logo

བུ་ལ་གདམས་པའི་སྤྲིངས་ཡིག

རྩོམ་པ་པོ།:ལྷ་མོ་སྐྱབས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-26 ཀློག་གྲངས།:
བུ་ལ་གདམས་པའི་སྤྲིངས་ཡིག
ཀྲུའུ་ཀི་ལིང་གིས་བརྩམས།
ལྷ་མོ་སྐྱབས་ཀྱིས་བསྒྱུར།

       དམ་པས་བློ་སེམས་རྣལ་དུ་ཕབ་ནས་ལུས་སེམས་གསོ། །རྒྱུ་ལ་གྲོན་ཆུང་བགྱིས་ཏེ་ཡ་རབས་སྤྱོད་བཟང་སྐྱོང་། །འདོད་ཆུང་ཆོག་ཤེས་དང་བྲལ་འདུན་མ་རྨོངས། །འགལ་རྐྱེན་མ་བཟློགས་གཏན་འདུན་འགྲུབ་མི་འགྱུར། །རིག་པ་སློབ་དུས་བློ་རྩེ་གཅིག་ཏུ་སྒྲིམས། །འཇོན་ཐང་མ་ལུས་བརྩོན་པའི་རྗེས་སུ་འགྲོ། །རིག་པ་མ་བསླབས་འཇོན་ཐང་འཕེལ་མི་སྲིད། །འདུན་མ་མི་གསལ་བསླབས་ཀྱང་འབྲས་མི་འབྱུང་། །ལེ་ལོ་བག་མེད་དབང་གིས་སེམས་ཤུགས་ཉམས། །ཧོལ་རྒྱུག་ངང་ཐུང་རང་རྒྱུད་འདུལ་མི་ནུས། །ལང་ཚོ་མི་སྡོད་ནམ་མཁའི་འཇའ་བཞིན་ཡལ། །སྙིང་རུས་མི་བརྟན་མར་ངོའི་ཟླ་ལྟར་འགྲིབ། །ཐ་མར་མི་ཚེ་དོན་མེད་རྫོགས་པར་ངེས། །འཇིག་རྟེན་བྱ་བ་ཀུན་ལ་མི་འཇུག་གང་། །ཕལ་ཆེར་རང་གི་གཟིམ་ཤག་ཆུང་ངུ་རུ། །འགྱོད་པས་གདུང་ཡང་དེ་དུས་འཕྱི་བ་ཉིད། །
       ལེགས་རྩོམ་འདི་ནི་སྤྱི་ལོ234ལོར་ཀྲུའུ་ཀི་ལིང་གིས་རང་གི་ཤ་ལས་མཆེད་ཅིང་དགུང་ལོ་བརྒྱད་ལ་སོན་པའི་བུ་ཀྲུའུ་ཀི་ཏྲན་ལ་གདམས་པའི་སྤྲིངས་ཡིག་ཅིག་ཡིན། ཀྲུའུ་ཀི་ལིང་གིས་སྐུ་ཚེ་ཧྲིལ་བོར་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཧྲུའུ་ཧན་རྒྱལ་ཁབ་ཀྱི་བྱ་གཞག་གོང་ནས་གོང་དུ་དར་སྤེལ་བཏང་ཡང་རང་གི་བུ་ཀྲུའུ་ཀི་ཏྲན་ལ་སྐུ་དངོས་སུ་ཁ་ཏ་སློབ་གསོ་གཏོང་བའི་ཁོམ་ལོང་མ་བྱུང་བས་ཁོང་གིས་སྤྲིངས་ཡིག་འདི་མཛད་དེ་རང་གི་གཅེས་པའི་བུ་ཆུང་ཀྲུའུ་ཀི་ཏྲན་ལ་ལེགས་ཉེས་བླང་དོར་གྱི་ཚུལ་གདམས་པའོ། །

《诫子书》
       夫君子之行,静以修身,俭以养德。非淡泊无以明志,非宁静无以致远。夫学须静也,才须学也,非学无以广才,非志无以成学。慢则不能励精,险躁则不能治性。年与时驰,意与日去,遂成枯落,多不接世,悲守穷庐,将复何及!
འབྲེལ་ཡོད་འོས་སྦྱོར།