logo

དགེ་རྒན་ཆེན་མོ་སངས་རྒྱས་མཆོག་གིས་སྒྱུར་པའི་ཡིག་གསུམ་མདོ། ཁག་བཞི་པ།

རྩོམ་པ་པོ།:སངས་རྒྱས་ཀྱིས་སྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-07 ཀློག་གྲངས།:
ཡིག་གསུམ་མདོ།
(སུང) ཝང་དབྱིན་ལིན་གྱིས་བརྩམས།
སངས་རྒྱས་ཀྱིས་སྒྱུར།

(སྤེལ་ཐེངས་སྔོན་མའི་འཕྲོར་མཐུད)
དེབ་ཐེར་ཉེར་གཅིག་གིས། །རྒྱལ་རབས་མ་ལུས་བཀོད། །
甘一史,全在兹。

སྲིད་ཀྱི་དགེ་སྐྱོན་དང་། །དར་རྒུད་དེ་ལས་རྟོགས། །
载治乱,知兴衰。

དེབ་ཐེར་ཀློག་པའི་ཚེ། །དངོས་ཟིན་བརྟག་པར་བྱ། །
读史者,考实录。

གནའ་དེང་མཁྱེན་པའི་ཚུལ། །ལག་མཐིལ་རྫས་བཞིན་བྱ། །
通古今,若亲目。

 ཁ་ནས་ཀློག་པ་དང་། །སེམས་ནས་སྐྱོར་འཛིན་གྱིས། །
口而诵,心而惟。

ཞོགས་པར་དེ་བཞིན་དང་། །མཚན་ཡང་དེ་བཞིན་བྱ། །
朝于斯,夕于斯。

གནའ་ཡི་ཀྲུང་ཉིས་ཀྱིས། །ཤང་ཐོ་བཤེས་སུ་བསྟེན། །
昔仲尼,师项橐。

སྔོན་བྱོན་འཕགས་པ་དག །གུས་རྟག་བརྩོན་པའི་ཕུལ། །
古圣贤,尚勤学。

ཀྲའོ་ཀྲུང་ལིན་གྱིས་ནི། །ལོའུ་གཞུང་མཁས་པར་སྦྱངས། །
赵中令,读鲁论。

ཕྱིས་སུ་བློན་འཁུར་ཡང་། །ད་དུང་བསླབ་ལ་བརྩོན། །
彼既仕,学且勤。

རྩྭ་དང་སྨྱུག་མའི་སྟེང་། །བསྟན་བཅོས་བཤུས་པ་བཞིན། །
披蒲编,削竹简。

དཔེ་ཆ་དཀོན་ན་ཡང་། །སྦྱང་བརྩོན་བྱེད་པ་གཅེས། །
彼无书,且知勉。

སྐྲ་ལོ་གདུང་མར་བཏགས། །བརླ་ལ་སྙུང་བུས་གཙགས། །
头悬梁,锥刺股。

གཞན་གྱིས་མ་བསྐུལ་པར། །ངང་གིས་བརྩོན་པ་མཆོག །
彼不教,自勤苦。

གངས་དང་མེ་ཁྱེར་གྱི། །འོད་ལ་བརྟེན་པ་བཞིན། །
如囊萤,如映雪。

ཁྱིམ་ཚང་དབུལ་ན་ཡང་། །བསླབ་ལ་བརྩོན་པས་འཇུག །
家虽贫,学不辍。

བུད་ཤིང་འཐུ་ཞོར་དང་། །རྭ་བར་དཔེ་འགེལ་བཞིན། །
如负薪,如挂角。

ལུས་ངལ་ཆེ་ན་ཡང་། །དཔེ་ཀློག་བརྩོན་ཤུགས་འབར། །
身虽劳,犹苦卓。

སུའུ་ལོ་ཆོན་གྱིས་ནི། །རང་ལོ་ཉེར་བདུན་སྐབས། །
苏老泉,二十七。

གཞི་ནས་བརྩོན་འགྲུས་བརྩམས། །བསྟན་བཅོས་མང་དུ་བཀླགས། །
始发愤,读书籍。

དོན་མེད་རྒས་པའི་ཚེ། །འགྱོད་ཀྱང་འཕྱིས་དྲགས་པས། །
彼既老,犹悔迟。

ན་ཚོད་གཞོན་དུས་ནས། །བསླབ་ལ་གཞོལ་བར་རིགས། །
尔小生,宜早思。

ལེང་ཧོ་གྱ་གཉིས་སྟེང་། །གོང་མའི་ཕོ་བྲང་དུ། །
若梁灏,八十二。

