མའོ་ཙེ་ཏུང་གི་སྙན་ཚིག་རྒྱ་བོད་ཤན་སྦྱར།
རྩོམ་པ་པོ།:སྒྱུར་མཁན། སྙིང་ཐིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-28
ཀློག་གྲངས།:
《贺新郎·别友》
挥手从兹去。更那堪凄然相向,苦情重诉。眼角眉梢都似恨,热泪欲零还住。知误会前番书语。过眼滔滔云共雾,算人间知己吾和汝。人有病,天知否?今朝霜重东门路,照横塘半天残月,凄清如许。汽笛一声肠已断,从此天涯孤旅。凭割断愁丝恨缕。要似昆仑崩绝壁,又恰像台风扫寰宇。重比翼,和云翥。
གྲོགས་དང་གྱེས་པ།
ཞོགས་པར་ཤར་སྒོའི་ལམ་བུ་བ་མོས་གཡོགས༎ ཧིན་ཐང་མཁའ་རུ་ཆག་གྲུམ་ཟླ་བ་ཞིག ། འཆར་བ་དེའང་ཇི་འདྲིའི་འཁྱགས་པ་ལ༎ རླངས་འཁོར་དུང་སྒྲ་གྲག་པས་ཞེ་སེམས་སྨྲེང་༎ ད་ལྟ་ཉིད་ནས་ཁེར་རྐྱང་བཞུད་དགོས་སོང་༎ དུང་སེམས་དར་སྐུད་མ་ལུས་གཅོད་དགོས་འདུག ། ཁུ་ནུ་རི་བོའི་བྲག་ཐེམ་འགྱེལ་པའམ༎ རྫི་རླུང་དྲག་པོས་འཛིན་མ་འཕྱག་པ་བཞིན༎ ཡང་བསྐྱར་གཤོག་ཟུང་ཕན་ཚུན་སྒྲུན་བཞིན་དུ༎ སྤྲིན་པར་བསྡེབས་ཏེ་ཨ་སྔོན་མཐོངས་སུ་སྐྱོད༎
《沁园春·长沙》
独立寒秋,湘江北去,橘子洲头。看万山红遍,层林尽染;漫江碧透,百舸争流。鹰击长空,鱼翔浅底,万类霜天竞自由。怅寥廓,问苍茫大地,谁主沉浮?
携来百侣曾游。忆往昔峥嵘岁月稠。恰同学少年,风华正茂;书生意气,挥斥方遒。
指点江山,激扬文字,粪土当年万户侯。曾记否,到中流击水,浪遏飞舟?
ཁྲང་ཧྲ།
རྒོད་པོ་ཨ་སྔོན་མཐོན་པོར་ཤུགས་ཀྱིས་སྐྱོད༎ ཉ་མོ་ཆུ་བོའི་ཞབས་སུ་འཁྱུག་འགྲོས་རྩེན༎ ཀུན་ཀྱང་སྟོན་མདངས་ཁྲོད་དུ་རང་དབང་འཚོལ༎ སྲིད་པའི་ཕ་མཐའ་རིང་མོར་ཁ་གཏད་དེ༎ མཐའ་ཡས་ས་ཆེན་འདི་ཡི་དར་རྒུད་ལ༎ བདག་པོ་རྒྱག་མཁན་སུ་ཞེས་སྐྱོ་བཞིན་དྲིས༎
སྡོངས་གྲོགས་དག་བཅས་གནས་འདིར་རྒྱུ་བྱས་པའི༎ ཁྱད་དུ་འཕགས་པའི་ལོ་ཟླ་གང་མང་དྲན༎ ཏག་ཏག་གཞོན་ནུ་ལང་ཚོའི་འདབ་རྒྱས་པའི༎ སློབ་གྲོགས་རྣམས་ལ་ཤེས་རབ་སྙིང་སྟོབས་རྫོགས༎
མངའ་རིས་གླེང་ཞིང་འདོར་ལེན་རྩོམ་ཡིག་བྲིས༎ དཔོན་ངན་མ་ལུས་གཤང་གཅི་བཞིན་དུ་ལྟ༎ གཙང་བོའི་འཇིངས་སུ་སྐྱལ་རྩལ་འཇུག་པའི་ཚེ༎ རླབས་རྒྱུན་དྲག་པོས་ཤར་རྒྱུགས་གྲུ་གཟིངས་ཀྱང་༎ འགོག་པར་རྩོམ་པའི་ཚུལ་དེ་ཨེ་དྲན་ནམ༎
《菩萨蛮·黄鹤楼》
茫茫九派流中国,沉沉一线穿南北。
烟雨莽苍苍,龟蛇锁大江。
黄鹤知何去,剩有游人处。
把酒酹滔滔,心潮逐浪高!
烟雨莽苍苍,龟蛇锁大江。
黄鹤知何去,剩有游人处。
把酒酹滔滔,心潮逐浪高!
ཁྲུང་སེར་ཐོག་ཁང་།
ཡན་ལག་དགུ་ལྡན་ཀྲུང་གོའི་དབུས་སུ་བཞུར༎ བརྗིད་ཆགས་ལམ་ཐིག་ལྷོ་བྱང་སྦྲེལ་ནས་མཆིས༎
ཆུ་འཛིན་གྲུ་ཆར་འཇོ་ཞིང་སྨུག་ལང་ལོང་༎ རུས་སྦལ་དང་ནི་སྦྲུལ་རིས་འབྲུ་ཆུ་བསྡམས༎
ཁྲུང་སེར་གང་དུ་འཕུར་སོང་སུས་ཤེས་སམ༎ཕྱོགས་ཀྱི་མགྲོན་པོ་ཙམ་ལས་ཅང་མ་མཆིས༎
ཆང་གི་མཆོད་པ་འབྲུ་ཆུར་བྲན་ཙ་ན༎ སེམས་ཀྱི་མཆོངས་ལྡིང་རླབས་རྒྱུན་ལས་ཀྱང་མཐོ༎
ཆུ་འཛིན་གྲུ་ཆར་འཇོ་ཞིང་སྨུག་ལང་ལོང་༎ རུས་སྦལ་དང་ནི་སྦྲུལ་རིས་འབྲུ་ཆུ་བསྡམས༎
ཁྲུང་སེར་གང་དུ་འཕུར་སོང་སུས་ཤེས་སམ༎ཕྱོགས་ཀྱི་མགྲོན་པོ་ཙམ་ལས་ཅང་མ་མཆིས༎
ཆང་གི་མཆོད་པ་འབྲུ་ཆུར་བྲན་ཙ་ན༎ སེམས་ཀྱི་མཆོངས་ལྡིང་རླབས་རྒྱུན་ལས་ཀྱང་མཐོ༎
《西江月·井冈山》
山下旌旗在望,山头鼓角相闻。敌军围困万千重,我自岿然不动。早已森严壁垒,更加众志成城。黄洋界上炮声隆,报道敌军宵遁。
རི་བོ་ཅིན་ཀང་།
བཙན་རྫོང་མཁྲེགས་པོ་སྔར་ནས་བཟུང་ཡོད་ཅིང་༎ ལྕགས་རི་ར་བ་བཞིན་དུ་མཐུན་སྒྲིལ་དམ༎ ཧོང་ཡཱང་ས་མཚམས་སྒྱོགས་སྒྲ་མཆེད་པ་ན༎ ཕོ་ཉ་ཐོན་ཞིང་དགྲ་དམག་མཚན་གཞུང་བྲོས༎
《清平乐·蒋桂战争》
风云突变,军阀重开战。洒向人间都是怨,一枕黄粱再现。红旗跃过汀江,直下龙岩上杭。收拾金甄一片,分田分地真忙。
ཅང་ཀོས་འཐབ་འཛིང་།
དར་དམར་ཐིན་ཅང་གཙང་བོ་བརྒལ་ཏེ་ཆས༎ ལུང་ཡན་དང་ནི་ཧྲང་ཧང་རྫོང་དུ་སྙེག །ནོར་འཛིན་ས་ཡི་ཡུག་ཙམ་བླངས་བྱས་ཏེ༎ ཞིང་ས་བགོ་བའི་ལས་ལ་ཡོངས་སུ་བྲེལ༎
《采桑子·重阳》
人生易老天难老,岁岁重阳。今又重阳,战地黄花分外香。一年一度秋风劲,不似春光。胜似春光,寥廓江天万里霜。
དགུ་པའི་ཚེས་དགུ།
ལོ་རེར་སྟོན་རླུང་ཤུགས་ཀྱིས་ལྡང་འོངས་པ༎ དཔྱིད་ཀྱི་དཔལ་མོའི་དོ་ཟླར་མི་འགྲོ་མོད༎ རྔམ་བརྗིད་དཔྱིད་ཀྱི་མཛེས་པའི་མཆོག་ཡིན་ཏེ༎ མཐའ་ཡས་གཙང་བོའི་ནམ་མཁར་སྟོན་མདངས་རྫོགས༎
《如梦令·元旦》
宁化、清流、归化,路隘林深苔滑。今日向何方,直指武夷山下。山下山下,风展红旗如画。
གནམ་ལོ་གསར་ཚེས།
《减字木兰花·广昌路上》
漫天皆白,雪里行军情更迫。头上高山,风卷红旗过大关。此行何去?赣江风雪迷漫处。命令昨颁,十万工农下吉安。
ཀོང་ཁྲང་ལམ་དུ།
ཐེངས་འདིར་ཡུལ་ཕྱོགས་གང་དུ་ཆས་ཤེ་ན༎ ཀན་ཅང་གཙང་བོར་གངས་རླུང་རྒོད་པའི་གནས༎ བཀོད་འདོམས་བཀའ་རྒྱ་ཁ་སང་བསྒྲགས་ནས་བྱུང་༎ བཟོ་ཞིང་འབུམ་ཕྲག་ཅི་ཨན་རྒོལ་ལ་འཇུག །
《蝶恋花·从汀州向长沙》
六月天兵征腐恶,万丈长缨要把鲲鹏缚。赣水那边红一角,偏师借重黄公略。百万工农齐踊跃,席卷江西直捣湘和鄂。国际悲歌⑾歌一曲,狂飙为我从天落。
ཐིན་ཀྲུའུ་ནས་ཁྲང་ཧྲ་རུ་སྐྱོད་པ།
བཟོ་ཞིང་ཁྲི་ཕྲག་མཉམ་དུ་དཔུང་འཇུག་ལས་ལ་རེམ༎ ཅང་ཞིར་ཡོ་ལང་བསྒྱུར་ཅིང་ཧུའུ་ནན་ཧུའུ་པེར་བཙུད༎ རྒྱལ་སྤྱིའི་སྐྱོ་ཤུར་གླུ་དབྱངས་དབྱངས་རྟར་དྲངས་པ་ན༎ རླུང་འཚུབ་དྲག་པོ་ངེད་ཀྱི་ཕྱིར་དུ་གནམ་ལས་བབས༎
《渔家傲·反第一次大围剿》
万木霜天红烂漫,天兵怒气冲宵汉。雾满龙冈千嶂暗,齐声唤,前头捉了张辉瓒。二十万军重入赣,风烟滚滚来天半。唤起工农千百万,同心干,不周山下红旗乱。
ཐེངས་དང་པོའི“སྐོར་བཅོམ”ཆེན་མོ་ལ་རྒོལ་བ།
དགྲ་དམག་ཉིས་འབུམ་ཡང་བསྐྱར་རྒོལ་བ་རྩོམ༎ རྡུལ་འཚུབ་དྲག་པོས་གནམ་མཐའ་ཕྱེད་ཙམ་བསྒྲིབས༎ བཟོ་ཞིང་འབངས་སེར་ཁྲི་ཕྲག་སད་བྱས་ཏེ༎ པུའུ་ཀྲུའུ་རི་འདབས་དར་དམར་འདུ་འཛི་རྒོད༎
《叠渔家傲·反第二次大围剿》
白云山头云欲立,白云山下呼声急,枯木朽株齐努力。枪林逼,飞将军自重霄入。七百里驱十五日,赣水苍茫闽山碧。横扫全军如卷席。有人泣,为营步步嗟何及!
