བྱིས་པའི་བསམ་སྤྱོད་འོས་འཚམ་ངང་ཕྱིར་འདོན་པར་ཇི་ལྟར་སྣེ་ཁྲིད་དགོས།
རྩོམ་པ་པོ།:ཆན་ཀྲུ་ལང་གིས་བརྩམས། སྐལ་བཟང་ད
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-12-22
ཀློག་གྲངས།:
མི་སེམས་ནི་མ་གཞི་ནས་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་པས། རང་ཉིད་ཀྱི་བསམ་སྤྱོད་འོས་ཤིང་འཚམ་པའི་ངང་ཕྱིར་མངོན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ལ། བསམ་སྤྱོད་མངོན་པའི་ནུས་པ་ཞེས་པ་དེ་ནི་མིའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་བྱེད་པའི་ཁྲོད་རང་ཉིད་ཀྱི་བསམ་ཚུལ་མི་མཐུན་པ་དང་སྤྱོད་ལམ་མི་ལེགས་པ། དགའ་སྐྱོ་ཆགས་སྡང་གི་བསམ་སྤྱོད་ཡང་དག་པར་ཕྱིར་མངོན་པར་བྱེད་པའི་ནུས་པ་དེ་ལ་གོ བསམ་སྤྱོད་ལ་བཟང་ངན་གྱི་དབྱེ་བ་འབྱེད་དཀའ་མོད། འོན་ཀྱང་དེ་ལ་དགེ་མཚན་ལྡན་མིན་གྱི་སེམས་ཁམས་རིགས་གཉིས་སུ་ཕྱེ་ཆོག་པར་མ་ཟད། སེམས་ཁམས་འགྱུར་ལྡོག་གིས་བསླངས་པའི་བསམ་སྤྱོད་ལ་བཟང་ངན་གྱི་ཁྱད་པར་ཡོད་དེ། དཔེར་ན། གལ་ཏེ་ཨ་མས་བྱིས་པར་མཁོ་བའི་རྩེད་ཆས་མ་ཉོས་ཚེ། བྱིས་པ་ཁོང་ཁྲོ་ལངས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་། ཁོང་ཁྲོ་ལངས་རྗེས་གཞན་གྱི་རྩེད་ཆས་དང་ཨ་མར་རྡོག་ཐོ་རྒྱག་པ་ནི་བསམ་སྤྱོད་མི་ལེགས་པའི་སྤྱོད་ལམ་ངན་པ་ཞིག་རེད། ཡིན་ནའང་། བྱིས་པར་དེ་འདྲའི་བསམ་སྤྱོད་བྱུང་སྐབས། ཕ་མས་དེ་མ་ཐག་བསམ་སྤྱོད་དེ་མེད་པར་མི་བཟོ་བར་བྱིས་པར་བསམ་སྤྱོད་འོས་འཚམ་ངང་ཕྱིར་འདོན་པར་རམ་འདེགས་བྱེད་དགོས།
བྱིས་པར་བསམ་སྤྱོད་མི་ལེགས་པ་བྱུང་སྐབས་ཐད་ཀར་མགོ་གནོན་ཐབས་མི་བྱེད་པར། དེ་ཇི་ལྟར་སེལ་བའི་ཐབས་ཤེས་མང་པོ་འཚོལ་དགོས་ཤིང་། གལ་ཏེ་ཕ་མ་དང་དགེ་རྒན་གྱིས་བྱིས་པའི་བསམ་ཚུལ་ལ་རྒྱུས་ལོན་མེད་པ་དང་། བྱིས་པའི་བསམ་སྤྱོད་ཕྱིར་འདོན་བྱས་ཚེ་དེ་མ་ཐག་སྐྱོན་བརྗོད་བྱེད་སླ་བའི་སྐབས་སུ། བྱིས་པར་ཡང་ཞོར་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་དེ། བྱིས་པའི་སེམས་སུ་མི་རྣམས་ལ་སེམས་ཁམས་འགྱུར་ལྡོག་གི་བསམ་སྤྱོད་མི་ལེགས་པ་ཡོད་མི་རུང་སྙམ་པའི་ལྟ་ཚུལ་འབྱུང་ངེས་ཤིང་། རྗེས་ཕྱོགས་བསམ་སྤྱོད་དེ་འདྲ་འབྱུང་སྐབས་སུའང་། བསམ་སྤྱོད་མི་ལེགས་པ་བྱུང་ཚེ་ནམ་རྒྱུན་ཕ་མ་དང་དགེ་རྒན་ལ་བཤད་མི་ཕོད་པར་རང་སེམས་ལ་གནོན་ཅི་ཐུབ་བྱེད་སྲིད་པས། གལ་ཏེ་བྱིས་པས་རང་གི་བསམ་སྤྱོད་དང་དྲན་ཚུལ་གང་ཡིན་པ་དེ་ཕ་མར་ཤེས་སུ་མི་འཇུག་པར་ཡིད་ལ་འཛིན་ཡུན་རིང་ཚེ། སེམས་ཁམས་བརྟན་འཇགས་སུ་གནས་མི་ཐུབ་པས། ཚད་ལས་བརྒལ་བའི་བསམ་སྤྱོད་ངན་པ་དང་བྱེད་ཐབས་མི་འོས་པར་བརྟེན་ནས་སེམས་ལ་ཡུན་རིང་ཉར་བའི་བསམ་ཚུལ་མ་བཟོད་པར། ཕྱིར་མངོན་པའམ་སེལ་ཐབས་བྱེད་ངེས། དེ་ལྟར་བྱས་ཚེ་བྱིས་པར་གནོད་འཚེ་དང་གནད་དོན་ཚབས་ཆེན་འབྱུང་སྲིད།
སེམས་ཁམས་རིག་པ་བ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། ནམ་རྒྱུན་རང་གི་བསམ་སྤྱོད་དང་དྲན་ཚུལ་ཕ་རོལ་བར་བརྗོད་མི་འདོད་པར་ཡིད་ལ་སྦས་པའི་མི་དང་། རང་སེམས་མི་སྐྱིད་པ་གང་ཡིན་པ་དེ་གཞན་ལ་བཤད་ཐུབ་མཁན་གྱི་མི་གཉིས་བསྡུར་ཚེ། སྔ་མ་དེ་ལ་སྐྲན་ནད་ཕོག་ཚད70%ཡིས་མཐོ་བར་མ་ཟད། སེམས་སྡུག་སྐབས་གཞན་པར་འབྲེལ་འདྲིས་དང་ཁ་བརྡ་མི་བྱེད་པར་རང་གཅིག་པུས་ཁོག་ཏུ་སྦས་ནས་སྡུག་བསྔལ་མྱོང་བ་དང་། ངུ་འདོད་ཀྱང་མི་ངུ་བར་བཟོད་བསྲན་ཁོ་ན་བྱས་ཚེ་དབུགས་ལམ་མ་ལག་གི་ནད་རིགས་འབྱུང་སླ་བར་བཤད་ཅིང་། སེམས་ཁམས་མི་སྐྱིད་པ་དེ་བསྲན་ཐབས་བྱས་ཚེ། སྙིང་གི་ཁྲག་རྩ་འགག་པའི་ནད་རིགས་འབྱུང་སླ་ཞིང་། མུ་མཐུད་དུ་བཟོད་བསྲན་བྱས་ཚེ་ནད་རིགས་ཇེ་སྡུག་ཏུ་འགྲོ་སླ་བ་ཡིན། མི་ཞིག་གིས་སེམས་ཀྱི་ན་ཟུག་བཟོད་བསྲན་བྱས་པ་ནི་ཕྱི་ནང་གཉིས་ཀྱི་སྤྱོད་ལམ་ལས་མངོན་