གལ་ཆེ་བ་ནི་མི་ཚུལ་ལྡན་ཞིག་བྱ་རྒྱུ་དེ་ཡིན། ཀྲོའུ་ཀོ་ཕིང་གིས་བརྩམས།
རྩོམ་པ་པོ།:པདྨ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:སྒང་ལམ་པའི་འཕྲིན་སྟེགས།
དུས་ཚོད།:2023-11-07
ཀློག་གྲངས།:
མི་ཞིག་འཇིག་རྟེན་འདིར་གནས་པ་ལ་ཟ་བ་དང་ཉལ་བ་ལས་གཞན་བྱ་བ་སྒྲུབ་པ་དང་མི་གཞན་ལ་འབྲེལ་འདྲིས་བྱེད་པ་ལས་མ་འདས་ཏེ། དེ་དག་གིས་འཚོ་བའི་ནང་དོན་གཙོ་བོ་གྲུབ། བྱ་བ་བསྒྲུབ་པ་ལ་འཚོ་ཐབས་གཉེར་ཕྱིར་སྒྲུབ་པའི་བྱ་བ་སྟེ་ཆེད་གཉེར་ལས་རིགས་དང་། དགའ་ཕྱོགས་དང་སྤྲོ་བ། ཕུགས་འདུན་དང་ཧམ་སེམས། འགན་འཁྲིའི་སེམས་པ་སོགས་ཀྱི་ཆེད་དུ་སྒྲུབ་པའི་དོན་གཉེར་ལས་རིགས་གཉིས་ཡོད། མི་གཞན་ལ་འབྲེལ་འདྲིས་བྱེད་པ་ལ། གྲོགས་པོ་ཕན་ཚུན་དང་ཁྱིམ་མཚེས་གཡས་གཡོན། ད་དུང་སྤྱི་ཐུན་འབྲེལ་བ་ཞེས་བྱའི་འབྲེལ་བ་དང་། ཁྲག་རྒྱུད་དང་འདོད་དགའི་དབང་གིས་གྲུབ་པའི་མཛའ་འཁྲེན་དང་གཉེན་སྒྲིག། ཁྱིམ་ཚང་སོགས་ཀྱི་འབྲེལ་བའང་འདུའོ། །འདི་གཉིས་ཀ་མིས་མཐོང་ཐུབ་པའི་སྤྱོད་པར་ཟད་ཅིང་། འདི་གཉིས་ཀར་རྒྱལ་ཁ་ཐོབ་མི་འཐོབ་ཀྱི་གནད་དོན་ཞིག་ཀྱང་མཆིས། གལ་སྲིད་ཁྱོད་རང་ཕྱོགས་འདི་གཉིས་ཀར་ཁ་ལས་དགེ་བ། དཔེར་ན་ཕྱོགས་གཅིག་ནས་འདོད་དོན་གྲུབ་ཅིང་མཚན་སྙན་རྒྱས་པ། ཕྱོགས་གཅིག་ཏུ་ཁྱིམ་ཚང་བདེ་ཞིང་གྲོགས་པོ་མང་པ་ཡིན་ན། ཁྱོད་རང་སྤྱི་ཚོགས་སུ་རྒྱལ་ཁ་ཐོབ་ཡོད་ཅེས་གླེང་ཆོག་ལ། ཐ་ན་ཁྱོད་ཀྱི་འཚོ་བ་བདེ་ཞིང་སྐྱིད་དོ་ཞེས་སྨྲས་ཀྱང་མི་རུང་བ་མེད་དེ། གཞན་གྱི་མིག་ལམ་དུ་ཁྱོད་ནི་ཡིད་སྨོན་འཆོར་སའི་ལས་ཅན་ཞིག་ཡིན། གལ་སྲིད་དེ་ལས་ལྡོག་ན། རང་གཞན་གཉིས་ཀས་ཁྱོད་ནི་ལས་ངན་ཞིག་ཏུ་འདོད། འདི་ལྟར་བཤད་ཚེ། བྱ་བ་སྒྲུབ་པ་དང་འབྲེལ་འདྲིས་བྱེད་པར་རྒྱལ་ཁ་ཐོབ་པ་ནི་འཚོ་བའི་སྤུས་ཀ་འཇལ་བྱེད་ཀྱི་ཚད་གཞི་གཙོ་བོ་ཡིན་པ་འདྲའོ། །
