ཅི་ཏེ་མཱ་ཅ་ཡི་སྙན་ངག
རྩོམ་པ་པོ།:ཅི་ཏེ་མཱ་ཅ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-26
ཀློག་གྲངས།:
ལོ་ཟླ།
ཅི་ཏེ་མཱ་ཅ།
ལུང་རིན་ཆེན་དང་ཨ་ལྡོང་དཔལ་ལྡན་ཐར་གྱིས་བསྒྱུར།
ལུང་རིན་ཆེན་དང་ཨ་ལྡོང་དཔལ་ལྡན་ཐར་གྱིས་བསྒྱུར།
རི་ཁྲོད་ཀྱི་ཁུ་བྱུག་སྔོན་མོས།
དུས་ནམ་ཞིག་ལ་ཚང་བཅའ་སྲིད་པ་ངས་ཤེས་ཡོད།
དེ་ནི་ཆེས་སྔ་བའི་དུས་ཀྱི་དོན་དག་ཅིག་རེད།
གལ་ཏེ་མི་ཞིག་གིས།
སྦྲང་མས་བྲག་རྡོ་གང་ཞིག་གི་སྟེང་དུ་གླུ་བླངས་སོང་ཞེས་དྲིས་ཚེ།
དྲང་བོར་བཤད་ན།
ངས་དེར་ལན་སླ་མོས་འདེབས་ཐུབ།
འབུ་ཆ་ག་བས་གར་སྟབས་བསྒྱུར་བ་གླེང་ཚེ།
དེར་འཕྲུལ་སྣང་གི་ཉི་འོད་ཁེངས་ཡོད་ནའང་།
འབུ་དེ་བྲ་བོ་འདེབས་སྐབས་ད་གཟོད་གྲགས་སྲིད།
ཀྱེ་ཧུད། མི་ཞིག་གི་དྲན་གདུང་ནི།
ལན་རེར་དངོས་གནས་ཡ་མཚན་རེད།
འདི་ཙམ་ངས་ཁག་ཁུར་བྱེད་ཐུབ།
གལ་སྲིད་ལས་དབང་གིས་ང་རང་།
སླར་ཡང་མཛེས་སྡུག་གི་ཕ་ཡུལ་དུ་ཕྱིར་ལོག་ཚེ།
ངས་མིག་ཟུང་བཙུམས་ཀྱང་།
རྒྱང་རིང་གི་གསལ་ལ་མི་གསལ་བའི་སྒྲ་དེ།
ན་ཆུང་མའི་སྨད་གཡོགས་ལས་བྱུང་བའམ།
ཡང་ན་རི་ངོས་ན་ཡན་པའི་ནོར་ལུག་གི་སྐྱུག་ལྡད་གང་ཡིན་གསལ་བོར་འབྱེད་ཐུབ།
ཡོང་ཁུངས། མེ་ལྕེ་དང་ཐ་སྙད།
འབྲེལ་ཡོད་འོས་སྦྱོར།