ཐེངས་གཉིས་པའི“སྐོར་བཅོམ”ཆེན་མོ་ལ་རྒོལ་བ།
སྤྲིན་དཀར་རི་བོའི་དབུ་རྩེར་ཆུ་འཛིན་འཁྲུགས༎ སྤྲིན་དཀར་རི་བོའི་ཞོལ་དུ་ཀྭི་བསོ་རྒོད༎ ལྗོན་པ་ཤིང་ཕྲན་དག་ཀྱང་མཉམ་དུ་འབད༎ དམར་དམག་དག་ནི་ལྷ་ཡི་དམག་ཚོགས་བཞིན༎ སྤྲིན་རུམ་བརྟོལ་ཅིང་མདའ་མདུང་གཙེས་ཏེ་བསླེབས༎
ཉིན་ཞག་བཅོ་ལྔར་ཀན་ཧྲོས་ཆུ་ཆེན་ནས༎ མིན་ཧྲན་སྔོ་རིར་ལེ་བར་བདུན་བརྒྱ་བརྒལ༎ སྟོང་དམག་འཇག་རྩྭ་བྲེགས་ལྟར་ཚར་དུ་བཅད༎ གོམ་རེར་སྒར་རེ་བཏབས་པ་འབྲས་མེད་ཅེས༎ ངུད་མོ་སྨྲེ་ངག་བཏོན་ཡང་ཕན་རེ་སྐན༎
《菩萨蛮·大柏地》
赤橙黄绿青蓝紫,谁持彩练当空舞?雨后复斜阳,关山阵阵苍。当年鏖战急,弹洞前村壁。装点此关山,今朝更好看。
རི་ཁུལ་ཏ་པའེ་ཏེ།
ལོ་དེར་དྲག་པོའི་འཐབ་འཛིང་སྦྱོར་བ་བརྩམས་བྱས་པས༎ མེ་མདས་མདུན་ཕྱོགས་སྡེ་བའི་གྱང་ལ་ཨུ་ཁུང་བརྟོལ༎ རི་བྲག་འདི་དག་ངོས་སུ་ཨུ་ཁུང་འཕྲ་བཏབ་པ༎ དེ་རིང་འདི་གོ་རྨད་བྱུང་མཛེས་ལྗོངས་ཉིད་དུ་ལྟ༎
《清平乐·会昌》
东方欲晓,莫道君行早。踏遍青山人未老,风景这边独好。会昌城外高峰,颠连直接东溟。战士指看南粤,更加郁郁葱葱。
ཧོས་ཁྲང་།
ཧོས་ཁྲང་རྫོང་མཁར་ཕྱི་ཡི་རི་རབ་ཕྲེང་༎ ཐད་གར་ཏུང་ཧེ་མཚོ་ལ་སྦྲེལ་ནས་མཆིས༎ འཐབ་མོ་བ་དག་ཀོང་ཏུང་མཛུབ་མོས་སྟོན། །དེ་རུ་སྔོ་ལྗང་གཡུ་ལོ་ལྷག་ཏུ་རྒྱས༎
《十六字令·三首》
其一山,快马加鞭未下鞍。惊回首,离天三尺三。
其二
山,倒海翻江卷巨澜。奔腾急,万马战犹酣。
其三
山,刺破青天锷未残。天欲坠,赖以拄其间。
ཡིག་འབྲུ་བཅུ་དྲུག་མའི་སྙན་ཚིག་གསུམ།
རི་མཐོན་པོ་རྟ་ཕོར་སྐུལ་ཏེ་འཛེགས༎ ཕྱིར་ལྟ་དུས་མགོ་བོ་གནམ་ལ་རེག།
གཉིས་པ།
རི་མུ་ཁྱུད་རྒྱ་མཚོའི་རླབས་ལྟར་འཕྱོ༎ བང་མགྱོགས་པ་གཡུལ་གཤམ་དཔུང་ཚོགས་བཞིན༎
གསུམ་པ།
རི་གཟར་མོ་ཨ་སྔོན་གཤགས་པའི་གྲི༎ གནམ་མི་ལྷུང་ཡར་འདེགས་ཀ་བར་ངེས༎
《忆秦娥·娄山关》
西风烈,长空雁叫霜晨月。霜晨月,马蹄声碎,喇叭声咽。雄关漫道真如铁,而今迈步从头越。从头越,苍山如海,残阳如血。
ལིག་ཧྲན་ཀོན།