ཡིན་ནའང་། མཐོང་ཐུབ་པའི་བྱ་སྤྱོད་ལས་གཞན་མཐོང་མི་ཐུབ་པ་ཞིག་ཀྱང་ཡོད་དེ། ངས་བལྟས་ན་དེ་ནི་བྱ་བ་སྒྲུབ་པ་དང་འབྲེལ་འདྲིས་བྱེད་པ་གཉིས་ལས་ཀྱང་གལ་ཆེ་སྟེ། མི་ཚེ་འདིར་ཆེས་གལ་ཆེ་བ་ཡིན་ལ། དེ་ནི་མི་ཚུལ་ལྡན་ཞིག་བྱ་རྒྱུ་དེའོ། དོན་དངོས་སུ་མི་བྱ་རྒྱུ་ནི་བྱ་བ་སྒྲུབ་པ་དང་འབྲེལ་འདྲིས་བྱེད་པ་ལས་གཞན་པའི་བྱ་སྤྱོད་ཡན་གར་བ་ཞིག་མ་ཡིན་པར། འདི་གཉིས་ཀྱི་ནང་དུ་འདུ་ཞིང་འདི་གཉིས་ཀའི་ཁྲོད་དུ་ཐིམ་པ། བྱ་བ་དང་འབྲེལ་འདྲིས་བྱེད་པ་བརྒྱུད་ནས་ཕྱིར་མངོན་པའི་འཚོ་བའི་རྣམ་འགྱུར་གྱི་སྤྱི་ཁོག་ཅིག་ལ་བྱའོ། །
མི་བྱེད་པ་དང་བྱ་བ་བྱེད་པ་གཉིས་ཀྱི་འབྲེལ་བའི་ཐད་ནས་བཤད་ན། མི་བྱེད་པ་ལ་བྱ་བ་ཅི་ཞིག་བྱེད་པ་དང་བྱ་བ་ག་ཚོད་བྱས་ཟིན་པའི་སྟེང་ནས་གཙོ་བོར་མི་ལྟ་སྟེ། དཔེར་ན་རིག་གཞུང་གི་བྱ་བ་བྱེད་པའམ་ཚོང་ལས་གཉེར་བ་གང་ཡང་ཆོག་ལ། དེ་དག་བསྒྲུབས་པའི་ཚད་ཀྱང་ག་འདྲར་སླེབས་པ་ལ་མི་ལྟ་བར། བྱ་བ་བྱེད་པའི་ཐབས་དང་རྣམ་འགྱུར་གཙོ་བོར་འཛིན་པ་ལྟ་བུའོ། མི་ཞིག་གིས་བྱ་བ་རིགས་འདི་གཉིས་ཀྱི་གང་ཞིག་བསྒྲུབས་ཀྱང་། ཁྱབ་རྒྱ་ཆེ་རུང་ཆུང་རུང་། ཁོ་མི་ཚུལ་ལྡན་ཞིག་ཡིན་སྲིད་ལ། མི་ཐ་ཤལ་ཞིག་ཀྱང་ཡིན་སྲིད། གཙོ་བོ་ཁོས་བྱ་བ་ཇི་ལྟར་སྒྲུབ་པ་ལ་ལྟ་བ་ཡིན། རིག་གཞུང་ལས་རིགས་ཀྱི་མི་ཁ་ཅིག་གིས་ཚོང་ལས་གཉེར་མཁན་རྣམས་ལ་ཤིན་ཏུ་སྣང་ཆུང་བྱེད་ཅིང་། རང་ཉིད་ཀྱིས་ད་དུང་ཡང་རིག་གཞུང་ཞིབ་འཇུག་གི་བྱ་བ་སྒྲུབ་ཀྱིན་འདུག་བསམ་ནས་གཟི་རྔམ་གྱི་བཟོ་ལྟ་ཞིག་སྟོན་ཡང་། དོན་དངོས་སུ་ཚོང་བ་དང་མཁས་པ་གང་ཡིན་ཡང་། དེ་གཉིས་ཀའི་ཁྲོད་དུ་མི་བཟང་བོ་ཡོད་ལ་མི་ངན་པའང་ཡོད་པས། མཐའ་གཅིག་ཏུ་སྨྲ་མི་འོས་སོ། །མཁས་པར་རློམ་པ་ཁ་ཤས་ནི་རང་ཉིད་ལ་དམིགས་པའམ་དང་བྱས་རྗེས་ངོ་མ་མེད་ཀྱང་། ནམ་རྒྱུན་ཁེ་སྤོགས་ཁོ་ན་བསམ་ནས་དུས་ཀྱི་རྗེས་ཨེ་ཆོད་ལྟ་བའམ་རང་ངོམ་འབའ་ཞིག་དོན་དུ་གཉེར་བས། རུས་པའི་གཏིང་དུ་སྤྱིར་བཏང་གི་ཚོང་བ་ལས་ཀྱང་གཡོ་ཁྲམ་ཆེ།
མི་ཞིག་གིས་གཞན་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་ཁོ་མི་ག་འདྲ་ཡིན་པ་ཤེས་ཐུབ་ལ། འདི་ཁོ་མི་བཟང་མི་བཟང་ངམ་གྲོགས་པོ་མང་མི་མང་། ཡང་ན་ཁོ་དང་གཞན་བར་གྱི་འབྲེལ་བ་འཆམ་མཐུན་ཡིན་མིན་སོགས་ཀྱིས་ཐག་མི་ཆོད་དེ། མི་བཟང་བོར་ལྟ་བ་ནི་གཤིས་རྒྱུད་ཞི་འཇམ་ཡིན་པས་སྲིད་ལ། གཞན་ལ་བསྟུན་མཁས་པའི་རྐྱེན་ཡང་ཡིན་སྲིད་པས། རང་སྟེང་ནས་དོན་དག་གསལ་བཤད་བྱ་མི་ཐུབ་བོ། །མིའི་བར་གྱི་འགྲོ་འོང་ཐད་ཁུང་ཙི(孔子)ཡིས་གཞན་ལ་ཡིད་རྟོན་ཡོད་དགོས་ཞེས་ནན་དུ་གསུངས་པ་ལ་ངས་བལྟས་ན་འགྲིག་གི་འདོད། གཞུང་རྒྱུད་དྲང་མི་དྲང་དང་གཞན་མགོ་སྐོར་མི་སྐོར་གྱི་ཐད་ནས་མི་ཞིག་གི་རྒྱུ་སྤུས་མཐོང་ཐུབ་སྟེ། མི་ཞིག་ལ་གྲོགས་པོ་སའི་རྡུལ་གྲངས་དང་མཉམ་པ་ཞིག་ཡོད་ནའང་། གལ་ཏེ་ཁོས་དེ་དག་ཁྲོད་ཀྱི་གྲོགས་པོ་གཅིག་ལ་གཡོ་སྒྱུ་བསྟན་པའམ་དམ་ཚིག་དང་རྒྱབ་འགལ་བྱས་ན། ཁོ་ནི་གྲོགས་པོ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་ཞིག་ཡིན་པ་ལ་ཐེ་ཚོམ་ཟ་ཆོག་སྟེ། རྒྱུ་མཚན་ཁོ་གྲོགས་པོ་གཞན་དག་ལའང་བློ་མི་ལོག་པའི་ངེས་པ་གང་ཡང་མེད་དོ། གྲོགས་པོ་བསྒྲིགས་ཀྱང་བློ་གཏད་མེད་ན། འཕྲལ་གྱི་འདོད་དོན་འགྲུབ་ཀྱང་། མི་གཞིའི་ཐད་ཕམ་ཁ་ཆེན་པོ་མྱངས་ཡོད།
བྱ་བ་བྱེད་པ་དང་མི་བྱེད་པ་སྟེ། གོ་ས་དང་རྒྱུ་ནོར་དང་སྙན་གྲགས་ཕྱོགས་ཀྱི་མྱོང་བ། ཡང་ན་ཕོ་མོའི་བརྩེ་དུང་དང་གཉེན་སྒྲིག་དང་ཁྱིམ་ཚང་ཕྱོགས་ཀྱི་མྱོང་བ་གང་ཡང་རུང་། ལེགས་པར་འཁྱོངས་མི་འཁྱོངས་དེ་ནམ་རྒྱུན་ཕྱིའི་རྒྱུ་རྐྱེན་གྱིས་ཚོད་བཟུང་བ་ལས་རང་ཉིད་ཀྱིས་ཚོད་འཛིན་བྱར་མི་བཏུབ་པས། མི་ཚེའི་དམིགས་འབེན་གཙོ་བོའང་འདིར་བལྟ་མི་འོས་ཤིང་། མི་ཞིག་གིས་རང་ཉིད་ཀྱིས་ཚོད་འཛིན་བྱ་མི་ཐུབ་པ་དེ་དག་མི་ཚེའི་དམིགས་འབེན་གཙོ་བོར་འཛིན་ག་ལ་རིགས། མི་ཞིག་གིས་ཚོད་འཛིན་བྱ་ཐུབ་པ་ནི་ཕྱི་རོལ་གྱི་མྱོང་བ་འདི་དག་ལ་བཅངས་པའི་རྣམ་འགྱུར་ཏེ། གོ་སླ་བར་བཤད་ན་མི་ཅི་འདྲ་ཞིག་བྱ་རྒྱུ་དེ་ཡིན། འཇིག་རྟེན་དུ་འཚོ་བ་ལ་ཆེས་གལ་ཆེ་བ་ནི་སྐྱིད་མི་སྐྱིད་དེ་མིན་ལ། སྐྱིད་མི་སྐྱིད་གང་ཡང་རུང་མི་གཞུང་དྲང་དང་ལ་རྒྱ་ཅན་ཞིག་ཏུ་ཨེ་འགྱུར་བལྟ་རྒྱུ་དེའོ། །མི་ཚུལ་ལྡན་ཞིག་བྱ་རྒྱུ་ནི་བྱ་བཞག་དང་མཛའ་བརྩེ་གཉིས་ལས་ཀྱང་གལ་ཆེ་བ་ངས་དངོས་གནས་སེམས་ཀྱིན་ཡོད། ཁེ་གྲགས་དང་བརྩེ་དུང་གི་ཁྱབ་ཁོངས་སུ་ཁྱོད་ཀྱི་འདོད་དོན་ཡོངས་སུ་གྲུབ་ཀྱང་། གལ་སྲིད་ཁྱོད་རང་མི་བྱ་རྒྱུའི་ཐད་ཕམ་ཁ་བྱུང་ན། ཁྱོད་ཀྱི་མི་ཚེ་ལའང་སྤྱིའི་ཆ་ནས་ཕམ་ཁ་བྱུང་སོང་། ཆེས་གལ་ཆེ་བ་ནི་མིའི་སེམས་སུ་གོ་གནས་ག་ཚོད་ཟིན་པའམ་མི་སུ་དང་མཉམ་དུ་འཚོ་བ་རོལ་བ་མིན་པར། ཁྱོད་ནི་དོན་དུ་མི་ག་འདྲ་ཞིག་ཡིན་པ་དེ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།