logo

འགྱུར་རྩོམ་ཁག་གཉིས།

རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-11-21 ཀློག་གྲངས།:
གོ་ཐོས་ལ།
ཞི་མུའུ་རུང་གིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།

གལ་སྲིད་ཁྱེད་ཉིད་ཡུལ་ཕྱོགས་ངེས་མེད་དུ་གྱར་བ་ངའི་ཆེད་ཡིན་ན།
ཁོ་བོ་དུས་ཀྱི་ཉམ་ང་ལྕི་བའི་ཁྱེད་ཀྱི་ཞལ་ལ་ཅིའི་མི་དགའ།

གལ་སྲིད་ཁྱེད་ཀྱིས་དུས་ཀྱི་ན་ཟུག་མང་པོ་ངའི་ཕྱིར་བསྟིམས་པ་ཡིན་ན།
ཁོ་བོ་ཁྱེད་ཀྱི་ཉམས་སྣང་ཤོར་བའི་བརྩེ་བ་དེར་ཅིའི་མི་དུངས།

ཁོ་ཚོས་བཤད་ན་ཁྱེད་ཀྱི་ལང་ཚོའི་གཟི་མདངས་ཉམས་ཏེ་ཕ་བོང་བཞིན་སྲ་ཞིང་མཁྲེགས་ལ་འཁྱགས་སིབ་སིབ་ཀྱི་ཚོར་བ་སྦྱིན་ཟེར།
འོན་ཏེ། ཁོ་བོ་ཁྱེད་ཀྱི་ཆེས་ཟབ་ས་དང་གཉོམ་སའི་ཡིད་ཀྱི་ཐིག་ལེར་ཡིབས་ནས། འཇམ་ཅག་གེར་བརྩེ་བའི་མིག་ཆུ་འབྱིན་ཅིང་ཕྲག་དོག་གི་ཀུ་མུད་དགོད་བཞིན་པ་སུ་ཡིས་རྟོགས།
རེ་འདུན་ནི་གཤོག་པ་ཐོགས་པའི་བྱིའུ་ཞིག
ཏི་ཅིན་སེན་གྱིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།

རེ་འདུན་ནི་བྱིའུ་ཞིག་སྟེ།
ཡིད་ཀྱི་གཏིང་རིམ་ལ་གནས་བཅས་ཤིང་།
འབྲུ་མེད་པའི་གདངས་སྙན་མོ་དབྱངས་ལ་བསྐྱོད་བཞིན།
རྒྱུན་ཆགས་པའི་ཀྱུར་ཀྱུར་མགྲིན་གླུ་རུས་རྐང་ལ་བསྟིམས།
ཟིང་ལོང་གི་འདུ་འགོད་འཚུབ་དུས་རྣ་བའི་བཅུད་དུ་སྨིན་ཞིང་།
སྐྱེ་བོ་གྲངས་མེད་ཀྱི་ཕུགས་བསམ་ལ་ངར་ཁ་ལྡུད།
འཇིགས་རུང་ཐལ་རླུང་གི་འཇབ་རྒོལ་ཐེབས་ནའང་།
བྱིའུ་ལ་བག་འཁུམ་དང་འཇིགས་སྣང་ཡེ་ནས་མེད་ལ།
ང་དང་གྲིབ་མའི་རི་མོ་གཤིབས་པ་བཞིན་མཉམ་པར་འགྲོགས་ཏེ།
བརྩེ་བའི་གླུ་སྐད་སྙན་མོས་སེམས་ཁོང་ལ་དྲོད་ཐིག་ཕབ།
དཀའ་སྡུག་གི་གནས་བབ་གང་ལ་འཕྲད་ཀྱང་།
གཞན་རྟེན་གྱི་བསམ་པ་རྡོག་ཙམ་ཡང་མེད་དོ། །
འབྲེལ་ཡོད་འོས་སྦྱོར།