འབའ་ཞིག་འགག་འཕྲང་ལྕགས་ལྟར་འགོ་དཀའ་ཟེར༎ དེ་རིང་གོམ་སྟབས་ཆེན་པོས་བསྐྱར་དུ་འཇུག། བསྐྱར་དུ་འཇུག་དང་རི་ཀླུང་རྒྱ་མཚོ་འདྲ༎ ནུབ་ཁའི་ཉི་མ་དམར་བོ་ཁྲག་དང་འདྲ༎
《七律·长征》
红军不怕远征难,万水千山只等闲。
五岭逶迤腾细浪,乌蒙磅礴走泥丸。
金沙水拍云崖暖,大渡桥横铁索寒。
更喜岷山千里雪,三军过后尽开颜。
五岭逶迤腾细浪,乌蒙磅礴走泥丸。
金沙水拍云崖暖,大渡桥横铁索寒。
更喜岷山千里雪,三军过后尽开颜。
རྒྱང་སྐྱོད།
རྒྱང་སྐྱོད་དཀའ་ཞེས་དམར་དམག་ཡེ་མི་སྐྲག ། རི་ཆུ་ཁྲི་ཕྲག་མིག་གི་སྤྱོད་ཡུལ་ཙམ༎
སྒང་ལྔའི་ཕྲེང་བསྟར་ཆུ་རླབས་བརྒལ་བ་ཉིད༎ རི་རབ་ཝོ་མཱིན་རྡོག་འོག་འདམ་རིལ་འདྲ༎
འབྲི་ཆུ་བྲག་ལ་རྡེག་པའི་གཟེགས་མ་འཚེར༎ རྔུལ་ཆུའི་ཟམ་པའི་དཔྱངས་ཐག་ལྕགས་ནག་འཁྱག །
རི་བོ་མེང་ཧྲན་གངས་ཀྱིས་རབ་བཀླུབས་ཀྱང་༎ དམག་དཔུང་བསྐྱོད་མཐར་དགའ་བའི་ཉམས་འདི་སྤྲོ༎
སྒང་ལྔའི་ཕྲེང་བསྟར་ཆུ་རླབས་བརྒལ་བ་ཉིད༎ རི་རབ་ཝོ་མཱིན་རྡོག་འོག་འདམ་རིལ་འདྲ༎
འབྲི་ཆུ་བྲག་ལ་རྡེག་པའི་གཟེགས་མ་འཚེར༎ རྔུལ་ཆུའི་ཟམ་པའི་དཔྱངས་ཐག་ལྕགས་ནག་འཁྱག །
རི་བོ་མེང་ཧྲན་གངས་ཀྱིས་རབ་བཀླུབས་ཀྱང་༎ དམག་དཔུང་བསྐྱོད་མཐར་དགའ་བའི་ཉམས་འདི་སྤྲོ༎
《念奴娇·昆仑》
横空出世,莽昆仑,阅尽人间春色。飞起玉龙三百万,搅得周天寒彻。夏日消溶,江河横溢,人或为鱼鳖。千秋功罪,谁人曾与评说?而今我谓昆仑,不要这高,不要这多雪。安得倚天抽宝剑,把汝裁为三截?一截遗欧,一截赠美,一截还东国。太平世界,环球同此凉热。
ཁུ་ནུ།
དེ་རིང་བདག་གིས་ཁུ་ནུར་བརྗོད་པར་བྱ༎ རི་རྩེ་མ་མཐོ་གངས་ཀྱིས་མ་གཟུང་ཞིག ། ཨ་སྔོན་དབྱིངས་སུ་རལ་གྲི་གདེངས་བྱུང་སྟེ༎ གང་ཁྱོད་གས་གསུམ་ཇི་ལྟར་གཏོང་ཞེ་ན༎ གས་གཅིག་ཡོ་རོལ་ཅིག་ཤོས་ཨ་རུར་སྦྱིན༎ གཞན་དེ་ཤར་གྱི་རྒྱལ་ཁབ་དག་ལའོ༎ འཛམ་གླིང་ཞི་བདེ་དཔལ་ལ་བཀོད་ན་ཡང་༎ འཇིག་རྟེན་ཁམས་འདི་སྔར་བཞིན་འཁྱག་ཅིང་དྲོ༎
《清平乐·六盘山》
天高云淡,望断南飞雁。不到长城非好汉,屈指行程二万。六盘山上高峰,红旗漫卷西风。今日长缨在手,何时缚住苍龙?