ཡིག་ཚད་ཕུལ་བའི་ཚུལ། །ཀུན་ལས་ཁྱད་དུ་འཕགས། །
对大廷,魁多士。

སྔ་མར་སྦྱངས་པའི་འབྲས། །ཕུལ་བྱུང་ཉིད་དུ་གླེང་། །
彼既成,众称异。

ན་ཆུང་བློ་གསལ་དག །ཕུགས་བསམ་གཟུག་པར་རིགས། །
尔小生,宜立志。

ཙུའུ་དབྱིང་ལོ་བརྒྱད་ཚེ། །སྙན་ངག་ཤར་མར་རྩོམ། །
莹八岁,能咏诗。

ལིས་སྨིས་ལོ་བདུན་སྐབས། །མིག་མངས་རྩེད་ལ་མཁས། །
泌七岁,能赋棋。

དེ་འདྲའི་ཤེས་རབ་ལ། །ཀུན་གྱིས་ངོ་མཚར་འཛིན། །
彼颖悟,人称奇。

ན་ཆུང་བྱིས་པ་ཚོས། །མིག་དཔེར་བལྟ་བར་བྱ། །
尔幼学,当效之。

མཛེས་མ་ཚའེ་ཝིན་ཅིས། །རྒྱུད་མངས་སྦྲེང་ལ་མཁས། །
蔡文姬,能辩琴。

སྨན་ཤར་ཤེ་ཏོ་ཡུན། །སྙན་ངག་རྩོམ་ལ་བྱང་། །
谢道韫,能咏吟。

སྐྱེས་མ་དེ་དག་ནི། །བློ་རིག་རྣོ་ཞིང་གསལ། །
彼女子,且聪敏。

སྟག་ཤར་གཞོན་ནུ་ཚོས། །རང་ལ་གསལ་འདེབས་བྱ། །
尔男子,当自警。

ཐང་གི་ལིའུ་ཡན་ནི། །རང་ལོ་བདུན་ཕྲག་ཙམ། །
唐刘晏,方七岁。

བྱིས་པའི་འཕགས་པར་བཀུར། །གཞུང་ལ་དག་ཞུས་གནང་། །
举神童,作正字。

ན་ཚོད་ཕྲ་ན་ཡང་། །སྲིད་ཀྱི་ཆོ་ལོ་ཐོབ། །
彼虽幼,身已仕。

ན་ཆུང་སློབ་གཉེར་ཚོས། །དེ་བཞིན་བརྩོན་འགྲུས་བྱ། །
尔幼学,勉而致。

སྙིང་རུས་ལྡན་གྱུར་ན། །དེ་དང་དེ་བཞིན་འགྱུར། །
有为者,亦若是。

ཁྱི་ཡིས་མཚན་སྲུང་ཞིང་། །བྱ་ཕོས་ནམ་ཚོད་འཛིན། །
犬守夜,鸡司晨。

གཡེང་བས་དུས་འདའ་ན། །མི་ཚེ་དོན་མེད་འགྱུར། །
苟不学,曷为人。

སྲིན་བུས་དར་སྐུད་སྐྱུག །བུང་བས་སྦྲང་རྩི་གསོག །
蚕吐丝,蜂酿蜜。 

མི་ཡིས་མ་བསླབས་ན། །སྲོག་ཆགས་ལས་ཀྱང་དམན། །
人不学,不如物。

ཆུང་དུས་སློབ་གཉེར་བྱ། །ཚེ་ཚེ་རྒྱལ་ཁམས་འགྲིམ། །
幼而学,壮而行。

གོང་མར་སྲི་ཞུ་བྱས། །འབངས་ལ་ཕན་བདེ་སྒྲུབས། །
上致君,下泽民。

སྙན་གྲགས་ཀུན་ལ་ཁྱབ། །ཕ་མའི་ངོ་སོ་བསྟོད། །
扬名声,显父母。

སྔ་མར་དཔལ་གྱིས་བརྗིད། །ཕྱི་མར་དགེ་ཚོགས་སྐྲུན། །
光于前,裕于后。

མི་ཡིས་བུ་ཡི་སླད། །ཤུལ་ལ་གསེར་དངུལ་འཇོག །
人遗子,金赢满。

ང་ཡིས་བུར་བསླབས་པ། །བསྟན་བཅོས་འབའ་ཞིག་གོ །
我教子,惟一经。

འགྲུས་པས་དོན་ལྡན་འགྱུར། །གཡེང་བ་དོན་གྱིས་སྟོངས། །
勤有功,戏无益。

 གདམས་ངག་དེ་དག་ལ། །ཉམས་སུ་ལེན་པར་རིགས། །
戒之哉,宜勉力。
ཡོང་ཁུངས། རྨ་ལྷོའི་མི་རིགས་སྐད་ཡིག་སྤྱི་སྟེགས།
འབྲེལ་ཡོད་འོས་སྦྱོར།