས་ཉམས། །
不再传,失统绪。
ཐང་རྒྱལ་ཀའོ་ཙུའུ་ཡིས། །དྲང་བདེན་དམག་དཔུང་དྲངས། །
唐高祖,起义师。
སོས་ཀྱི་ཟིང་གཟིར་བཅད། །རྒྱལ་རྨང་གསར་དུ་བཏིང་། །
除隋乱,创国基。
རྒྱལ་རབས་ཉི་ཤུ་བརྒྱུད། །ལོ་ངོ་སུམ་བརྒྱ་ཟིན། །
二十传,三百载。
དེ་ནས་ལེང་གིས་བཅོམ། །རྒྱལ་རྟགས་གཞན་དུ་བསྒྱུར། །
梁灭之,国乃改。
ལེང་ངམ་ཐང་དང་ཇིང་། །ཧན་དང་ཀྲིག་བཅས་ལ། །
梁唐晋,及汉周。
རྒྱལ་རབས་ལྔར་འབོད་པ། །རྒྱུ་མཚན་ཡོད་པར་དགོངས། །
称五代,皆有由。
ཡན་སུང་རྒྱལ་རབས་དར། །ཀྲིག་གིས་རང་སྲིད་གཏད། །
炎宋兴,受周禅。
རྒྱལ་རབས་བཅོ་བརྒྱད་བརྒྱུད། །ལྷོ་བྱང་འདྲེས་ཤིང་བསྲེས། །
十八传,南北混。
ལེའོ་དང་ཅིན་གཉིས་ཀྱིས། །སོ་སོར་རྒྱལ་པོ་བསྐོས། །
辽与金,皆称帝。
ཡོན་གྱིས་ཅིན་བསྣུབས་ཤིང་། །སུང་གི་རྒྱལ་རབས་ཆད། །
元灭金,绝宋世。
དབུས་སུ་གནས་བཅས་ཏེ། །ཞི་དྲག་མཉམ་དུ་སྤྱད། །
莅中国,兼戎翟。
བགྲང་བྱ་དགུ་བཅུ་ཐལ། །རྒྱལ་སྲིད་ཉམས་པར་གྱུར། །
九十年,国祚废。
ཐེ་ཙུའུ་དཔུང་སྟོབས་རྒྱས། །ཏཱ་མིང་རྒྱལ་ཁབ་བཙུགས། །
太祖兴,国大明。
རྟགས་ལ་ཧོང་ཝུའུ་ཟེར། །རྒྱལ་ས་ཅིན་ལིན་བཏབ། །
号洪武,都金陵。
རྒྱལ་པོ་ཁྲིན་ཙུའུ་སྐབས། །རྒྱལ་ས་ཡན་ཅིན་སྤོར། །
迨成祖,迁燕京。
གོང་མ་ཁྲུང་ཀྲིན་བར། །རྒྱལ་རབས་བཅུ་དྲུག་ཐལ། །
十六世,至崇祯。
དབང་ཁ་བློན་གྱིས་བསྒྱུར། །ཇག་འཁྱམས་རླུང་ལྟར་འཚུབ། །
权阉肆,寇如林。
ལིས་ཙི་ཁྲིན་གྱི་སྐབས། །ལྷ་ཆས་བསྲེགས་པར་བྱས། །
至李闯,神器焚。
ཆིང་རྒྱལ་ཐེ་ཙུའུ་ལ། །གནམ་གྱིས་བསོད་ནམས་བྱིན། །
清太祖,膺景命。
ཕྱོགས་བཞི་དབང་དུ་བསྒྱུར། །རྒྱལ་ཁམས་བདེ་ལ་བཀོད། །
靖四方,克大定。

(མུ་འགོད)
ཡོང་ཁུངས། རྨ་ལྷོའི་མི་རིགས་སྐད་ཡིག་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།