ཐུབ་པ་སྟེ། ནང་གི་སྤྱོད་ལམ་ནི་གཙོ་བོ་རང་གིས་རང་ཉིད་སྡུག་ལ་སྦྱར་བའི་སྟེང་ནས་མཚོན་པ་ཡིན་ཏེ། དཔེར་ན། ནམ་རྒྱུན་རང་གིས་རང་ལ་ལེ་བདའ་དང་སེམས་མི་སྐྱིད་པའི་སྣང་ཚུལ་འབྱུང་བ་དེར་གོ་དགོས། ཕྱིའི་སྤྱོད་ལམ་ནི་གཙོ་བོ་མི་གཞན་པར་གནོད་པའམ་འཚེ་བའི་སྤྱོད་ཚུལ་ལས་མངོན། དཔེར་ན། གཤིས་རྒྱུད་རྩུབ་ཅིང་གཞན་ལ་གནོད་པ་དང་། ཚབས་ཆེ་དུས་སྤྱི་ཚོགས་དང་ཉེས་མེད་ཀྱི་མི་རྣམས་ལའང་གནོད་འཚེ་འབྱུང་སྲིད།
བྱིས་པར་བསམ་སྤྱོད་འོས་འཚམ་ངང་ཕྱིར་འདོན་པར་རམ་འདེགས་བྱེད་དགོས་པ་དང་། ང་ཚོས་ཇི་ལྟར་བྱིས་པར་རང་ཉིད་ཀྱི་སེམས་ཁམས་འགྱུར་ལྡོག་གི་བསམ་ཚུལ་ཕྱིར་འདོན་པར་རམ་འདེགས་བྱེད་དགོས་ཤེ་ན། གཅིག་ནས་ཕ་མས་སློབ་གསོ་གཏོང་ཐབས་ལ་བརྟེན་ནས་བྱིས་པའི་བསམ་སྤྱོད་མངོན་པའི་སེམས་ཁམས་ཇེ་ལེགས་སུ་གཏོང་དགོས་ཏེ། བྱིས་པར་རང་ཉིད་ཀྱི་དྲན་ཚུལ་དང་སྤྱོད་ལམ་དང་ལེན་བྱེད་དུ་འཇུག་པ་དང་། རང་ཉིད་ལ་བརྩི་འཇོག་དང་མི་གཞན་ལ་བཟོད་སྒོམ། གཞན་གྱི་མི་ཆོས་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དུ་བཅུག་ཚེ། བྱིས་པས་རང་ཉིད་ལ་ལེ་བདའ་དང་བསམ་ཚུལ་མི་འོས་པ་མི་འབྱུང་བར་ནང་སེམས་ནས་རང་ཉིད་དང་མཐུན་པོར་གནས་ཐུབ། གཉིས་ནས་བྱིས་པ་ཆུང་ཆུང་ཚོར་མཚོན་ན། རོལ་རྩེད་ཁྲོད་བྱིས་པའི་བསམ་སྤྱོད་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ། རོལ་རྩེད་ཀྱི་གོ་རིམ་ཁྲོད་རང་ཉིད་ཀྱི་མྱོང་ཚོར་དང་དགོས་མཁོ་ཕྱིར་མངོན་པར་རམ་འདེམས་བྱེད་དགོས་པར་མ་ཟད། ད་དུང་འོས་འཚམ་ངང་རང་ཉིད་ཀྱི་བསམ་སྤྱོད་ཕྱིར་འདོན་དུ་བཅུག་སྟེ། སེམས་ཁམས་སྙོམས་སྒྲིག་བྱེད་པར་རམ་འདེགས་བྱེད་དགོས། གསུམ་ནས་བྱིས་པའི་བསམ་སྤྱོད་ཕྱིར་འདོན་སའི་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པ་སྟེ། དཔེར་ན། བྱིས་པ་ཕྱི་ནས་དཀའ་ཁག་དང་གནད་དོན་ལ་འཕྲད་དུས་བསམ་ཚུལ་དེ་གཞན་ལ་བརྗོད་ས་མེད་པས། ཕ་མ་ནི་ཁོ་ཚོའི་ཡིད་ཆེས་བྱེད་ས་དང་། ཞུ་གཏུག་བྱེད་ས་ཉག་གཅིག་ཡིན་ཞིང་། བསམ་སྤྱོད་མངོན་སའི་དུས་ཚོད་དང་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་ཏེ་ཁོ་ཚོའི་སེམས་གཏམ་བརྗོད་ཡུལ་བྱེད་དགོས། གལ་ཏེ་བྱིས་པར་སློབ་གྲྭ་ནས་ཧ་ཅང་གནོན་ཤུགས་ཆེ་བ་དང་ཕྱིར་ཁྱིམ་དུ་ལོག་ན་ཕ་མས་ཀྱང་རེ་བ་ནན་མོ་འདོན་པ་ལས་སེམས་ཁམས་ཀྱི་འགྱུར་ལྡོག་གི་བསམ་ཚུལ་བརྗེ་རེས་མི་བྱེད་པ་དང་། བྱིས་པའི་བསམ་ཚུལ་དང་སེམས་ཁམས་བདེ་ཐང་ལ་དོ་སྣང་གང་ཡང་མ་བྱས་ཚེ། བྱིས་པས་ནམ་རྒྱུན་རང་ཉིད་ཀྱི་དཀའ་སྡུག་གི་བསམ་ཚུལ་ཕ་མར་མི་བཤད་པར་བག་ལ་ཞ་ནས་འདུག་སྲིད་པས། མཐར་སེམས་ཁམས་ལ་གནད་དོན་བྱུང་སྟེ། བདེ་ཐང་ངང་འཚར་ལོངས་འབྱུང་བར་ཡང་བར་ཆད་འབྱུང་ངེས་ཤིང་། ལྷག་པར་བྱིས་པ་ནར་སོན་པའི་གོ་རིམ་ནི་དམིགས་བསལ་ཞིག་ཡིན་ཏེ། དཔེར་ན། སློབ་གྲྭར་ཞུགས་མ་ཐག་པའམ་ཡང་ན་སློབ་གྲྭ་བརྗེ་བའི་སྐབས་སུ་གནད་དོན་མང་པོ་ཞིག་ལ་གོམས་དགོས་པ་དང་། དེ་དུས་བྱིས་པའི་སེམས་ཁམས་བརྟན་འཇགས་མིན་པ་ནི་རྒྱུན་ལྡན་ཞིག་ཡིན་པས། ཕ་མས་བྱིས་པའི་ངོས་ནས་ཁོ་ཚོའི་ཚོར་བར་བསམ་ཤེས་དང་བཟོད་སྒོམ་བྱེད་དགོས་པ་ལས་ཚོད་འཛིན་དང་རྡུང་རྡེག་བྱེད་མི་རུང་། བཞི་ནི་བྱིས་པ་ངུ་འདོད་དུས་ངུ་རུ་འཇུག་དགོས་ལ། ངུ་བ་ནི་མིའི་རིགས་ཀྱི་དཀའ་སྡུག་གི་བསམ་ཚུལ་དང་བརྩེ་དུང་ཕྱིར་འདོན་པའི་སྣང་ཚུལ་ཞིག་ཡིན་ཞིང་། བྱིས་པར་མཚོན་ན་ངུ་བ་ནི་རང་གི་དགོས་མཁོ་སྐོང་བ་དང་རང་ཉིད་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ངུ་བར་དགེ་མཚན་མང་པོ་ཡོད་པ་དང་མིའི་སེམས་ཁམས་མི་སྐྱིད་པ་སེལ་ཐུབ་པས། མི་རྣམས་ཀྱི་གནོད་འཚེ་དང་གནོན་ཤུགས་ཀྱི་སྡུག་བསྔལ་ཇེ་ཆུང་དུ་གཏོང་ཐུབ། དེ་བས། བྱིས་པ་ངུས་ཚེ་ཕ་མ་ཁོང་ཁྲོ་ལངས་པའམ་བཙན་གྱིས་ངུ་བ་བཀག་འགོག་མི་བྱེད་པར། ཁོ་ཚོ་འོས་འཚམ་ངང་ངུ་རུ་བཅུག་ནས་སེམས་ཀྱི་སྡུག་བསྔལ་དང་བསམ་སྤྱོད་ངན་པ་ཕྱིར་འདོན་དུ་འཇུག་དགོས། ལྔ་ནི་བྱིས་པར་འོས་མཚམ་གྱི་བསམ་སྤྱོད་ཕྱིར་འདོན་པའི་ཐབས་ལམ་འཚོལ་རོགས་བྱེད་དགོས། བྱིས་པར་མི་དགའ་བའི་བསམ་སྤྱོད་བྱུང་དུས་འོས་འཚམ་ངང་ཕྱིར་འདོན་པའི་ཐབས་ལམ་འཚོལ་དུ་འཇུག་པ་སྟེ། དཔེར་ན། ལུས་རྩལ་སྦྱོང་བ་དང་གླུ་དབྱངས་ལ་ཉན་དུ་འཇུག་པ་དང་། ངུ་བ་དང་། མི་གཞན་ལ་སེམས་གཏམ་བཤད་པ་སོགས་ལྟ་བུ་བྱེད་དགོས། ད་དུང་བསམ་ཚུལ་དེ་རང་ཉིད་དང་གཞན་ལ་གནོད་འཚེ་མི་ཐེབས་པའི་སྐད་ཆ་དང་སྒྲ། བྱ་སྤྱོད་སོགས་ཀྱང་བསྒྱུར་ཆོག་པ་སྟེ། དཔེར་ན། རང་ཉིད་ཁང་བའི་ནང་དུ་བཅུག་སྟེ་སྐད་ཆེན་སྒྲོག་པ་དང་། སྔས་མགོ་རྡུང་བ་སོགས་བྱེད་དུ་འཇུག་པ་ལྟ་བུའོ། །
མིའི་སེམས་ཁམས་ནི་སྣོད་ཆས་ཤིག་དང་འདྲ་སྟེ། གལ་ཏེ་ཚོད་འཛིན་ཐེབས་པའི་བསམ་སྤྱོད་སེལ་མ་ཐུབ་ཚེ། ནམ་ཞིག་སྣོད་ཆས་དེ་འགད་སྲིད་པས། མི་ཞིག་གིས་བསམ་སྤྱོད་དང་ལེན་དང་། ཕྱིར་འདོན་ཐུབ་ན་ལུས་སེམས་མི་བདེ་བའི་གནས་ཚུལ་ཇེ་ཉུང་དུ་འགྲོ་སྲིད་ཅིང་། དེ་ལས་ལྡོག་སྟེ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བཟོད་སྒོམ་དང་ཚོད་འཛིན་བྱེད་མཁན་གྱི་མི་ཞིག་ཡིན་ཚེ་སེམས་ཁམས་ཐད་ཀྱི་གནད་དོན་འབྱུང་སླ། གལ་ཆེ་བ་ཞིག་ནི་བྱིས་པའི་མྱོང་ཚོར་དང་སེམས་ཁམས་ཀྱི་འགྱུར་ལྡོག་ངོ་མ་དེ་ཕྱིར་མངོན་པར་བརྩི་འཇོག་བྱས་ཏེ་ཁོ་ལ་བསམ་ཤེས་བྱེད་པ་དང་། ཁོའི་མྱོང་ཚོར་དངོས་དང་དགོས་མཁོ་གང་ཡིན་པ་དེར་རྒྱུས་ལོན་བྱེད་དགོས། བྱིས་པ་ཚོས་ཕ་མས་རང་ཉིད་དང་ལེན་དང་། བསམ་ཤེས་བྱེད་བཞིན་པ་ཚོར་སྐབས་ཁོ་ཚོའི་སེམས་ཁམས་སྔར་ལས་ལྷོད་འཇགས་སུ་གནས་ཐུབ་པས། ཕ་མས་རང་ཉིད་ལ་བཟུང་བའི་རྣམ་འགྱུར་ཁྲོད་མི་གཞན་དང་འབྲེལ་འདྲིས་བྱེད་ཚུལ་ལ་ཡང་སློབ་སྦྱོང་བྱེད་ཐུབ་བོ། །

འབྲེལ་ཡོད་འོས་སྦྱོར།