རི་བོ་ལིའུ་ཕན་ཧྲན།
རི་བོ་ལིའུ་ཕན་ཧྲན་གྱི་དབུ་རྩེ་བསྙེགས༎ ནུབ་རླུང་དྲག་པོས་དར་དམར་ལྷམ་མེར་བསྐྱོད༎ ཞགས་ཐག་རིང་མོ་བདག་གིས་ད་འཆང་ཡོད༎ བཙན་རྒོད་གཡུ་འབྲུག་ནམ་ཚེ་འཆིང་འགྱུར་རམ༎
《沁园春·雪》
北国风光,千里冰封,万里雪飘。望长城内外,惟余莽莽;大河上下,顿失滔滔。山舞银蛇,原驰蜡象,欲与天公试比高。须晴日,看红妆素裹,分外妖娆。江山如此多娇,引无数英雄竞折腰。惜秦皇汉武,略输文采;唐宗宋祖,稍逊风骚。一代天骄,成吉思汗,只识弯弓射大雕。俱往矣,数风流人物,还看今朝。
ཁ་བ།
མངའ་རིས་འདི་འདྲའི་སྒེག་ཅིང་དཔའ་རྒོད་གྲངས་མེད་འགྱེལ༎ ཆིན་ཧོང་ཧན་ཝུའུ་གོང་མར་རྩོམ་པའི་ཡོན་ཏན་ཅུང་ཙམ་དམན༎ ཐང་ཙུང་སུང་ཙུའུ་གོང་མར་ཞི་བའི་དབང་གྲགས་ཆ་ཙམ་ཞན༎ དུས་རབས་ཤིག་གི་གནམ་བསྐོས་གོང་མ་ཇིང་གིར་རྒྱལ་པོས་ཀྱང་༎ གཞུ་མོ་བཀང་ནས་ནམ་མཁའི་བྱ་གླག་གསོད་ཤེས་ཉིད་དུ་ཟད༎ གང་དག་འདས་སོང་ཉིད་དོ་དཔལ་གྱི་སྐྱེ་བུ་ད་ལྟར་འབྱོན༎
《七律·人民解放军占领南京》
钟山风雨起苍黄,百万雄师过大江。虎踞龙盘今胜昔,天翻地覆慨而慷。宜将剩勇追穷寇,不可沽名学霸王。天若有情天亦老,人间正道是沧桑。
མི་དམངས་བཅིངས་འགྲོལ་དམག་གིས་ནན་ཅིན་བླངས་པ།
གླགས་འདིར་ངར་ཤུགས་རྩལ་སྤྲུགས་ཕམ་ཇག་རྡུལ་དུ་རློགས༎ གྲགས་སྐམ་གཡར་ཏེ་ཁྲའོ་རྒྱལ་ཤང་དབྱིའི་ཟླར་འགྲོ་མིན༎ གནམ་ལ་བརྩེ་བ་ཡོད་ཚེ་གནམ་ཡང་སྐྱོ་བཞིན་རྒ༎ ཆགས་ཤིང་འཇིག་པ་འདི་གོ་འཇིག་རྟེན་ཆོས་ཉིད་ཡིན༎
《七律·和柳亚子先生》
饮茶粤海未能忘,索句渝州叶正黄。三十一年还旧国,落花时节读华章。牢骚太盛防肠断,风物长宜放眼量。莫道昆明池水浅,观鱼胜过富春江。
སྐུ་ཞབས་ལིའུ་ཡ་ཙིར་ལན་དུ།
འཁང་ར་ཆེ་ན་འབྱུང་ཁམས་གནོད་པས་སྐྱོ་བ་སྐྱུངས༎ ཡུལ་ལྗོངས་བཀོད་པས་མིག་དབང་གསོ་ཕྱིར་མཐོང་རྒྱ་གློད༎ ཁུང་མིང་རྫིང་བུ་གཏིང་མི་ཟབ་ཅེས་མ་བརྗོད་ཅིག ། རྫིང་ཉར་ལྟ་རོལ་ཟླ་ལ་ཧྥུའུ་ཁྲུན་གཙང་བོས་མིན༎
《浣溪沙·和柳亚子先生》
长夜难明赤县天,百年魔怪舞翩跹,人民五亿不团圆。
一唱雄鸡天下白,万方乐奏有于阗,诗人兴会更无前。
སྐུ་ཞབས་ལིའུ་ཡ་ཙིར་ལན་དུ།
བྱ་ཕོ་སྐད་གཟེངས་ཤིག་གིས་སྐྱ་རེངས་གཏོར༎ ཕྱོགས་ཀྱི་གླུ་གར་འཁྲབ་ལ་ཡུ་གུར་མཆོག ། སྙན་ངག་པ་ཡི་དགའ་མགུ་སྔ་ན་མེད༎
འབྲེལ་ཡོད་འོས་སྦྱོར།